YouVersion Logo
Search Icon

མར་ཀུ། 9

9
1དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དུ་རུ་ལངས་མཁན་ཀྱ་ནས་རིང་འགའ་ཡིས་དཀོན་མཆོག་གི་རྒྱལ་སྲིད་དབང་ལ་ཕེབས་ཀྱིན་གོ་མ་མཇལ་གྱིན་ཐུག་པའི་ཤི་གི་མ་ལགས་སྨྲས་རེ་ང་བདེན་པ་རང་སྨྲ་ཡིན།
ཡེ་ཤུའི་སྐུ་དབྱིབས་འགྱུར་བ།
(མད་ཐཱ། ༡༧:༡-༡༣; ལུ་ཀ། ༩:༢༨-༣༦)
2ཞག་མོ་དྲུག་གི་གཤམ་ལ་ཡེ་ཤུ་ཡིས་པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་ལ་རང་མུ་ལ་ཁྲིད་དེ་རི་མཐོ་བ་ཞིག་ལ་ཁོང་པ་ཀྱ་གཅིག་ཀ་ཕེབས་པ་ལགས། དེ་ནས་ཁོང་ཀྱ་ཡི་གདོང་དུ་ཡེ་ཤུ་ཡི་སྐུ་དབྱིབས་འགྱུར་པ་ལགས། 3དེ་ནས་ཁོང་པ་ཡི་ན་བཟའ་གོ་འོད་བརྒྱབ་སྟེ་འཇིག་རྟེན་དུ་འཁྲུད་ཀྱིན་སུས་འང་འཁྲུད་རེ། འོ་དེ་རེ་དཀར་བོ་བཟོ་མི་ཐུབ་ཀྱིན་དཀར་བོ་བྱུང་བ་ལགས།
4འོ་དུ་རུ་ཁོང་ཀྱ་ཡི་གདོང་དུ་ཨེ་ལི་ཡཱ་དང་མོ་ཤེ་ཕེབས་ཏེ་ཡེ་ཤུ་མུ་ལ་གསུང་ལ་གསུངས་ཀྱིན་གོ་མཐོང་བ་ལགས། 5-6ཁོང་ཀྱ་དམི་ཅིག་གི་འཇིགས་ཏེ་དེ་ནས་པེ་ཏྲོ་ཡིས་གིའང་ཞུ་མ་ཤེས་པ་ཡེ་ཤུ་ལ་དེ་རེ་ཞུས་བ་ལགས། སློབ་དཔོན་ལགས། འེ་ཀྱ་དུ་རུ་འོད་ཀྱིན་གོ་དགའ་བྱུང་སོང་། ད་ཁོང་པ་ལ་གཅིག་དང་། མོ་ཤེ་ལ་གཅིག་དང་། ཨེ་ལི་ཡཱ་ལ་གཅིག་བྱས་རེ་འི་ཀིས་བཞུགས་ས་གསུམ་བཟོ་བོ། 7དེ་ནས་སྲིང་གཅིག་གིས་ཁོང་པ་ཀྱ་ལ་གཏུམས་ཏེ་འོ་དེ་སང་ནས་སྐད་གཅིག་གིས་དེ་རེ་གསུངས་བ་ལགས། འདི་ངའི་སྲས་དྲིན་ཅན་གོ་ཡིན། ཁོའི་ཁ་ལ་ཉན་ཞིག 8དེ་ནས་ལམ་སང་ཧ་ལ་ཚུར་ལ་བལྟས་གང་ལ་ཁོང་ཀྱ་ཡིས་ཡེ་ཤུ་མ་ན་གཞན་མ་སུ་ལའང་འོ་དུ་རུ་མ་མཐོང་བ་ལགས།
9རི་ནས་མ་ལ་བབ་བའི་གང་ལ། ཡེ་ཤུ་ཡིས་ཁོང་ཀྱ་ལ་མིའི་བུ་འཆི་བ་ནས་ཡར་ལ་མ་བཞེངས་ཀྱིན་ཐུག་པའི། འདི་ལབ་དེ་སུ་ལའང་མ་བཤད་གསུངས་རེ་བཀའ་གནང་བ་ལགས། 10ཁོང་ཀྱ་ཡིས་ལབ་དེ་རང་གི་སེམས་ལ་བཞག་པ་ལགས། ཡིན་ནའང་འཆི་བ་ནས་གསོན་པོ་བཞེངས་ཀྱིན་གྱི་དོན་དག་གོ་གི་ཡིན་གྲོའི་སྨྲས་རེ་གཅིག་གིས་གཅིག་ལ་དྲིས་བ་ལགས།
11ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་གི་བྱས་རེ་ཨེ་ལི་ཡཱ་ཨེན་ལ་ཕེབས་དགོས་ཀྱི་ལགས་གསུངས་ང་ལེ།
12དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཨེ་ལི་ཡཱ་ཨེན་ལ་ཕེབས་ཏེ་གི་རི་གསར་པ་བཟོ་གི་ལགས། ད་ཧ་ན་མིའི་བུ་ཡིས་སྡུག་པོ་མང་ང་མྱངས་དགོས་གུ་ལགས། དེ་ནས་གི་རི་ཡིས་མི་བརྩི་གི་ལགས་སྨྲས་རེ་གསུང་རབ་ལ་གང་གི་བྱས་རེ་བྲིས་འདུག་བོ། 13ཡིན་ནའང་ང་ཁྱོད་ཀྱ་ལ་སྨྲ་ཡིན། ཨེ་ལི་ཡཱ་འོངས་ཚར་ལགས། དེ་ནས་ཁོའི་སྐོར་ལ་བྲིས་བྲ་ཅོག་རེ་ཁོང་ཀྱ་ཡིས་གི་འཐད་ཀྱིན་གོ་ཁོ་ལ་བྱས་བ་ལགས།
འདྲེ་འཛུལ་ཛ་བི་ཛ་གཅིག་དྲག་པ།
(མད་ཐཱ། ༡༧:༡༤-༢༡; ལུ་ཀ། ༩:༣༧-༤༣)
14དེ་ནས་ཁོང་པ་ཀྱ་ཉེ་གནས་གཞན་མ་ཀྱ་རྩ་རུ་ཕེབས་བའི་གང་ལ། མི་ཚོགས་ཆེ་གཅིག་གི་གུང་དུ་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ཉེ་གནས་ཀྱ་མུ་ལ་རྩོད་བརྒྱབ་ཀྱིན་གོ་གཟིགས་པ་ལགས། 15དེ་ནས་མི་ཚོགས་ཀྱ་ཡིས་ཡེ་ཤུ་ལ་མཇལ་ལུང་མེད་ད་ལ་ཁོང་ཀྱ་དམི་ཅིག་གི་ཧ་ལས་རེ་ཁོང་པ་རྩ་རུ་བང་བཏང་རེ་འོངས་བ་ལགས། དེ་ནས་ཁོང་པ་ལ་ཕེབས་བསུ་ཞུས་བ་ལགས།
16ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་དྲི་བ་བཏང་ང་མཛད་པ་ལགས། ཁྱེད་ཀྱ་ཁོང་ཀྱ་མུ་ལ་གི་སྐོར་ལ་རྩོད་བརྒྱབ་བ།
17མི་ཚོགས་ཀྱི་ཁོག་ནས་མི་གཅིག་གིས་ལན་བསློགས་པ་ལགས། སློབ་དཔོན་ལགས། ཁོང་པ་ཡི་དྲུང་དུ་ངའི་བི་ཛ་ཁྲིད་དེ་འོངས་འོད། བི་ཛ་འདི་ལ་འདྲེ་འཛུལ་ཛ་བྱས་རེ་ལབ་བཏང་མི་ཐུབ་ཀྱིན་བྱུང་འདུག། 18འདྲེ་ཡིས་ཁོ་ལ་ཟིམ་བའི་གང་ལ། ནམ་ཡིན་ན་ཁོ་ལ་ས་ལ་བརྡབས་བའི། དེ་ནས་ཁོའི་ཁ་ནས་ལྦུ་བ་བཏོན་ཏེ་སོ་ཀྱ་ཁྲིག་བའི། དེ་ནས་ཁོའི་གཟུགས་གི་རི་བསྡམས་མའི། འོ་བྱས་རེ་ངས་ཁྱེད་རང་གི་ཉེ་གནས་ཀྱ་ལ་འདྲེ་དེ་བཏོན་རོགས་བྱེད་སྨྲས་རེ་ཞུས་བའི། ཡིན་ནའང་ཁོང་ཀྱ་ཡིས་བཏོན་ཐུབ་ཀྱི་མིན་འདུག
19དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དད་པ་མེད་ཀྱིན་མི་རབས་ཀྱ་བོ། ང་ཁྱེད་ཀྱ་མུ་ལ་ནམ་ཐུག་པའི་བསྡད་ཡས། ཁྱེད་ཀྱ་ལ་ནམ་ཐུག་པའི་བཟོད་པ་བྱེད་ཡས། བི་ཛ་འདི་ལ་ངའི་རྩ་རུ་འཁྲིད་དེ་ཤོག 20ཁོང་ཀྱ་ཡིས་བི་ཛ་གོ་ལ་ཁྲིད་དེ་འོངས་བ་ལགས། དེ་ནས་ཁོང་པ་ལ་མཇལ་ལུང་མེད་ད་ལ་འདྲེ་ཡིས་བི་ཛ་གོ་ལ་ས་ལ་བརྡབས་པ་ལགས། དེ་ནས་ཁོའི་ཁ་ནས་ལྦུ་བ་ཐོན་ཏེ་འགྲེ་ལོག་བརྒྱབ་པ་ལགས།
21དེ་ནས་ཡེ་ཤུ་ཡིས་ཨ་རྒས་གོ་ལ་དྲི་བ་བཏང་ང་མཛད་པ་ལགས། དེ་རེ་བྱུང་རེ་ག་ཚོད་འགྲོའི་བོ།
དེ་ནས་ཨ་རྒས་ཀྱིས་སྨྲས་བ་ལགས། ཁོ་ཅི་མེ་ནས་ཧ་ལ་རང་དེ་རེ་བྱུང་སོང་། 22དེ་ནས་ཁོ་ལ་བསད་ཡས་ལ་ཐེངས་མ་དམི་ཅིག་གི་མང་འདྲེ་ཡིས་ཁོ་ལ་མེ་དང་ཆུ་ནང་དུ་གཡུགས་སོང་། ཡིན་ནའང་ཁྱེད་རང་གིས་མཛད་ཐུབ་ཡས་འོད་ན། འེ་ལ་སྙིང་རྗེ་གཟིགས་ཏེ་འེ་ལ་རོགས་བ་མཛད་རོགས་གནང་།
23ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། མཛད་ཐུབ་ན་སྨྲས་རེ་གི་བྱས་རེ་སྨྲ་ལེ། དད་པ་བྱེད་ན། བྱེད་མི་ཐུབ་ཡས་གིའང་མེད་ད་ལགས།
24ལམ་སང་ཨ་རྒས་ཀྱིས་སྐད་བརྒྱབ་སྟེ་སྨྲས་བ་ལགས། ང་དད་པ་བྱེད་འདིག་འོད། ཡིན་ནའང་ངའི་དད་པ་སྐྱོ་བ་འདུག ང་ལ་དད་པ་བྱེད་ཡས་ལ་རོགས་བ་མཛད་རོགས་གནང་།
25ཡེ་ཤུ་ཡིས་མི་ཚོགས་ཀྱ་རུབས་ཏེ་ཁོ་རང་རྩ་རུ་འོང་གིན་གོ་གཟིགས་བའི་གང་ལ། ཁོང་པ་ཡིས་འདྲེ་གོ་ལ་བཀའ་བཀྱོན་གནང་བ་ལགས། ཡེ། ལབ་བཏང་མི་ཐུབ་ཀྱིན་དང་ཉན་མི་ཐུབ་ཀྱིན་འདྲེ་ཁྱོད། ཁོ་ནས་ཐོན། དེ་ནས་ཡང་ཁོའི་ནང་དུ་ཕུ་ཀི་མ་འཛུལ་སྨྲས་རེ་ང་ཁྱོད་ལ་བཀའ་སྟེར་ར་ཡིན། 26དེ་ནས་འདྲེ་གོ་ཕེ་ར་བརྒྱབ་སྟེ། བི་ཛ་གོ་ལ་ས་ལ་དམི་ཅིག་གི་ཨ་བརྡབས་ཏེ་འོ་དེ་ནས་ཐོན་པ་ལགས། བི་ཛ་གོ་རོ་ཅོག་རེ་ལ་གྱུར་ཏེ་མི་མང་ཆེ་ཡིས་ཁོ་ཤི་སོང་སྨྲས་བ་ལགས། 27ཡིན་ནའང་ཡེ་ཤུ་ཡིས་ཁོའི་ལག་པ་ནས་ཟིམ་ཏེ་ཡར་ལ་བསླངས་ང་མཛད་པ་ལགས། དེ་ནས་ཁོ་ལངས་བ་ལགས།
28དེ་ནས་ཁོང་པ་ཁྱིམ་དུ་ཕེབས་ཏེ་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཟུར་ལ་ཞུས་བ་ལགས། འེ་ཀྱ་ཡིས་གི་བྱས་རེ་འོ་དེ་ལ་བཏོན་མ་ཐུབ་པ་ལེ།
29དེ་ནས་ཁོང་པ་ཡིས་གསུངས་བ་ལགས། དེ་རེ་ཀྱ་སྨོན་ལམ་ནས་མ་ན་ག་ནས་འང་བཏོན་མི་ཐུབ་ཀྱི་ལགས།
30དེ་ནས་ཁོང་པ་ཀྱ་འོ་དེ་ནས་ཐོན་ཏེ་ག་ལིལ་ཡུལ་ཕྱོགས་ནས་ཕེབས་པ་ལགས། ཁོང་པ་ཀྱ་ག་རུ་འོད་ཀྱིན་གོ་མི་ཀྱ་ཡིས་ཧ་མ་གོ་ར་ཤོག་སྨྲས་རེ་ཡེ་ཤུ་ཡིས་འོ་དེ་གོ་མཉེས་བ་མཛད་པ་ལགས། 31གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཉེ་གནས་ཀྱ་ལ་དེ་རེ་གསུངས་རེ་ཆོས་སྟོན་མཛད་དེ་འོད་ད་ལགས། མིའི་བུ་ནི་མི་ཀྱ་ཡི་ལག་པ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་བསད་ཀྱི་ལགས། དེ་ནས་ཁོ་ལ་བསད་དེ་ཞག་མོ་གསུམ་གྱི་གཤམ་ལ་ཁོ་འཆི་བ་ནས་གསོན་གྱི་ལགས། 32ཡིན་ནའང་ཉེ་གནས་ཀྱ་ཡིས་གསུང་ལ་འདིའི་དོན་དག་གོ་ཧ་མ་གོ་པ་ལགས། དེ་ནས་དྲི་བ་ཞུ་ཡས་ལ་འཇིགས་པ་ལགས།
ཉེ་གནས་ཀྱ་ནང་ནས་ཆེ་སུ་འོང་ཡས་ཀྱི་སྐོར།
(མད་ཐཱ། ༡༨:༡-༥;༡༠:༤༢; ལུ་ཀ། ༩:༤༦-༥༠)
33ཡེ་ཤུ་དང་ཉེ་གནས་ཀྱ་ཀཱ་ཕར་ན་ཧུམ་དུ་སླེབས་པ་ལགས། དེ་ནས་ཁོང་པ་ཁང་པ་ནང་དུ་ཕེབས་ཏེ་ཁོང་ཀྱ་ལ་དྲི་བ་བཏང་ང་མཛད་པ་ལགས། ལམ་ཁ་ལ་ཁྱེད་ཀྱ་གིན་གྱི་སྐོར་ལ་རྩོད་བརྒྱབ་བ། 34ལམ་ཁ་ལ་ཁོང་ཀྱ་ཡིས་ཁོ་རང་ཀྱ་ནས་ཆེ་ཤོས་སུ་ཡིན་གྱིན་གྱི་སྐོར་ལ། རྩོད་པ་བརྒྱབ་ཀྱ་བྱས་རེ་ཁོང་ཀྱ་ཁ་པ་བསྡད་པ་ལགས།
35དེ་ནས་ཁོང་པ་བཞུགས་ཏེ་ཉེ་གནས་བཅུ་གཉིས་ལ་བོས་རེ་ཁོང་ཀྱ་ལ་གསུངས་བ་ལགས། ཨེན་ཡོག་འབྱུང་ཉིད་འདོོད་མཁན་གོ། གི་རི་ནས་གཤམ་ཡོག་འབྱུང་དགོས་ཀྱི་ལགས། དེ་ནས་གི་རིའི་གཡོག་པོ་རྒྱུག་དགོས་ཀྱི་ལགས། 36དེ་ནས་ཡེ་ཤུ་ཡིས་ཕྲུ་ཅི་མེ་གཅིག་ཁྲིད་དེ་ཁོང་ཀྱ་ཡི་གུང་དུ་བཞག་པ་ལགས། དེ་ནས་ཕྲུ་འདི་ལ་རང་གི་སྐུ་པང་དུ་བསྣུམས་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། 37ངའི་མིང་ནས་ཕྲུ་ཅི་མེ་འདི་ལ་སུས་ཁས་ལེན་འདིག་བའི། འོ་དེ་ཡིས་ང་ལ་ཁས་ལེན་ད་ལགས། དེ་ནས་ང་ལ་ཁས་ལེན་མཁན་གྱིས་ང་མིན་ད་ང་ལ་བཏང་མཁན་ལ་ཁས་ལེན་ད་ལགས།
38ཡོ་ཧ་ནན་གྱིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། ཁྱེད་རང་གི་མཚན་ནས་མི་གཅིག་གིས་འདྲེ་བཏོན་གྱིན་གོ་འི་ཀིས་མཐོང་སོང་། དེ་ནས་ཁོ་འོ་རང་གི་གཤམ་པ་ལ་མི་འབྲང་གིན་བྱས་རེ་འི་ཀིས་འོ་དེ་ལ་བཀག་པའི།
39ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། ཁོ་ལ་མ་བཀག།གི་བྱས་རེ་སྨྲ་ན་ངའི་མིང་ནས་ཧང་སང་གིན་ལས་ཀ་བྱེད་མཁན་གྱིས། ལམ་སང་ངའི་སྐོར་ལ་ལབ་ངན་པ་བཏང་གི་མ་ལགས། 40གི་བྱས་རེ་སྨྲ་ན་འོ་རི་དགྲ་མི་བྱེད་མཁན་གོ་འོ་རི་ཕྱོགས་ལ་འོང་ང་ལགས། 41ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྱེད་ཀྱ་མཱ་ཤི་ཀའི་ཡིན་མཁན་བྱས་རེ་མི་སུས་ཁྱེད་ཀྱ་ལ་ཆུ་ཕོར་ར་གང་འཐུང་ཡས་ལ་སྟེར་ན། ཁོ་ལ་འཐོབ་དགོས་ཡས་བྱ་དགའ་གོ་འཐོབ་ཀྱི་ལགས།
སྡིག་པ་བྱེད་དུ་བཅུག་གིན་གྱི་སྐོར།
(མད་ཐཱ། ༡༨:༦-༩; ལུ་ཀ། ༡༧:༡-༢)
42ཡེ་ཤུ་ཡིས་ཡང་གསུངས་བ་ལགས། མི་སུས་གཅིག་འང་ང་ལ་དད་པ་བྱེད་མཁན་ཕྲུ་བ་ཀྱ་ནས་གཅིག་ལ་སྡིག་པ་བྱེད་དུ་བཅུག་ན། མི་དེའི་མིག་པ་ལ་ཆུ་རག་གི་རྡོ་གོང་ཆེ་གཅིག་བཏགས་ཏེ། ཁོ་ལ་རྒྱ་མཚོ་ནང་དུ་གཡུགས་ན་དགའ་འོང་གུ་ལགས། 43དེ་ནས་ཁྱོའི་ལག་པ་ཡིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། འོ་དེ་ལག་པ་གོ་གཅོད། ཁྱོའི་ལག་པ་གཉིས་ཀ་ར་འཁྱེར་ཏེ་དམྱལ་བ་དུ་ནམ་མའང་མི་ཤི་གིན་མེ་ལ་འགྲོ་ཡས་ནས་ལྷག། ལག་རྡུམ་འབྱུང་རེ་མཐའ་མེད་པའི་ཚེ་སྲོག་ནང་དུ་འཛུལ་ན་དགའ་ལགས། 44[དམྱལ་བ་དུ་འབུ་མི་འཚིག་བ་ལགས། དེ་ནས་མེའང་མི་ཤི་བ་ལགས།]#ཡེ་ཤ་ཡཱ། ༦༦:༢༤ 45དེ་ནས་ཁྱོའི་རྐང་པ་ཡིས་སྡིག་པ་བྱེད་དུ་བཅུག་ན། འོ་དེ་གཅོད། རྐང་པ་གཉིས་བྱས་རེ་དམྱལ་བ་དུ་འཛུལ་ཡས་ལ་ལྷག། ཞ་ཀྱོག་བ་འབྱུང་རེ་མཐའ་མེད་པའི་ཚེ་སྲོག་ནང་དུ་འཛུལ་ན་དགའ་ལགས། 46[དམྱལ་བ་དུ་འབུ་མི་ཚིག་བ་ལགས། དེ་ནས་མེའང་མི་ཤི་བ་ལགས།]#༩:༤༦ མར་ཀུ། ༩:༤༤,༤༦ དེ་གྷི་རིག་དེབ་རིང་འགའ་ལ་མེད་ད་ལགས། 47དེ་ནས་ཁྱོའི་མིག་གིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། འོ་དེ་བཏོན་ཏེ་གཡུག། ཁྱོའི་མིག་གཉིས་ཀ་ར་བྱས་རེ་དམྱལ་བ་དུ་འགྲོ་ཡས་ལ་ལྷག། མིག་གཅིག་མེད་ད་དཀོན་མཆོག་གི་རྒྱལ་སྲིད་ལ་འགྲོ་ན་དགའ་ལགས། 48དམྱལ་བ་དུ་འབུ་མི་ཚིག་བ་ལགས། དེ་ནས་མེའང་མི་ཤི་བ་ལགས།
49ཚྭ་སྟོར་ཏེ་མཆོད་པ་གཙང་མ་བཟོ་གིན་ཅོག་རེ། མི་གི་རི་ལ་མེ་ཡིས་གཙང་མ་བཟོ་གི་ལགས། 50ཚྭ་དགའ་ལགས། ཡིན་ནའང་ཚྭའི་བྲོ་བ་གོ་ཡལ་ན། འོ་དེ་ལ་གང་གི་བྱས་རེ་ཚྭ་བྲོ་བ་བཟོ་ཡས། ཚྭའི་བྲོ་བ་ཅོག་རེ་ཁྱོད་བྱུང་། དེ་ནས་ཁྱེད་རང་ཀྱ་ནང་དུ་མཐུན་ཏེ་སྡོད།།

Currently Selected:

མར་ཀུ། 9: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in