མར་ཀུ། 8
8
ཡེ་ཤུ་ཡིས་མི་བཞི་སྟོང་ལ་ཞལ་ལག་གནང་བ།
(མད་ཐཱ། ༡༥:༣༢-༣༩)
1འོ་དེ་ཉིན་མ་ཀྱ་ལ་ཡང་མི་ཚོགས་ཆེ་གཅིག་འཛོམས་པ་ལགས། དེ་ནས་ཁོང་ཀྱ་ལ་ཟ་རྒྱུ་གིའང་མེད་དེ་གང་ལ། ཡེ་ཤུ་ཡིས་རང་གི་ཉེ་གནས་ཀྱ་ལ་བོས་རེ་ཁོང་ཀྱ་ལ་གསུངས་བ་ལགས། 2དེ་མི་ཀྱ་ངའི་མུ་ལ་བསྡད་དེ་ཞག་མོ་གསུམ་འགྲོའི། ད་ཟ་ཡས་ལ་གིའང་མེད་ད། ང་ཁོང་ཀྱ་ལ་སྙིང་རྗེ་ལི། 3ད་ཁོང་ཀྱ་ལ་ཕོ་བ་སྟོང་པ་རང་ཁོང་ཀྱ་ཡི་ནང་ལ་བརྫངས་ན། ཁོང་ཀྱ་ལམ་ཁ་ལ་བརྒྱལ་གྲོ། གི་བྱས་རེ་སྨྲ་ན་རིང་འགའ་དམི་ཅིག་གི་ཐག་རིང་ནས་འོངས་འདུག
4དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། དེ་རེ་རི་སྟོང་ས་ཆ་ལ་དེ་ཀྱ་ལ་སྟེར་ཡས་ཟ་མ་ག་ནས་འབྱོར་ཡས།
5དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གྱང་ག་ག་ཚོད་འོད་དོ་གསུངས་རེ་དྲིས་ལ་མཛད་པ་ལགས།
དེ་ནས་ཉེ་གནས་ཀྱ་ཡིས་བདུན་འོད་སྨྲས་རེ་ལན་ཞུས་བ་ལགས།
6ཡེ་ཤུ་ཡིས་མི་ཀྱ་ལ་ས་ལ་བསྡད་ཡས་ལ་བཀའ་གནང་བ་ལགས། དེ་ནས་ཁོང་པ་ཡིས་གྱང་ག་བདུན་གོ་ཕྱག་ལ་བསྣུམས་ཏེ་བཀའ་དྲིན་ཆེ་ཞུས་རེ་བཅག་མཛད་པ་ལགས། དེ་ནས་མི་མང་ཀྱ་ལ་བཀྲམ་ཡས་ལ་ཁོང་པ་ཡིས་ཉེ་གནས་ཀྱ་ལ་གནང་བ་ལགས། དེ་ནས་ཉེ་གནས་ཀྱ་ཡིས་འོ་དེ་རང་བྱས་བ་ལགས། 7ཁོང་ཀྱ་ལ་ཉ་ཆུང་ང་ཏི་ཏེ་རེ་འོད་ད་ལགས། དེ་ནས་ཡེ་ཤུ་ཡིས་འོ་དེ་ལ་བྱིན་རླབས་མཛད་དེ་འོ་དེ་གོའང་མི་མང་ཀྱ་ལ་ཁྲོམས་གསུངས་རེ་ཉེ་གནས་ཀྱ་ལ་གསུངས་བ་ལགས། 8གི་རི་ཡིས་བཟས་བ་ལགས། དེ་ནས་འགྲངས་བ་ལགས། དེ་ནས་ལྷག་མ་དུམ་བུ་ཀྱ་ཉེ་གནས་ཀྱ་ཡིས་བདུས་རེ་བག་ཏང་བདུན་ཁངས་བ་ལགས། 9འོ་དུ་རུ་མི་བཞི་སྟོང་ཚོད་འོད་ད་ལགས། དེ་ནས་ཟ་མ་བཟས་ཚར་ཏེ་ཡེ་ཤུ་ཡིས་ཁོང་ཀྱ་ལ་ནང་ལ་བརྫངས་བ་ལགས། 10དེ་ནས་ལམ་ཟང་ཁོང་པ་ཉེ་གནས་ཀྱ་མུ་ལ་གྲུ་ནང་དུ་ཕེབས་ཏེ་དལ་མ་ནུ་ཐ་ཡུལ་ཕྱོགས་ལ་ཕེབས་པ་ལགས།
ཕཱ་རུ་ཤི་པ་ཀྱ་ཡིས་རྟགས་ཞུས་བ།
(མད་ཐཱ། ༡༦:༡-༤)
11ཕཱ་རུ་ཤི་པ་ཀྱ་འོངས་རེ་ཡེ་ཤུ་མུ་ལ་རྩོད་གླེང་བྱས་རེ་ཁོང་པ་ཡི་ཚོད་ལྟ་བྱེད་ཡས་ལ། ནམ་མཁའ་ནས་རྟགས་གཅིག་སྟོན་ད་མཛད་རོགས་སྨྲས་རེ་ཞུས་བ་ལགས། 12ཡེ་ཤུ་ཡིས་སེམས་ནང་ནས་དབུགས་རིང་པོ་བཏང་མཛད་དེ་གསུངས་བ་ལགས། འདི་མི་རབས་དེ་གི་བྱས་རེ་རྟགས་བཙལ་ལ་ལེ། ང་དངོས་གནས་སྨྲ་ཡིན། འདི་མི་རབས་ལ་རྟགས་གཅིག་འང་མེད་སྟོན་གྱི་ལགས། 13དེ་ནས་དེ་ཀྱ་ལ་བོར་ཏེ་ཁོང་པ་གྲུ་ནང་དུ་བཞུགས་ཏེ་ཧ་ཀན་ལ་ཕེབས་པ་ལགས།
ཕཱ་རུ་ཤི་པ་དང་ཧེ་རོ་དཱེ་ཡིས་མགོ་བ་སྐོར་ཡས་ཀྱི་སྐོར་ལ།
(མད་ཐཱ། ༡༦:༥-༡༢)
14དེ་ནས་ཉེ་གནས་ཀྱ་ཡིས་ཟ་མ་ཁྱེར་ཏེ་འོངས་ཡས་བརྗེད་པ་ལགས། དེ་ནས་གྲུ་ནང་དུ་ཁོང་ཀྱ་མུ་ལ་གྱང་ག་གཅིག་མ་ན་མེད་ད་ལགས། 15དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། སྤྱང་ཛེ་བྱེད། ཕཱ་རུ་ཤི་པ་ཀྱ་དང་ཧེ་རོ་དཱེའི་སྐྱུར་རྩི་ནས་གཟབ་གཟབ་བྱེད། 16ཁོ་རང་ཀྱ་མུ་ལ་ཟ་མ་མེད་ཀྱིན་བྱས་རེ་ཡེ་ཤུ་ཡིས་དེ་རེ་གསུངས་ང་ལགས་བསམས་ཏེ། ཁོང་ཀྱ་ཡིས་གཅིག་གིས་གཅིག་ལ་རྩོད་གླེང་བྱས་བ་ལགས། 17དེ་ནས་ཡེ་ཤུ་ཡིས་དེ་རེ་ལབ་མཁྱེན་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། ཟ་མ་མེད་ཀྱིན་གྱི་སྐོར་ལ་ཁྱེད་ཀྱ་གི་བྱས་རེ་རྩོད་གླེང་བྱེད་ད་ལེ། ཁྱེད་ཀྱ་དོ་རང་འང་ཧ་མེད་གོ་ར་བའི། ཁྱེད་ཀྱ་ཡི་སེམས་དོ་རང་འང་སྲ་འོད་ད་ལེ། 18ཁྱེད་ཀྱ་མིག་བྱེད་རེའང་མེད་མཐོང་ང་བའི། དེ་ནས་ཨམ་མཆོག་བྱེད་རེའང་མེད་གོ་ར་བའི། ཁྱེད་ཀྱ་ལ་དོ་རང་འང་དྲན་པ་མི་འདུག་བའི། 19ངས་མི་ལྔ་སྟོང་ལ་གྱང་ག་ལྔ་བཅག་བའི་གང་ལ། ཁྱེད་ཀྱ་ཡིས་དུམ་བུ་ཀྱ་བདུས་རེ་བག་ཏང་ག་ཚོད་ཁངས་སོ།
ཁོང་ཀྱ་ཡིས་བཅུ་གཉིས་སྨྲས་རེ་སྨྲས་བ་ལགས།
20དེ་ནས་མི་བཞི་སྟོང་གི་ཕྱིར་ལ་གྱང་ག་བདུན་བཅག་བའི་གང་ལ། ཁྱེད་ཀྱ་ཡིས་དུམ་བུ་བདུས་རེ་བག་ཏང་ག་ཚོད་ཁངས་སོ།
དེ་ནས་ཁོང་ཀྱ་ཡིས་བདུན་སྨྲས་རེ་སྨྲས་བ་ལགས།
21དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཁྱེད་ཀྱ་དོ་རང་འང་ཧ་མེད་གོ་ར་བའི་གསུངས་རེ་གསུངས་བ་ལགས།
བེད་སད་དཱའི་མི་ཞ་ར་གཅིག།
22དེ་ནས་ཡེ་ཤུ་དང་ཉེ་གནས་ཀྱ་བེད་སད་དཱ་རུ་སླེབས་པ་ལགས། དེ་ནས་མི་རིང་འགའ་ཡིས་ཞ་ར་གཅིག་ལ་ཡེ་ཤུ་རྩ་རུ་ཁྲིད་དེ་འོངས་རེ་འོ་དེ་ལ་ཕྱག་མཛད་རོགས་བྱེད་སྨྲས་རེ་ཞུས་བ་ལགས། 23ཁོང་པ་ཡིས་འོ་དེ་མིའི་ལག་པ་ཟིམ་ཏེ་ཡུལ་གྱི་ཕི་ལ་ཁྲིད་བ་མཛད་པ་ལགས། དེ་ནས་ཁོའི་མིག་ལ་ལྗགས་ཆབ་བྲུ་རེ་ཁོང་པ་རང་གི་ཕྱག་གཉིས་ཀ་ར། ཁོའི་ཁར་ལ་བཞག་མཛད་དེ་ཁོ་ལ་དྲི་བ་བཏང་ང་མཛད་པ་ལགས། ད་མཐོང་བའི།
24ཁོས་ཡར་ལ་ཀྲོང་བྱས་རེ་བལྟས་རེ་སྨྲས་བ་ལགས། མི་རེ་མཐོང་བའི། ཡིན་ནའང་མི་ཀྱ་སྡོང་པོ་ཀྱ་རྒྱུག་གིན་ཅོག་རེ་མཐོང་བའི། 25དེ་ནས་ཡེ་ཤུ་ཡིས་ལྡབ་ལེ་རང་གི་ཕྱག་མི་དེའི་མིག་ལ་བཞག་མཛད་པ་ལགས། དེ་ནས་ཁོའི་མིག་པེ་ལི་གང་ལ། ཁོས་མིག་གོ་དྲག་སྟེ་གི་རི་གསལ་ལ་མཐོང་བ་ལགས། 26དེ་ནས་ཡེ་ཤུ་ཡིས་ཁོ་ལ་ཡུལ་ནང་དུ་མ་འཛུལ་བ་ཤ་རེ་རང་ཁྱིམ་ལ་སོང་གསུངས་རེ་བརྫངས་བ་ལགས།
ཡེ་ཤུ་རང་མཱ་ཤི་ཀ་ཡིན་མཁན་གོ་པེ་ཏྲོ་ཡིས་ཁས་ལེན།
(མད་ཐཱ། ༡༦:༡༣-༢༠; ལུ་ཀ། ༩:༡༨-༢༡)
27ཀེ་སར་ཡཱ་ཕི་ལིབ་པཱིའི་ཡུལ་ཀྱ་ལ་ཡེ་ཤུ་དང་ཉེ་གནས་ཀྱ་ཕེབས་པ་ལགས། ལམ་ཁ་ལ་ཕེབས་བའི་གང་ལ་ཁོང་པ་ཡིས་ཉེ་གནས་ཀྱ་ལ་དྲི་བ་མཛད་པ་ལགས། མི་ཀྱ་ཡིས་ང་ལ་སུ་ལགས་སྨྲིས་བོ།
28ཁོང་ཀྱ་ཡིས་ཁོང་པ་ལ་སྨྲས་བ་ལགས། རིང་འགའ་ཡིས་ཁྲུས་གསོལ་གནང་མཁན་ཡོ་ཧ་ནན་སྨྲིས། རིང་འགའ་ཡིས་ཨེ་ལི་ཡཱ་སྨྲིས། དེ་ནས་རིང་འགའ་ཡིས་མངོན་ཤེས་མཁན་ཀྱ་ནི་གཅིག་ལགས་སྨྲིས།
29ཡེ་ཤུ་ཡིས་ཁོང་ཀྱ་ལ་ཡང་དྲི་བ་མཛད་པ་ལགས། ཡིན་ནའང་ཁྱེད་ཀྱ་ང་སུ་ལགས་བསམས་མའི་འོད་དོ།
པེ་ཏྲོ་ཡིས་སྨྲས་བ་ལགས། ཁྱེད་རང་ནི་མཱ་ཤི་ཀ་གོ་ལགས། 30དེ་ནས་ཁོང་པའི་སྐོར་ལ་སུ་ལའང་མ་སྨྲ་གསུངས་རེ་ཁོང་པ་ཡིས་ཁོང་ཀྱ་ལ་བཀའ་གནང་བ་ལགས།
རང་གི་འཆི་བའི་སྐོར་ལ་ཡེ་ཤུ་ཡིས་མངོན་གསུང་བ།
(མད་ཐཱ། ༡༦:༢༡-༢༣; ལུ་ཀ། ༩:༢༢)
31མིའི་བུ་ནི་སྡུག་པོ་མང་ང་མྱངས་དགོས་ཀྱི་ལགས། དེ་ནས་འགོ་ཁྲིད་ཀྱ་དང་། མཆོད་དཔོན་ཆེ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ངོ་ལོག་བྱེད་ཀྱི་ལགས། དེ་ནས་བསད་ཀྱི་ལགས། དེ་ནས་ཞག་མོ་གསུམ་གཤམ་ནས་ཡང་གསོན་ཏེ་བཞེངས་གི་ལགས་གསུངས་རེ། ཡེ་ཤུ་ཡིས་ཁོང་ཀྱ་ལ་བསླབ་བྱ་གནང་ཡས་ལ་འགོ་བཙུགས་པ་ལགས། 32ཡེ་ཤུ་ཡིས་འདི་ལབ་གོ་གསལ་བོ་བྱས་རེ་གསུངས་བ་ལགས། དེ་ནས་པེ་ཏྲོ་ཡིས་ཁོང་པ་ལ་ཟུར་དུ་ཕེབས་ཞུས་རེ་དེ་རེ་གསུངས་ཡས་མེད་ད་ལགས་སྨྲས་རེ་བཀའ་བཀྱོན་བཏང་བ་ལགས།
33དེ་ནས་ཁོང་པ་ཡིས་ཞལ་བསྒྱུར་ཏེ་ཉེ་གནས་ཀྱ་ལ་གཟིགས་ཏེ། པེ་ཏྲོ་ལ་བཀའ་བཀྱོན་གནང་བ་ལགས། བདུད་ཁྱེད། ང་ནས་ཧ་ལ་སོང་། གི་བྱས་རེ་སྨྲ་ན་ཁྱོའི་སེམས་དཀོན་མཆོག་ཕྱོགས་ལ་མིན་ད་མི་ཕྱོགས་ལ་འདུག།
34དེ་ནས་ཁོང་པ་ཡིས་མི་ཚོགས་ཀྱ་ལ་རང་གི་ཉེ་གནས་ཀྱ་མུ་ལ་བོས་རེ་གསུངས་བ་ལགས། ངའི་གཤམ་པ་ལ་འོང་ཉིད་འདོད་ན། རང་ལ་སྤོངས་རེ་རང་གི་རྒྱང་ཤིང་གོ་འཁུར་སྟེ་ངའི་གཤམ་པ་ལ་འབྲོངས། 35གི་བྱས་རེ་སྨྲ་ན་རང་གི་སྲོག་སྐྱོབ་མཁན་གྱི་སྲོག་ཤོར་གྱི་ལགས། ཡིན་ནའང་རང་གི་སྲོག་ང་དང་གཏམ་བཟང་གི་ཕྱིར་ལ་ཤོར་དུ་བཙུགས་མཁན་གྱི་སྲོག་སྐྱོབ་ཀྱི་ལགས། 36མི་གཅིག་ལ་འཇིག་རྟེན་གི་རི་འཐོབ་ནའང་། རང་གི་སྲོག་གོ་ཤོར་ན་གི་ཕན་ཐོགས་ཡས། 37ཡང་མིན་ན་རང་གི་སྲོག་ཤོར་ན་གིན་གིའང་འོ་དེ་ལྡབ་ལེ་འཁྱེར་སྟེ་འོང་མི་ཐུབ་ཀྱི་ལགས། 38དེ་ལོག་གཡེམ་དང་སྡིག་ཅན་གྱི་མི་རབས་གདོང་ལ་སུས་ང་དང་ངའི་བཀའ་ལ་ངོ་ཚ་བྱེད་འདིག། འོ་དེ་ཀྱ་ལ་མིའི་བུ་རང་གི་ཡབ་ཀྱི་གཟི་བརྗིད་ཀྱི་ནང་ནས། དམ་པའི་བང་ཆེན་ཀྱ་མུ་ལ་ཕེབས་བའི་གང་ལ་ཁོས་འང་ངོ་ཚ་བྱེད་ཀྱི་ལགས།།
Currently Selected:
མར་ཀུ། 8: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society