YouVersion Logo
Search Icon

མར་ཀུ། 10

10
ནང་ཚང་ཁ་བྲལ་གྱིན་གྱི་སྐོར་ལ།
(མད་ཐཱ། ༡༩:༡-༡༢; ལུ་ཀ། ༡༦:༡༨)
1དེ་ནས་ཡེ་ཤུ་འོ་དེ་ནས་ཡོར་དན་གཙང་པོ་ཧ་ཀན་གྱི་ཡུ་དེ་ཡཱ་ཡུལ་དུ་ཕེབས་པ་ལགས། དེ་ནས་ཡང་མི་ཚོགས་མང་ང་ཁོང་པ་ཡི་འགྲམ་དུ་འཛོམས་པ་ལགས། དེ་ནས་ཙོག་བའི་ཅོག་རེ་ཁོང་པ་ཡིས་ཁོང་ཀྱ་ལ་ཆོས་གནང་ང་མཛད་པ་ལགས།
2ཕཱ་རུ་ཤི་པ་རིང་འགའ་འོངས་རེ་ཡེ་ཤུ་ལ་ཚོད་ལྟ་བྱེད་ཡས་ལ་དེ་རེ་དྲིས་བ་ལགས། སྐྱེས་བའི་ཁྱོ་ག་གཅིག་རང་གི་སྐྱེས་དམན་མུ་ལ་ཁ་བྲལ་ན་ཆོས་ཁྲིམས་ལ་མཐུན་ད་ལེ།
3ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མོ་ཤེས་ཁྱེད་ཀྱ་ལ་བཀའ་གི་གནང་འོད་ད་ལེ།
4ཁོང་ཀྱ་ཡིས་སྨྲས་བ་ལགས། སྐྱེས་བའི་ཕོ་ཡིས་ཁ་བྲལ་ཡས་ཀྱི་ཡིག་གཅིག་བྲིས་ཏེ་མོ་ལ་འབོར་ཆོག་གི་ལགས་སྨྲས་རེ་མོ་ཤེ་ཡིས་གསུངས་འདུག
5ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡི་སེམས་པ་གྱོང་བ་བྱུང་རེ་མོ་ཤེ་ཡིས་དེ་རེ་བཀའ་བྲིས་པ་ལགས། 6ཡིན་ནའང་ཨེན་མ་འཛམ་གླིང་ཆགས་བའི་གང་ལ་དཀོན་མཆོག་གིས་མི་ལ་ཕོ་མོ་བཀོད་བ་ལགས། 7གི་བྱས་རེ་སྐྱེས་བའི་བུ་ཡིས་རང་གི་ཕ་མ་བོར་ཏེ་རང་གི་སྐྱེས་དམན་མུ་ལ་མཐུན་ཏེ་བསྡད་ད་ལགས། 8དེ་ནས་ཁོང་གཉིས་བོ་ཤ་གཅིག་ལ་འགྱུར་ར་ལགས། འོ་བྱས་རེ་ཁོང་གཉིས་བོ་གཉིས་མིན་ད་གཅིག་རང་ཡིན། 9འོ་བྱས་རེ་དཀོན་མཆོག་གིས་གཅིག་བཀོད་མཛད་ཀྱིན་གོ་མི་ཡིས་ཁ་མ་བྲལ་བར་ཤོག
10དེ་ནས་ཁྱིམ་ནང་དུ་ཉེ་གནས་ཀྱ་ཡིས་ཡེ་ཤུ་ལ་འདི་སྐོར་ལ་ཡང་དྲི་བ་ཞུས་བ་ལགས། 11ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། སྐྱེས་བའི་ཁྱོ་ག་སུ་ཡིན་ན་རང་གི་སྐྱེས་དམན་མུ་ལ་ཁ་བྲལ་རེ་གཞན་མ་མུ་ལ་མནའ་མ་ལེན་ན། འོ་དེ་ཡིས་ལོག་གཡེམ་བྱེད་ད་ལགས། 12དེ་ནས་སྐྱེས་བའི་བུ་མོ་རང་གི་ཁྱོ་ག་མུ་ལ་ཁ་བྲལ་རེ་གཞན་མ་མུ་ལ་འགྲོ་ན། མོས་འང་ལོག་གཡེམ་བྱེད་ད་ལགས།
ཡེ་ཤུ་ཡིས་ཕྲུ་བ་ཀྱ་ལ་བྱིན་རླབས་གནང་བ།
(མད་ཐཱ། ༡༩:༡༣-༡༥; ལུ་ཀ། ༡༨:༡༥-༡༧)
13མི་ཀྱ་ཡིས་རང་ཕྲུ་བ་ཀྱ་ལ་ཡེ་ཤུ་ཡི་ཕྱག་མཛད་དེ་བྱིན་རླབས་གནང་བར་ཤོག་སྨྲས་རེ་ཁོང་པ་རྩ་རུ་ཁྲིད་དེ་འོངས་བ་ལགས། ཡིན་ནའང་ཉེ་གནས་ཀྱ་ཡིས་ཁོང་ཀྱ་ལ་ཨང་ཇི་བཏང་བ་ལགས། 14ཡིན་ནའང་ཡེ་ཤུ་ཡིས་འོ་དེ་གཟིགས་ཏེ་ཐུགས་ཁྲོས་ལངས་རེ་ཁོང་ཀྱ་ལ་གསུངས་བ་ལགས། ཕྲུ་བ་ཀྱ་ལ་མ་བཀག། ང་རྩ་རུ་འོང་དུ་ཆུག། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་དེ་ཀྱ་ཅོག་རེ་མི་ཀྱི་ཕྱིར་ལ་ལགས། 15ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། དཀོན་མཆོག་གི་རྒྱལ་སྲིད་ལ་ཕྲུ་ཅི་མེ་གཅིག་གིས་ཅོག་རེ་ཁས་མེད་ལེན་ན། ཁོ་འོ་དེ་ནང་དུ་འགྲོ་ཐུབ་ཀྱི་མ་ལགས། 16དེ་ནས་ཡེ་ཤུ་ཡིས་ཕྲུ་ཀྱ་ལ་རང་གི་སྐུ་པང་དུ་བསྣུམས་ཏེ་ཕྱག་བཞག་སྟེ་བྱིན་རླབས་གནང་ང་མཛད་པ་ལགས།
མི་ཕྱུག་པོ་གཅིག་དང་དཀོན་མཆོག་གི་རྒྱལ་སྲིད།
(མད་ཐཱ། ༡༩:༡༦-༣༠; ལུ་ཀ། ༡༨:༡༨-༣༠)
17དེ་ནས་ཡེ་ཤུ་ལམ་ཁ་ལ་ཕེབས་བའི་གང་ལ། མི་གཅིག་བང་བཏང་རེ་འོངས་རེ་ཡེ་ཤུ་ཡི་དྲུང་དུ་པུས་མོ་ས་ལ་བཙུགས་ཏེ་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་བཟང་པོ་ལགས། མཐའ་མེད་པའི་ཚེ་སྲོག་འཐོབ་ཡས་ལ་ངས་གི་བྱེད་དགོས་ཀྱི་ལེ།
18དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་ང་ལ་གི་བྱས་རེ་བཟང་པོ་སྨྲ་ལེ། དཀོན་མཆོག་གཅིག་ཀ་མ་ན་གཞན་མ་སུའང་བཟང་པོ་མེད་ད་ལགས། 19ཆོས་ཁྲིམས་ཀྱི་བཀའ་ཀྱ་ཁྱོད་ལ་ཆ་འོད་ད་ལགས། མིའི་སྲོག་མ་བཅད། དེ་ནས་ལོག་གཡེམ་མ་བྱེད། དེ་ནས་རྐུ་མ་མ་རྐུ། དེ་ནས་དཔང་པོ་ཟོག་པོ་མ་སྟེར། དེ་ནས་མགོ་བ་མ་སྐོར། དེ་ནས་རང་གི་ཕ་མ་ལ་བརྩེ་གདུང་བྱེད།
20ཁོས་ཁོང་པ་ལ་སྨྲས་བ་ལགས། སློབ་དཔོན་ལགས། ཅི་མེ་ནས་ཧ་ལ་རང་འདི་བཀའ་དེ་གི་རི་ངས་བསྲུངས་འོད།
21དེ་ནས་ཡེ་ཤུ་ཡིས་ཁོ་ལ་གཟིགས་ཏེ་ཁོ་ལ་བྱམས་པ་མཛད་དེ་གསུངས་བ་ལགས། ཁྱོད་ལ་དོ་རང་འང་གཅིག་མེད་ཚང་ང་། ཁྱོད་སོང་རེ་རང་ལ་འོད་ཀྱིན་གི་རི་བཙོངས་རེ། དབུལ་སྤྲེ་ཀྱ་ལ་སྦྱིན་པ་གཏོང་། དེ་ནས་དཀོན་མཆོག་གི་རྒྱལ་སྲིད་དུ་ཁྱོད་ལ་ནོར་འཐོབ་ཀྱི་ལགས། དེ་ནས་འོངས་རེ་ངའི་གཤམ་པ་ལ་འགྲོ། 22འདི་གོ་སྟེ་ཁོའི་ངོ་གདོང་ནག་པོ་ལ་གྱུར་ཏེ་སེམས་སྐྱོ་རེ་སོང་བ་ལགས། གི་བྱས་རེ་སྨྲ་ན་ཁོ་ལ་རྒྱུ་ནོར་དམི་ཅིག་གི་མང་ང་འོད་ད་ལགས།
23དེ་ནས་ཡེ་ཤུ་ཡིས་ཧ་ལ་ཚུར་ལ་གཟིགས་ཏེ་ཉེ་གནས་ཀྱ་ལ་གསུངས་བ་ལགས། མི་ཕྱུག་པོ་ལ་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་ཡས་ལ་དམི་ཅིག་གི་དཀའ་ལས་འདུག 24ཁོང་པ་ཡིས་གསུངས་ཀྱིན་འདི་ལ་མཉན་ཏེ་ཉེ་གནས་ཀྱ་ཧ་ལས་བ་ལགས། ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ལ་ལྡབ་ལེ་གསུངས་བ་ལགས། ཕྲུ་བ་ཀྱ་བོ། དཀོན་མཆོག་གི་རྒྱལ་སྲིད་ལ་འགྲོ་ཡས་དམི་ཅིག་གི་དཀའ་ལས་འདུག 25མི་ཕྱུག་པོ་གཅིག་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་ཡས་ལ་ལྷག་ཁབ་ཀྱི་མིག་བོ་ནང་ནས་སེམས་ཅན་སྣ་བོ་འཛུལ་ཡས་ལ་ལས་སླ་འོད་ད་ལགས།
26འདི་མཉན་ཏེ་ཉེ་གནས་ཀྱ་ཡོལ་ལེ་ཧ་ལས་རེ་ཁོང་པ་ལ་ཞུས་བ་ལགས། ད་ཡིན་ན་སུ་ལ་ཐར་པ་ཐོབ་ཀྱི་ལེ།
27ཡེ་ཤུ་ཡིས་ཁོང་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས། མིའི་ཕྱིར་ལ་དེ་མི་ཐུབ་ཀྱི་ལགས། ཡིན་ནའང་དཀོན་མཆོག་ནས་ཐུབ་ཀྱི་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་ནས་གི་རི་འགྲུབ་པ་ལགས།
28དེ་ནས་པེ་ཏྲོ་ཡིས་ཁོང་པ་ལ་སྨྲས་བ་ལགས། གཟིགས་རོགས་གནང་། འི་ཀིས་གི་རི་བོར་ཏེ་ཁྱེད་རང་གི་གཤམ་པ་ལ་འབྲངས་འོད།
29ཡེ་ཤུ་ཡིས་གསུངས་བ་ལགས། ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། ང་དང་གཏམ་བཟང་གི་ཕྱིར་ལ་རང་གི་ཁང་པ་དང་། སྤུན་ཀྱ་དང་། ཕ་མ་དང་། ཕྲུ་བ་ཀྱ་དང་། ས་ཞིང་བོར་མཁན་གྱིས། 30འདི་ཚེ་ལ་སྡུག་པོ་མུ་ལ་མུ་ལ་ཁང་པ་ཀྱ་དང་། སྤུན་ཀྱ་དང་། ཕ་མ་ཀྱ་དང་། ཕྲུ་བ་ཀྱ་དང་། ས་ཞིང་ཨེན་མ་ལས་བརྒྱའི་མང་ང་འཐོབ་ཀྱི་ལགས། དེ་ནས་མ་འོངས་པར་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས། 31ཡིན་ནའང་དང་པོ་ཡིན་མཁན་མང་ཆེ་གཤམ་ལ་ལས་ཀྱི་ལགས། དེ་ནས་གཤམ་མ་ཡིན་མཁན་ཀྱ་ཨེན་ལ་འབྱུང་གི་ལགས།
རང་གྲོངས་ཀྱིན་གྱི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས་གནང་བ།
(མད་ཐཱ། ༢༠:༡༧-༡༩; ལུ་ཀ། ༡༨:༣༡-༣༤)
32དེ་ནས་ཁོང་པ་ཀྱ་ཡེ་རུ་ཤ་ལེམ་དུ་ཕེབས་བའི་གང་ལ། ལམ་ཁ་ལ་ཡེ་ཤུ་ཁོང་ཀྱ་ཡི་གདོང་གདོང་ལ་ཕེབས་པ་ལགས། དེ་ནས་ཉེ་གནས་ཀྱ་ཧང་སངས་བ་ལགས། དེ་ནས་གཤམ་གཤམ་ལ་འོངས་མཁན་ཀྱ་འཇིགས་པ་ལགས། ཁོང་པ་ཡིས་ཡང་ཉེ་གནས་བཅུ་གཉིས་ཀྱ་ལ་ཟུར་ལ་ཁྲིད་དེ་རང་ལ་གི་འབྱུང་ཡས་འོད་ཀྱིན་གྱི་སྐོར་ལ་གསུངས་བ་ལགས། 33ལྟོ་དང་། འོ་རང་ཀྱ་ད་ཡེ་རུ་ཤ་ལེམ་ལ་འགྲོ་བ་ལགས། དེ་ནས་མིའི་བུ་ནི་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡི་ལག་པ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་བསད་དགོས་ཀྱི་ལགས་སྨྲས་རེ་ཁྲིམས་བཅད་དེ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ལག་པ་རུ་བརྩི་བརྒྱབ་ཀྱི་ལགས། 34ཁོང་ཀྱ་ཡིས་ཁོ་ལ་སྨད་སྤྲ་པབ་ཀྱི་ལགས། དེ་ནས་ཐུའང་བརྒྱབ་ཀྱི་ལགས། དེ་ནས་རྟ་ལྕག་གི་གཞུ་གི་ལགས། དེ་ནས་བསད་ཀྱི་ལགས། དེ་ནས་ཞག་མོ་གསུམ་གཤམ་ནས་ཁོ་ཡང་གསོན་ཏེ་ལངས་ཀྱི་ལགས།
ཡ་ཀོབ་དང་ཡོ་ཧ་ནན་གྱི་ཞུ་བ་འབུལ་བ།
(མད་ཐཱ། ༢༠:༢༠-༢༨)
35དེ་ནས་ཟེ་བད་དཱིའི་བི་ཛ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་བོ་ཡེ་ཤུ་ཡི་དྲུང་དུ་འོངས་རེ་ཞུས་བ་ལགས། སློབ་དཔོན་ལགས། འེ་གཉིས་བོ་ཡིས་ཁོང་པ་ལ་གི་ཞུ་གིན་གོ་ཁོང་པ་ཡིས་གནང་བར་ཤོག་སྨྲས་རེ་འེ་ཞུ་བ་ཡིན།
36ངས་ཁྱེད་གཉིས་བོའི་ཕྱིར་ལ་གི་བྱེད་དགོས་ཡས་འདུག་བོ། གསུངས་རེ་ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་གསུངས་བ་ལགས།
37ཁོང་གཉིས་བོ་ཡིས་ཞུས་བ་ལགས། ཁོང་པ་ཡི་གཟི་བརྗིད་ནང་དུ་འེ་གཉིས་བོ་ནས་གཅིག་ཁྱེད་རང་གི་གཡས་ཕྱོགས་ལ། དེ་ནས་གཅིག་གཡོན་ཕྱོགས་ལ་བསྡད་དུ་བཅུག་རོགས་མཛད།
38ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་གསུངས་བ་ལགས། ཁྱེད་གཉིས་བོས་ཞུ་གིན་གྱི་དོན་གོ་ཁྱེད་གཉིས་བོ་ཡིས་མེད་ཤེས་ལ་ལགས། ངས་འཐུང་དགོས་ཡས་སྡུག་བསྔལ་གྱི་ཕོ་ར་ཁྱེད་གཉིས་བོ་འཐུང་ཐུབ་ཡས་འོད་དེ། དེ་ནས་ངས་ལན་གྱིན་ཁྲུས་གསོལ་གོ་ཁྱེད་གཉིས་བོ་ཡིས་ལན་ཐུབ་ཡས་འོད་དེ།
39ཁོང་གཉིས་བོ་ཡིས་བྱེད་ཐུབ་ཡས་འོད་སྨྲས་རེ་ལན་ཞུས་བ་ལགས། དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ངས་འཐུང་གིན་ཕོ་ར་འདི་ནི་ཁྱེད་གཉིས་བོ་ཡིས་འཐུང་གི་ལགས། དེ་ནས་ངས་ལན་གྱིན་ཁྲུས་གསོལ་ཁྱེད་གཉིས་བོ་ཡིས་ལན་གྱི་ལགས། 40ཡིན་ནའང་ངའི་གཡས་གཡོན་ལ་བསྡད་དུ་བཅུག་གིན་གྱི་དབང་ཆ་ང་ལ་མེད། འདི་ནི་སུ་ཕྱིར་ལ་བཤམས་འདུག། འོ་དེའི་ལགས།
41ཉེ་གནས་གཞན་མ་བཅུ་ཀྱ་ཡིས་འོ་དེ་ལབ་གོ་གོ་སྟེ། ཡ་ཀོབ་དང་ཡོ་ཧ་ནན་ལ་ཁོང་ཁྲོ་ལངས་བ་ལགས། 42དེ་ནས་ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་བོས་རེ་གསུངས་བ་ལགས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་དཔོན་པོ་ཀྱ་རང་གི་འཐད་ཀྱིན་བྱེད་རེ། ཁོང་ཀྱ་ཁར་ལ་དབང་བྱེད་ད་ལགས། དེ་ནས་མི་ཁག་ཆེ་ཀྱ་ཡིས་འང་ཁོང་ཀྱ་ཁར་ལ་དབང་ཆ་བྱེད་ད་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། 43ཡིན་ནའང་ཁྱེད་ཀྱ་ཁོག་ཏུ་དེ་རེ་འབྱུང་གི་མ་ལགས། ཁྱེད་ཀྱ་ནས་ཆེ་འོངས་ཉིད་འདོད་མཁན་གོ་ཁྱེད་ཀྱ་ཡི་གཡོག་པོ་འབྱུང་དགོས་གུ་ལགས། 44དེ་ནས་ཁྱེད་ཀྱ་ནས་ཨེན་ཡོག་འབྱུང་ཉིད་འདོད་མཁན་གྱིས་གཞན་མ་གི་རིའི་བྲན་གཡོག་འབྱུང་དགོས་གུ་ལགས། 45གི་བྱས་རེ་སྨྲ་ན་མིའི་བུའང་ཞབས་ཕྱི་རང་ལ་རག་ཡས་ལ་མིན་ད། གཞན་མ་ཀྱ་ལ་འབུལ་ཡས་ལ་འོངས་བ་ལགས། དེ་ནས་མི་མང་ལ་ཐར་པ་གནང་ཡས་ལ་རང་གི་སྲོག་བློས་བཏང་ཡས་ལ་འོངས་བ་ལགས།
བར་ཏི་མ་སྨྲ་མཁན་ཞར་ར་གཅིག
(མད་ཐཱ། ༢༠:༢༩-༣༤; ལུ་ཀ། ༡༨:༣༥-༤༣)
46འོ་དེ་ནས་ཁོང་པ་ཀྱ་ཡེ་རི་ཀོ་རུ་ཕེབས་པ་ལགས། རང་གི་ཉེ་གནས་ཀྱ་དང་མི་ཚོགས་ཆེ་མུ་ལ་ཡེ་ཤུ་ཡེ་རི་ཀོ་ནས་ཐོན་ཏེ་གང་ལ། ཏི་མེ་ཨུས་ཀྱི་བི་ཛ་བར་ཏི་མ་སྨྲ་མཁན་སློང་མཁན་ཞར་ར་གཅིག་ལམ་ཁ་རུ་བསྡད་འོད་ད་ལགས། 47དེ་ནས་ཁོས་ཁོང་པ་ན་ཙ་རེད་ཀྱི་ཡེ་ཤུ་ཕེབས་ཀྱིན་གོ་ཧ་གོ་སྟེ་ཕེ་ར་བརྒྱབ་སྟེ་ཞུས་བ་ལགས། དཱ་བིད་ཀྱི་སྲས་ཡེ་ཤུ། ང་ལ་སྙིང་རྗེ་མཛད་རོགས་གནང་།
48མི་མང་ཆེ་ཡིས་ཁོ་ལ་ཁ་པ་སྡོད་སྨྲས་རེ་ཨང་ཇི་བཏང་བ་ལགས། ཡིན་ནའང་ཁོ་ཡོལ་ལེ་སྐད་ཆེ་བརྒྱབ་སྟེ་ཞུས་བ་ལགས། དཱ་བིད་ཀྱི་སྲས། ང་ལ་སྙིང་རྗེ་མཛད་རོགས་གནང་།
49དེ་ནས་ཡེ་ཤུ་ཕེབས་ཡས་ལ་མཚམས་བཞག་སྟེ་གསུངས་བ་ལགས། ཁོ་ལ་ངའི་རྩ་རུ་ཤོག་སྨྲོས།
དེ་ནས་ཁོང་ཀྱ་ཡིས་ཞར་ར་གོ་ལ་སྐད་བཏང་རེ་སྨྲས་བ་ལགས། ཁྱོད་སེམས་མ་ཕམ། ལོངས། ཁོང་པ་ཡིས་ཁྱོད་ལ་ཤོག་གསུངས་བའི། 50ཁོ་གོས་ལག་གཡུགས་ཏེ་ཡར་ལ་འཕག་སྟེ་ཡེ་ཤུ་རྩ་རུ་འོངས་བ་ལགས།
51དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོའི་ཕྱིར་ལ་ང་གི་བྱེད་གུ།
ཞར་ར་ཡིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། ངའི་མིག་མཐོང་ཡས་འོད་ཀྱིན་མཛད་རོགས་གནང་།
52དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། རང་གི་ལམ་ཁ་ལ་སོང་། ཁྱོད་རེ་དད་པ་ཡིས་ཁྱོད་བཅོས་ག་བྱུང་སོང་། ལམ་སང་མི་གོ་མིག་མཐོང་གིན་བྱུང་བ་ལགས། དེ་ནས་ཡེ་ཤུ་ཡི་གཤམ་པ་ལ་འབྲངས་བ་ལགས།།

Currently Selected:

མར་ཀུ། 10: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in