མར་ཀུ། 11
11
ཡེ་རུ་ཤ་ལེམ་དུ་ཡེ་ཤུ་ཕེབས་པ།
(མད་ཐཱ། ༢༡:༡-༡༡; ལུ་ཀ། ༡༩:༢༨-༤༠; ཡོ་ཧ་ནན། ༡༢:༡༢-༡༩)
1ཡེ་ཤུ་དང་ཉེ་གནས་ཀྱ་ཡེ་རུ་ཤ་ལེམ་གྱི་ཉེ་རུ་འོད་ཀྱིན་སྐྱུར་རུ་ཤིང་གི་རི་འགྲམ་དུ་འོད་ཀྱིན་བེད་ཕཱ་གེ་དང་བེད་ཐ་ནི་རུ་སླེབས་པ་ལགས། དེ་ནས་ཁོང་པ་ཡིས་ཉེ་གནས་གཉིས་ལ། 2འདི་གསུངས་རེ་བརྫངས་བ་ལགས། ཁྱེད་ཀྱ་ཡི་གདོང་དུ་འོད་ཀྱིན་ཡུལ་ལ་སོང་། དེ་ནས་འོ་དུ་རུ་སླེབ་ལུང་མེད་ད་ལ་སུའང་བཞོན་མ་མྱོང་གིན་བོང་ཕྲུག་གཅིག་བཏགས་ཏེ་བཞག་ཞ་མཐོང་གི་ལགས། འོ་དེ་ལ་བཀྲོལ་རེ་འཁྲིད་དེ་ཤོག 3དེ་ནས་མི་ཀྱ་ཡིས་གི་བྱེད་ད་ལེ་སྨྲས་རེ་འདྲི་ན། འི་ཀི་གཙོ་བོ་ལ་འདི་དགོས་ལི། དེ་ནས་ཁོང་པ་ཡིས་ལམ་སང་ལོག་གི་ལགས་སྨྲས་རེ་སྨྲོས།
4དེ་ནས་ཁོང་ཀྱ་སོང་རེ་བོང་ཕྲུག་གཅིག་སྒོ་ཕི་ད་ཡི་ལམ་ཁ་རུ་བཏགས་ཏེ་བཞག་ཞ་གོ་མཐོང་བ་ལགས། དེ་ནས་བཀྲོལ་བ་ལགས། 5འོ་དུ་རུ་ལངས་རེ་བསྡད་ད་རིང་འགའ་ཡིས་ཁྱེད་ཀྱ་བོང་ཕྲུག་བཀྲོལ་རེ་གི་བྱེད་ད་ལེ་སྨྲས་རེ་དྲིས་བ་ལགས། 6ཁོང་གཉིས་བོ་ཡིས་ཡེ་ཤུ་ཡི་བཀའ་གནང་གིན་ཅོག་རེ་སྨྲས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་གཉིས་བོ་ལ་བཏང་བ་ལགས།
7ཁོང་གཉིས་བོ་ཡིས་ཡེ་ཤུ་འགྲམ་དུ་བོང་ཕྲུག་ཁྲིད་དེ་འོངས་བ་ལགས། དེ་ནས་རང་གི་གོས་ལག་བུད་དེ་བོང་ཕྲུག་ཁར་ལ་བརྒྱབ་སྟེ་ཡེ་ཤུ་འོ་དེ་ཁར་ལ་བཅིབས་པ་ལགས། 8མི་མང་ཆེ་ཡིས་རང་གི་གོས་ལག་ཀྱ་ལམ་ཁ་ལ་བཏིང་བ་ལགས། དེ་ནས་གཞན་མ་ཀྱ་ཡིས་ཞིང་ནས་བཅད་དེ་འོངས་བ་ཡལ་ག་ཀྱ་ལམ་ཁ་ལ་བཀྲམ་པ་ལགས། 9དེ་ནས་ཁོང་པ་ཡི་གདོང་གདོང་ལ་འགྲོ་མཁན་དང་གཤམ་གཤམ་ལ་འབྲང་མཁན་ཀྱ་ཡིས་སྐད་ཆེ་བརྒྱབ་སྟེ་སྨྲས་བ་ལགས། ཧོ་ཤ་ཨ་ནཱ། གཙོ་བོ་མཚན་ལ་ཕེབས་མཁན་གོ་ལ་བྱིན་རླབས་འོང་བར་ཤོག#གསུང་མགུར། ༡༡༨:༢༥,༢༦ 10འོ་རི་ཡབ་དཱ་བིད་ཀྱི་རྒྱལ་སྲིད་འོང་གིན་འདི་ལ་བྱིན་རླབས་འོང་བར་ཤོག མཐོ་ཤོས་རུ་བཞུགས་མཁན་ལ་ཧོ་ཤ་ཨ་ནཱ།
11ཡེ་རུ་ཤ་ལེམ་དུ་ཕེབས་ཏེ་ཡེ་ཤུ་མཆོད་ཁང་ནང་དུ་ཕེབས་པ་ལགས། དེ་ནས་མཐའ་སྐོར་གི་རི་ལ་གཟིགས་པ་ལགས། དེ་ནས་ཕི་རག་སྟེ་ཉེ་གནས་བཅུ་གཉིས་མུ་ལ་བེད་ཐ་ནི་རུ་ལོག་སྟེ་ཕེབས་པ་ལགས།
ཤིང་ཏོག་མེད་ཀྱིན་སྡོང་པོ།
(མད་ཐཱ། ༢༡:༡༨-༡༩)
12ཉེ་དྲོ་གོ་བེད་ཐ་ནི་ནས་ཁོང་པ་ཀྱ་ཕེབས་བའི་གང་ལ་ཡེ་ཤུ་བཀྲེས་བ་ལགས། 13དེ་ནས་ལོ་མ་ཡིས་གཏུམ་ད་སེ་ཡབ་ཀྱི་རྡོང་པོ་གཅིག་རྒྱང་ནས་ཁོང་པ་ཡིས་གཟིགས་ཏེ། འོ་དུ་རུ་མཆོད་ཡས་ལ་ཤིང་ཏོག་རེས་འོད་གྲོ་བསམས་ཏེ་འགྲམ་དུ་ཕེབས་པ་ལགས། ཡིན་ནའང་སེ་ཡབ་ཀྱི་རྡོང་པོ་ལ་ཤིང་ཏོག་སྐྱེ་མ་རིན་པ། ལོ་མ་མ་ན་གཞན་མ་གིའང་མེད་ཀྱིན་གོ་ཁོང་པ་ཡིས་གཟིགས་པ་ལགས། 14དེ་ནས་ཁོང་པ་ཡིས་འོ་དེ་རྡོང་པོ་ལ་གསུངས་བ་ལགས། དི་རིང་ནས་ཧ་ལ་ཁྱོའི་ཤིང་ཏོག་མི་སུས་མ་ཟ་ཤོག དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་འོ་དེ་གོ་པ་ལགས།
ཡེ་ཤུ་མཆོད་ཁང་དུ།
(མད་ཐཱ། ༢༡:༡༢-༡༧; ལུ་ཀ། ༡༩:༤༥-༤༨; ཡོ་ཧ་ནན། ༢:༡༣-༢༢)
15ཁོང་པ་ཀྱ་ཡེ་རུ་ཤ་ལེམ་དུ་ཕེབས་ཏེ་ཡེ་ཤུ་མཆོད་ཁང་དུ་ཕེབས་པ་ལགས། དེ་ནས་དམར་མཆོད་ཀྱི་ཕྱིར་ལ་སེམས་ཅན་ཀྱ་ཉོས་ཀྱིན་དང་བཙོང་གིན་ཀྱ་ལ་ཕི་ལ་བཏོན་ད་མཛད་པ་ལགས། དེ་ནས་དངུལ་བརྗེས་མཁན་ཀྱ་ཡི་ཅོག་ཙེ་ཀྱ་དང་པུང་མོ་བཙོང་མཁན་ཀྱ་ཡི་རྐུབ་ཀྱག་ཀྱ་བསློགས་བ་མཛད་པ་ལགས། 16དེ་ནས་ཁོང་པ་ཡིས་མི་སུ་ལའང་ཚོང་ཟོག་ཁྱེར་ཏེ་མཆོད་ཁང་ནས་བྱུང་རེ་འགྲོ་རུ་མ་བཅུག་པ་ལགས། 17དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཆོས་གནང་བའི་གནང་བའི་གསུངས་བ་ལགས། ངའི་ཁང་པ་ནི་མི་རིགས་གི་རིའི་ཕྱིར་ལ་སྨོན་ལམ་བརྒྱབ་ཡས་ཀྱི་ཁང་པ་སྨྲས་རེ་སྨྲ་གི་ལགས་#ཡེ་ཤ་ཡཱ། ༥༦:༧; ཡེར་མི་ཡཱ། ༧:༡༡གསུངས་རེ་དཀོན་མཆོག་གི་གསུང་རབ་ལ་དེ་རེ་བྲིས་མིན་འདུག་བའི། ཡིན་ནའང་ཁྱེད་ཀྱ་ཡིས་དེ་ལ་ཇག་པ་ཀྱ་ཡི་ཚང་བཟོ་འདུག 18དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་དེ་ལབ་གོ་སྟེ། ཁོང་པ་ལ་གང་གི་བྱས་རེ་བསད་ཡས་སྨྲས་རེ་ཇུས་བྱས་བ་ལགས། དེ་ནས་ཁོང་ཀྱ་ཡེ་ཤུ་མུ་ལ་འཇིགས་པ་ལགས། གི་བྱས་རེ་སྨྲ་ན་མི་ཚོགས་གི་རི་ཁོང་པ་ཡི་ཆོས་ལ་ཧ་ལས་བ་ལགས། 19དེ་ནས་སྲོད་རུགས་ཏེ་ཡེ་ཤུ་དང་ཉེ་གནས་ཀྱ་རྒྱལ་ས་དེ་ནས་ཕི་ལ་ཕེབས་པ་ལགས།
དད་པ་ཡི་ཤུགས།
(མད་ཐཱ། ༢༡:༢༠-༢༢)
20ཉེ་དྲོ་སྔ་རོག་གོ་ཁོང་པ་ཀྱ་སེ་ཡབ་ཀྱི་རྡོང་པོ་ནས་ཕེབས་བའི་གང་ལ་འོ་དེ་རྩ་བ་ནས་བསྐམས་ཀ་མཐོང་བ་ལགས། 21དེ་ནས་པེ་ཏྲོ་ཡིས་ཡེ་ཤུ་ཡིས་གསུངས་ཀྱིན་གོ་དྲན་ཏེ་ཁོང་པ་ལ་སྨྲས་བ་ལགས། རབ་བི། གཟིགས་དང་། ཁྱེད་རང་གི་དམོད་མོ་མཛད་ཀྱིན་སེ་ཡབ་ཀྱི་རྡོང་པོ་གོ་བསྐམས་འདུག
22ཡེ་ཤུ་ཡིས་ཁོང་ཀྱ་ལ་ལན་བརྒྱབ་བ་མཛད་པ་ལགས། དཀོན་མཆོག་ལ་དད་པ་བྱེད། 23ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། མི་སུ་གཅིག་གིས་རང་གི་སེམས་ནང་དུ་དོགས་པ་གཅིག་འང་མ་བསགས་པ། རང་གི་སྨྲ་གིན་གོ་འགྲུབ་ཀྱི་ལགས་བསམས་ཏེ་དད་པ་བྱས་རེ། རི་འདི་ལ་དེ་ནས་བཀོག་སྟེ་རྒྱ་མཚོ་ནང་དུ་ལྷིམ་སྨྲས་རེ་སྨྲ་ན། ཁོས་སྨྲ་གིན་གོ་འགྲུབ་ཀྱི་ལགས། 24འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། སྨོན་ལམ་ལ་ཁྱེད་ཀྱ་ཡིས་བསླངས་ཀྱིན་གོ་ཐོབ་ཚར་འོད་སྨྲས་རེ་དད་པ་བྱེད། དེ་ནས་འོ་དེ་ཁྱོད་ལ་འཐོབ་ཀྱི་ལགས། 25ཁྱེད་ཀྱ་སྨོན་ལམ་བརྒྱབ་བའི་གང་ལ་སུའི་མུ་ལ་མེད་འདོད་ཀྱིན་རེས་འོད་ན། འོ་དེ་ལ་དགོངས་པ་སྟེར། དེ་ནས་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཡབ་དཀོན་མཆོག་གིས་ཁྱེད་ཀྱ་ཡི་སྡིག་པ་སེལ་གནང་གི་ལགས། 26[ཡིན་ནའང་མི་གཞན་མ་ལ་དགོངས་པ་མེད་སྟེར་ན། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་ཀྱ་ཡི་ཡབ་དཀོན་མཆོག་གིས་འང་། ཁྱེད་ཀྱ་ཡི་སྡིག་པ་སེལ་གནང་གི་མ་ལགས།]#༡༡:༢༦ ༢༦ འདི་གྷི་རིག་དེབ་རིང་འགའ་ལ་མ་བྲིས་འོད་ད་ལགས།
ཡེ་ཤུ་ཡི་དབང་ཆ་ཡི་སྐོར་ལ་དྲི་བ།
(མད་ཐཱ། ༢༡:༢༣-༢༧; ལུ་ཀ། ༢༠:༡-༨)
27ཡེ་ཤུ་དང་ཉེ་གནས་ཀྱ་ཡེ་རུ་ཤ་ལེམ་དུ་སླེབས་པ་ལགས། དེ་ནས་ཡེ་ཤུ་མཆོད་ཁང་དུ་ཕེབས་བའི་གང་ལ་མཆོད་དཔོན་ཆེ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་། རྒན་པ་ཀྱ་ཁོང་པ་རྩ་རུ་འོངས་བ་ལགས། 28དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། གིན་གྱི་དབང་ཆ་ནས་ཁྱོད་འདི་ལས་ཀ་ཀྱ་བྱེད་ད་ལེ། དེ་རེ་བྱེད་ཡས་ལ་ཁྱོད་ལ་དབང་ཆ་སུས་སྟེར་སོ།
29ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངས་ཁྱེད་ཀྱ་ལ་དྲི་བ་གཅིག་སྐུལ་ལོ། ང་ལ་ལན་རྒྱོབ། དེ་ནས་དབང་ཆ་ག་ནས་ང་དེ་ཀྱ་བྱེད་ད་ལེ་སྨྲས་རེ་སྨྲ་བོ། 30ཡོ་ཧ་ནན་གྱི་ཁྲུས་གསོལ་དེ་ནམ་མཁའི་ཞིང་ཁམས་ནས་འབྱུང་བ་ལེ། ཡང་ན་མི་ནས་འབྱུང་བ་ལེ། ང་ལ་ལན་རྒྱོབ་ཅིག
31དེ་ནས་ཁོང་ཀྱ་རང་རང་ནང་དུ་རྩོད་གླེང་བྱས་རེ་སྨྲས་བ་ལགས། ནམ་མཁའི་ཞིང་ཁམས་ནས་ལགས་སྨྲ་ན་ཁོས་འོ་རང་ལ་གི་བྱས་རེ་ཁོ་ལ་དད་པ་མི་བྱེད་ད་ལེ་སྨྲས་རེ་སྨྲ་གུ་ལགས། 32མི་ནས་ལགས་སྨྲས་རེ་གང་བྱས་རེ་སྨྲ་ཡས། གི་བྱས་རེ་སྨྲ་ན་མི་གི་རི་ཡིས་ཡོ་ཧ་ནན་མངོན་ཤེས་མཁན་གཅིག་ལགས་སྨྲས་རེ་དད་པ་བྱེད་ད་ལགས། འོ་བྱས་རེ་ཁོང་ཀྱ་མི་ཀྱ་ལ་འཇིགས་པ་ལགས།
33འོ་བྱས་རེ་ཁོང་ཀྱ་ཡིས་ཡེ་ཤུ་ལ་ལན་བརྒྱབ་པ་ལགས། འེ་ཀྱ་ལ་ཤེས་ཡས་མེད།
དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ད་དེ་རེ་ཡིན་ན་ང་དབང་ཆ་ག་ནས་དེ་ཀྱ་བྱེད་ད་ལེ་སྨྲས་རེ་ཁྱེད་ཀྱ་ལ་བཤད་ཡས་མིན།།
Currently Selected:
མར་ཀུ། 11: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society