YouVersion Logo
Search Icon

མར་ཀུ། 14

14
ཡེ་ཤུ་ལ་བསད་ཡས་ཀྱི་གྲོས།
(མད་ཐཱ། ༢༦:༡-༥; ལུ་ཀ། ༢༢:༡-༢; ཡོ་ཧ་ནན། ༡༡:༤༥-༥༣)
1ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་གི་དུས་ཆེན་དང་སྐྱུར་རྩི་མེད་ཀྱིན་གྱང་ག་ཟ་གིན་དུས་ཆེན་འོང་ཡས་ལ་ཞག་མོ་གཉིས་འོད་ད་ལགས། དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡེ་ཤུ་ལ་གང་གི་བྱས་རེ་ཟོག་བྱས་རེ་ཟིམ་ཡས་དང་། བསད་ཡས་ཀྱི་ཐབས་ཤེས་བྱས་རེ་བསྡད་འོད་ད་ལགས། 2ཡིན་ནའང་ཁོང་ཀྱ་ཡིས་དེ་རེ་བསམ་བློ་བཏང་བ་ལགས། འོ་དེ་དུས་ཆེན་གང་ལ་ཁོང་པ་ལ་ཟིམ་ཡས་མེད་ད་ལགས། དེ་རེ་བྱེད་ན་མི་ཀྱ་འཁྲུག་གི་ལགས།
བེད་ཐ་ནི་རུ་ཡེ་ཤུ།
(མད་ཐཱ། ༢༦:༦-༡༣; ཡོ་ཧ་ནན། ༡༢:༡-༨)
3དེ་ནས་ཡེ་ཤུ་བེད་ཐ་ནི་རུ་མཛེ་ན་ཚ་འོད་མཁན་སི་མོན་སྨྲ་མཁན་མིའི་ནང་དུ་ཞལ་ལག་བཞེས་ཡས་ལ་བཞུགས་བའི་གང་ལ། བུ་མོ་གཅིག་རྡོ་ཀ་མ་རུའི་བུམ་པ་ནང་དུ་དམི་ཅིག་གི་གོང་ཆེ་དང་སྤང་སྤོས་#༡༤:༣ འདི་ནཱར་དཱི་སྨྲ་གིན་རྡོང་པོ་ལགས། འདི་དྲི་ཞིམ་ཀྱ་བཟོ་ཡས་ལ་བེད་སྤྱོད་བྱེད་ད་ལགས། དངོས་གནས་ནི་བཟོས་ཟ་དྲི་ཞིམ་ཁུར་ཏེ་འོངས་བ་ལགས། དེ་ནས་མོས་འོ་དེ་བུམ་པ་བཅག་སྟེ་དྲི་ཞིམ་གོ་ཡེ་ཤུ་ཡི་དབུ་ཁར་ལ་བླུགས་པ་ལགས། 4འོ་དུ་རུ་མི་རིང་འགའ་ཁོང་ཁྲོ་ལངས་རེ་གཅིག་གིས་གཅིག་ལ་སྨྲས་བ་ལགས། འོ་དེ་གི་བྱས་རེ་སེ་ལ་ལ་བཏང་ང་ལེ། 5འདི་ནི་དངུལ་གྱི་ཊམ་ཀ་སུམ་བརྒྱ་ནས་མང་ང་ལ་བཙོངས་རེ་འོ་དེ་དངུལ་དབུལ་སྤྲེ་ཀྱ་ལ་སྟེར་ཡས་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་མོ་ལ་ཨང་ཇི་བཏང་བ་ལགས།
6ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། མོ་ལ་བོར། ཁྱེད་ཀྱ་གི་བྱས་རེ་མོ་ལ་སྡུག་པོ་སྟེར་ར་ལེ། མོས་ང་ལ་ལས་ཀ་བཟང་པོ་གཅིག་བྱས་འདུག 7གི་བྱས་རེ་སྨྲ་ན་དབུལ་སྤྲེ་མི་ཀྱ་ཁྱེད་ཀྱ་མུ་ལ་ཙོག་བའི་འོང་གི་ལགས། དེ་ནས་ནམ་ཁྱེད་ཀྱ་འཐད་འདིག་བའི། འོ་དེ་གང་ལ་ཁོང་ཀྱ་ཕྱིར་ལ་དགའ་བྱེད་ན་འགྲིག་གུ་ལགས། ཡིན་ནའང་ང་ཁྱེད་ཀྱ་མུ་ལ་ཙོག་བའི་འོང་གུ་མ་ལགས། 8མོས་གི་བྱེད་ཐུབ་ཀྱིན་གོ་བྱས་བ་ལགས། དེ་ནས་ང་དུར་ཁྲོད་དུ་འགྲོ་ཡས་ཀྱི་ཕྱིར་ལ་མོས་ངའི་གཟུགས་ལ་དྲི་ཞིམ་ཨེན་དུ་རུ་བླུགས་པ་ལགས། 9ང་དངོས་གནས་ཁྱེད་ཀྱ་ལ་སྨྲ་ཡིན། འཛམ་བུ་གླིང་ནང་ག་རུ་ག་རུ་གཏམ་བཟང་བཤད་ལི། འོ་དུ་རུ་མོ་ལ་དྲན་གསོ་བྱེད་ཡས་ལ་མོས་བྱས་བྱ་ལས་ཀ་འདི་འང་བཤད་ཀྱི་ལགས།
ཡུ་དཱ་ཡེ་ཤུ་ཡི་དགྲ་འབྱུང་གིན།
(མད་ཐཱ། ༢༦:༡༤-༡༦; ལུ་ཀ། ༢༢:༣-༦)
10དེ་ནས་ཉེ་གནས་བཅུ་གཉིས་ཀྱ་ནས་གཅིག་ཡུ་དཱ་ཨཱིས་ཀ་རི་ཨཱོད་གོ་ཡེ་ཤུ་ལ་མཆོད་དཔོན་ཆེ་ཀྱ་ཡི་ལག་ལ་རྩི་བརྒྱབ་ཡས་ལ་ཁོང་ཀྱ་རྩ་རུ་སོང་བ་ལགས། 11དེ་ནས་མཆོད་དཔོན་ཆེ་ཀྱ་ཡིས་དེ་གོ་སྟེ་དམི་ཅིག་གི་ཉམ་མོ་དགྱེས་རེ་ཁོ་ལ་དངུལ་སྟེར་ཡས་ཀྱི་མནའ་བསྐྱལ་བ་ལགས། དེ་ནས་ཁོ་ཡེ་ཤུ་ལ་གང་གི་བྱས་རེ་རྩི་བརྒྱབ་ཡས་སྨྲས་རེ་གོ་སྐབས་བཙལ་ཡས་འགོ་བཙུགས་པ་ལགས།
མཐའ་མའི་བཞུགས་གྲལ།
12དེ་ནས་སྐྱུར་རྩི་མེད་ཀྱིན་གྱང་ག་ཟ་གིན་དུས་ཆེན་གྱི་ཉིན་མ་དང་པོ་གོ་ལ་ཡེ་ཤུའི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་གི་ཕྱིར་ལ་པེ་སག་གི་དུས་ཆེན་གྱི་བཞུགས་གྲལ་ག་རུ་སོང་རེ་གྲ་སྒྲིག་བྱེད་གུ། འོ་དེ་ཉིན་མ་གོ་ཐར་པ་ཐོབ་ཐོ་བ་དུས་ཆེན་ལ་ལུག་ཕྲུག་གི་དམར་མཆོད་འབུལ་ལ་ལགས།
13དེ་ནས་ཡེ་ཤུ་ཡིས་ཉེ་གནས་ཀྱ་ནས་མི་གཉིས་ལ་དེ་རེ་གསུངས་རེ་བརྫངས་བ་ལགས། རྒྱལ་ས་ནང་དུ་སོང་། དེ་ནས་ཆུ་འཁྱེར་ཏེ་རྒྱུག་མཁན་མི་གཅིག་ཁྱེད་ཀྱ་ལ་ཐུག་གི་ལགས། ཁོའི་གཤམ་པ་ལ་སོང་། 14དེ་ནས་ཁོ་སླེབ་ཀྱིན་ཁང་པ་ཡི་བདག་པོ་ལ། སློབ་དཔོན་ལགས་ཀྱི་ཁོང་པ་རང་དང་ཉེ་གནས་ཀྱ་བཞུགས་གྲལ་བཤམ་ཡས་ཁྱིམ་གོ་ག་རུ་ལེ་སྨྲས་རེ་གསུངས་སོང་སྨྲས་རེ་སྨྲོས། 15དེ་ནས་ཁོས་ཁྱེད་ཀྱ་ལ་ཁྱིམ་སྟོད་ལ་འོད་ཀྱིན་དམི་ཅིག་གི་མཛེས་བ་བྱས་རེ་བཞག་ཞ་ཁང་པ་ཆེ་གཅིག་སྟོན་གྱི་ལགས། འོ་དུ་རུ་གྲ་སྒྲིག་བྱེད། 16དེ་ནས་འོ་དེ་ཉེ་གནས་ཀྱ་སོང་རེ་རྒྱལ་ས་ནང་དུ་འཛུལ་བ་ལགས། དེ་ནས་ཁོང་པ་ཡིས་གསུངས་ཀྱིན་ཅོག་རེ་ཐུག་པ་ལགས། དེ་ནས་ཁོང་ཀྱ་ཡིས་པེ་སག་གི་དུས་ཆེན་གྱི་བཞུགས་གྲལ་གོ་གྲ་སྒྲིག་བྱས་བ་ལགས། 17དེ་ནས་དགོང་མོ་ཡེ་ཤུ་ཉེ་གནས་བཅུ་གཉིས་མུ་ལ་འོ་དུ་རུ་ཕེབས་པ་ལགས། 18དེ་ནས་ཁོང་པ་ཀྱ་བཞུགས་ཏེ་ཞལ་ལག་བཞེས་ལི་གང་ལ། ཡེ་ཤུ་ཡིས་གསུངས་བ་ལགས། ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ནས་མི་གཅིག་གིས་ང་ལ་དགྲ་ཡི་ལག་པ་ལ་རྩི་བརྒྱབ་ཀྱི་ལགས།
19ཁོང་ཀྱ་དམི་ཅིག་གི་སེམས་སྡུག་སྟེ་གཅིག་གི་གཤམ་པ་ནས་གཅིག་བྱས་རེ་ཡེ་ཤུ་ལ་དྲི་བ་ཞུས་བ་ལགས། འོ་དེ་གོ་ང་ལེ།
20ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་དེ་ཁྱེད་བཅུ་གཉིས་ནས་གཅིག་ལགས། ང་མུ་ལ་ཕོར་ར་ནང་དུ་གྱང་ག་བཅུག་གིན་གཅིག་ལགས། 21གི་བྱས་རེ་སྨྲ་ན་མིའི་བུ་ལ་ཁོའི་སྐོར་ལ་བྲིས་བྲ་ཅོག་རེ་འབྱུང་དགོས་ཀྱི་ལགས། ཡིན་ནའང་ཁོ་ལ་དགྲ་ཡི་ལག་པ་ལ་རྩི་བརྒྱབ་ཀྱིན་མི་དེ་ལ་གིན་གྱི་སྡུག་པོ་འབྱུང་གི་ལགས། ཁོ་ནམ་མའང་མ་སྐྱེས་འོད་ན་དམི་ཅིག་གི་དགའ་འབྱུང་ཡས་འོད། 22དེ་ནས་ཁོང་ཀྱ་བཟས་རེ་བསྡད་དེ་གང་ལ། ཡེ་ཤུ་ཡིས་གྱང་ག་གཅིག་ཕྱག་ལ་བསྣུམས་ཏེ་སྨོན་ལམ་བརྒྱབ་སྟེ་བཅག་མཛད་པ་ལགས། དེ་ནས་ཁོང་ཀྱ་ལ་སྟེར་ཏེ་གསུངས་བ་ལགས། ལེན། འདི་ངའི་ལུས་ལགས། 23དེ་ནས་ཁོང་པ་ཡིས་ཕོར་ར་གཅིག་བསྣུམས་ཏེ། དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུས་རེ་ཁོང་ཀྱ་ལ་སྟེར་མཛད་པ་ལགས། དེ་ནས་ཁོང་ཀྱ་གི་རི་ཡིས་འོ་དེ་ནས་འཐུང་བ་ལགས།
24དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། འདི་ནི་དམ་བཅའ་གསར་པ་ཡི་ངའི་ཁྲག་ལགས། འདི་མི་དམི་ཅིག་གི་མང་ང་ཡི་ཕྱིར་ལ་བླུག་གི་ལགས། 25ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དཀོན་མཆོག་གི་རྒྱལ་ཁབ་ཀྱི་ནང་དུ་འདི་གསར་པ་མ་འཐུང་གིན་ཐུག་པའི་ང་ཡང་ད་རྒུན་འབྲུམ་གྱི་ཁུ་བ་འཐུང་ཡས་མིན། 26དེ་ནས་ཁོང་ཀྱ་ཡིས་བསྟོད་གླུ་གཅིག་བཏང་རེ་སྐྱུར་རུ་ཤིང་གི་རི་ཕྱོགས་ལ་ཕེབས་པ་ལགས།
པེ་ཏྲོ་ཡིས་ངོ་ལོག་བྱེད་ཀྱིན་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས།
(མད་ཐཱ། ༢༦:༣༡-༣༥; ལུ་ཀ། ༢༢:༣༡-༣༤; ཡོ་ཧ་ནན། ༡༣:༣༦-༣༨)
27དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་རི་རྒྱབ་ལོག་སྟེ་འགྲོ་གི་ལགས། གི་བྱས་རེ་སྨྲ་ན་དེ་རེ་བྲིས་འོད་ད་ལགས།
ང་ལུག་རྫི་ལ་བསད་ཡས་ཡིན།
དེ་ནས་ལུག་ཀྱ་འཐོར་ཏེ་འགྲོ་གི་ལགས།#ཟེ་ཀ་རི་ཡཱས། ༡༣:༧
28ཡིན་ནའང་ང་གསོན་པོ་ལངས་རེ་ང་ཁྱེད་ཀྱ་ནས་ཨེན་ལ་ག་ལིལ་དུ་འགྲོ་ཡས་ཡིན།
29པེ་ཏྲོ་ཡིས་ཁོང་པ་ལ་སྨྲས་བ་ལགས། ཁོང་གི་རི་རྒྱབ་ལོག་སྟེ་འགྲོ་ནའང་ང་འགྲོ་ཡས་མིན།
30དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དི་རིང་དགོང་མོ་རང་བྱ་ཕོ་ཡིས་ཐེངས་མ་གཉིས་སྐད་བརྒྱབ་ཡས་ཨེན་ལ། ཁྱོས་ང་ལ་ཐེངས་མ་གསུམ་ངོ་ལོག་གི་ལགས།
31ཡིན་ནའང་པེ་ཏྲོ་ཡིས་ཡོལ་ལེ་ཤུགས་བརྒྱབ་སྟེ་སྨྲས་བ་ལགས། ང་ཁྱེད་རང་མུ་ལ་ཤི་དགོས་ནའང་ང་ངོ་ལོག་ཡས་མིན། དེ་ནས་ཁོང་གི་རི་ཡིས་འོ་དེ་རང་སྨྲས་བ་ལགས།
གེད་སེ་མཱ་ནི་སྨྲ་གིན་ས་ཆ་རུ་ཡེ་ཤུ་སྨོན་ལམ་འབུལ་བ།
(མད་ཐཱ། ༢༦:༣༦-༤༦; ལུ་ཀ། ༢༢:༣༩-༤༦)
32འོ་དེ་གཤམ་ནས་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་གེད་སེ་མཱ་ནི་སྨྲ་གིན་ས་ཆ་དུ་ཕེབས་པ་ལགས། དེ་ནས་ཁོང་པ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ང་སྨོན་ལམ་བརྒྱབ་བའི་གང་ལ་ཁྱེད་ཀྱ་དུ་རུ་སྡོད། 33དེ་ནས་ཁོང་པ་ཡིས་པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་ལ་རང་མུ་ལ་ཁྲིད་མཛད་པ་ལགས། དེ་ནས་ཁོང་པ་ཡི་སྙིང་དམི་ཅིག་གི་སྡུག་བསྔལ་གྱིས་ཁངས་རེ་འཁྲུགས་པ་ལགས། 34ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའི་སེམས་འཆི་བ་ཐུག་པའི་དམི་ཅིག་གི་སྡུག་བསྔལ་གྱིས་ཁངས་འདུག། ཁྱེད་ཀྱ་དུ་རུ་གཉིད་མ་ལོག་བར་སྡོད། 35དེ་ནས་ཁོང་པ་ཧ་ཚོད་ལ་ཕེབས་ཏེ་ས་ལ་གུག་མཛད་དེ། འོ་དེ་དུས་ཚོད་དེ་ཁོང་པ་ནས་ཐར་ཏེ་འགྲོ་ཡས་འོད་ན་འགྲོ་བར་ཤོག་སྨྲས་རེ་སྨོན་ལམ་ཕུལ་བ་ལགས། 36ཁོང་པ་ཡིས་གསུངས་བ་ལགས། ཡབ་པ་ལགས། ཁྱེད་རང་གིས་གི་རི་མཛད་ཐུབ་ཀྱི་ལགས། སྡུག་པོའི་ཕོར་ར་འདི་ང་ནས་ཧ་ལ་འཁྱེར་ར་མཛད་རོགས་གནང་། ཡིན་ནའང་ངའི་འདོད་པ་ཅོག་རེ་མིན་ད། ཁྱེད་རང་གི་འདོད་པ་ཅོག་རེ་འོང་བར་ཤོག
37དེ་ནས་ཁོང་པ་ཉེ་གནས་གསུམ་རྩ་རུ་སླེབས་མཛད་དེ་ཁོང་ཀྱ་གཉིད་ལོག་སྟེ་བསྡད་ཀྱིན་ཐུག་པ་ལགས། ཁོང་པ་ཡིས་པེ་ཏྲོ་ལ་གསུངས་བ་ལགས། སི་མོན། ཁྱོད་གཉིད་ལོག་བ་ལེ། ཁྱོད་ཆུ་ཚོད་གཅིག་གཅིག་འང་གཉིད་མ་ལོག་བ་བསྡད་མི་ཐུབ་བའི། 38ཚོད་ལྟ་ལ་མ་ཤོར་ར་ཤོག་སྨྲས་རེ་མ་ཉལ་བ་གསོལ་བ་རྒྱོབ། ཁྱེད་ཀྱ་ཡི་སེམས་གྲ་སྒྲིག་འདུག།ཡིན་ནའང་ལུས་སྐྱོ་བ་འདུག
39དེ་ནས་ཡེ་ཤུ་ཡང་ཁོང་ཀྱ་ལ་བོར་ཏེ་ཕེབས་ཏེ་ཨེན་མ་ཅོག་རེ་གསོལ་བ་གོ་ཕུལ་བ་ལགས། 40དེ་ནས་ཡང་ཁོང་པ་ཁོང་གསུམ་རྩ་རུ་ཕེབས་ཏེ་ཁོང་ཀྱ་གཉིད་ལོག་སྟེ་བསྡད་ད་ཐུག་པ་ལགས། ཁོང་ཀྱ་ཡི་མིག་གཉིད་ཀྱིས་བྱས་རེ་གདངས་རེ་བསྡད་མ་ཐུབ་པ་ལགས། དེ་ནས་ཁོང་པ་ལ་ལན་གི་སྟེར་ཡས་སྨྲས་རེ་མ་ཤེས་བ་ལགས།
41དེ་ནས་ཁོང་པ་ཁོང་གསུམ་རྩ་རུ་ཐེངས་མ་གསུམ་པ་གོ་ལ་ཕེབས་བའི་གང་ལ་གསུངས་བ་ལགས། ཁྱེད་ཀྱ་དོ་རང་འང་ཉལ་རེ་ངལ་གསོས་བསྡད་ད་ལེ། ད་བྱུང་སོང་། དུས་ཚོད་སླེབས་ཚར་འདུག མིའི་བུ་སྡིག་ཅན་ཀྱ་ཡི་ལག་པ་ལ་རྩི་བརྒྱབ་ཡས་བྱེད་འདིག 42ལོངས། དེ་ནས་འགྲོ། ང་ལ་དགྲ་ཡི་ལག་པ་ལ་རྩི་བརྒྱབ་མཁན་མི་འོང་ཚར་འདུག
ཡེ་ཤུ་ཟིམ་པ།
(མད་ཐཱ། ༢༦:༤༧-༥༦; ལུ་ཀ། ༢༢:༤༧-༥༣; ཡོ་ཧ་ནན། ༡༨:༣-༡༢)
43ཡེ་ཤུ་གསུངས་བའི་གང་ལ་ལམ་སང་ཉེ་གནས་བཅུ་གཉིས་ནས་གཅིག་ཡུ་དཱ་འོ་དུ་རུ་སླེབས་པ་ལགས། ཁོ་མུ་ལ་མཆོད་དཔོན་ཆེ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་། འགོ་ཁྲིད་ཀྱ་ཡི་མི་མང་ཀྱ་རལ་གྲི་དང་རྒྱུག་པ་ཁྱེར་ཏེ་འོངས་བ་ལགས། 44ཁོང་པ་ལ་དགྲ་ཡི་ལག་པ་ལ་རྩི་བརྒྱབ་མཁན་གྱིས་ཁོང་ཀྱ་ལ་དེ་རེ་སྨྲས་རེ་རྟགས་སྟེར་པ་ལགས། ངས་འོ་བྱེད་ཀྱིན་མི་གོ་རང་ལགས། ཁོ་ལ་ཟིམ་ཏེ་སྲུང་གིན་མི་བཞག་སྟེ་འཁྲིད་དེ་སོང་།
45དེ་ནས་ཡུ་དཱ་འོ་དུ་རུ་སླེབས་ལུང་མེད་ད་ལ་ཁོང་པ་རྩ་རུ་སོང་རེ་སྨྲས་བ་ལགས། སློབ་དཔོན་ལགས། དེ་ནས་ཁོང་པ་ཡི་འགྲམ་པ་ལ་འོ་བྱས་བ་ལགས། 46དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཟིམ་པ་ལགས། 47ཡིན་ནའང་འོ་དུ་རུ་ལངས་རེ་བསྡད་ད་ཀྱ་ནས་གཅིག་གིས་ཁོ་རི་གྲི་བཏོན་ཏེ་གཙོ་མཆོད་དཔོན་གྱི་གཡོག་པོ་གཅིག་ལ་བརྒྱབ་སྟེ། ཁོའི་ཨམ་མཆོག་བཅད་པ་ལགས།
48དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གྲི་ཀྱ་དང་རྒྱུག་པ་ཁྱེར་ཏེ་ང་ལ་ཇག་པ་གཅིག་ཅོག་རེ་ཟིམ་དུ་འོང་ང་ལེ། 49ཉིན་མ་ཏེན་ཀྱ་ང་མཆོད་ཁང་དུ་བསླབས་བའི་གང་ལ་ཁྱེད་ཀྱ་མུ་ལ་འོད་ད་ལགས། དེ་ནས་ཁྱེད་ཀྱ་ཡིས་ང་ལ་ཟིམ་གྱི་མིན་འདུག ཡིན་ནའང་ཆོས་ཁྲིམས་ལ་བྲིས་བྲ་དེ་འགྲུབ་བར་ཤོག 50དེ་ནས་ཁོང་པ་ཡི་ཉེ་གནས་གི་རི་ཁོང་པ་ལ་བོར་ཏེ་བྲོས་རེ་སོང་བ་ལགས།
51དེ་ནས་ཁོ་རི་གཟུགས་ལ་རས་གཅིག་གིས་དཀྲིས་རེ་རྒྱུག་མཁན་བི་ཛ་ཁྱོག་ཐོང་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། ཁོང་ཀྱ་ཡིས་འོ་དེ་བི་ཛ་ལ་ཟིམ་པ་ལགས། 52ཡིན་ནའང་ཁོ་རས་གོ་བོར་ཏེ་དམར་ཧྲང་ཡི་བང་བཏང་རེ་སོང་བ་ལགས།
ཡེ་ཤུ་ཚོགས་འདུ་གྱི་གདོང་དུ།
(མད་ཐཱ། ༢༦:༥༧-༦༨; ལུ་ཀ། ༢༢:༥༤-༥༥,༦༣-༧༡; ཡོ་ཧ་ནན། ༡༨:༡༣-༡༤,༡༩-༢༤)
53དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་གཙོ་མཆོད་དཔོན་གྱི་ཁང་པ་རུ་ཁྲིད་པ་ལགས། དེ་ནས་མཆོད་དཔོན་ཆེ་ཀྱ་དང་། འགོ་ཁྲིད་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་གི་རི་མུ་ལ་འོ་དུ་རུ་འོད་ད་ལགས། 54པེ་ཏྲོ་གཙོ་མཆོད་དཔོན་གྱི་ཨང་སྒོ་ནང་དུ་ཁོང་པ་ལ་ཐག་རིང་ནས་འབྲངས་རེ་འོངས་བ་ལགས། དེ་ནས་ཁོ་འོ་དེ་སྲུང་མཁན་ཀྱ་མུ་ལ་མེ་བསྲོས་རེ་བསྡད་པ་ལགས།
55དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཚོགས་འདུ་རུ་འོད་མཁན་གི་རི་ཡིས་ཡེ་ཤུ་བསད་དུ་བཅུག་ཡས་ལ་དཔང་པོ་བཙལ་ཡས་ཐབས་ཤེས་བྱས་བ་ལགས། ཡིན་ནའང་ཁོང་ཀྱ་ལ་སུའང་མ་རྙེད་པ་ལགས། 56མི་མང་ང་ཡིས་དཔང་པོ་ཟོག་པ་སྟེར་པ་ལགས། ཡིན་ནའང་ཁོང་ཀྱ་ཡི་དཔང་པོ་གོ་ཁོ་རང་ཀྱ་ནང་དུ་མ་མཐུན་པ་ལགས། 57མི་རིང་འགའ་ལངས་རེ་ཁོང་པ་ལ་དཔང་པོ་ཟོག་པོ་སྟེར་ཏེ་དེ་རེ་སྨྲས་བ་ལགས། 58མིའི་ལག་པ་ཡིས་བཟོས་ཟ་དཀོན་མཆོག་གི་མཆོད་ཁང་དེ་བཤིག་སྟེ། ལག་པ་ཡིས་བརྩིགས་ཙ་མིན་ད་གཞན་མ་མཆོད་ཁང་གཅིག་ངས་ཞག་མོ་གསུམ་ནང་ལ་རྩིག་བོ་སྨྲས་རེ་ཁོས་སྨྲ་གིན་གོ་འི་ཀིས་གོ་སོང་། 59ཡིན་ནའང་དཔང་པོ་བྱས་བྱ་དེ་ལབ་གོའང་མ་མཐུན་པ་ལགས།
60དེ་ནས་གཙོ་མཆོད་དཔོན་འདི་གུང་དུ་ལངས་རེ་ཡེ་ཤུ་ལ་དྲིས་བ་ལགས། མི་དེ་ཀྱ་ཁྱོད་ལ་སྐྱོན་བཙུགས་ཀྱིན་དེ་གི་ལེ། ཁྱོད་ལན་གཅིག་འང་མེད་བརྒྱབ་བ་ལེ། 61ཡིན་ནའང་ཡེ་ཤུ་ཡིས་གིའང་མ་གསུངས་བ་བཀའ་ལན་མ་གནང་བ་ལགས། ཡང་གཙོ་མཆོད་དཔོན་གྱིས་ཁོང་པ་ལ་དྲིས་བ་ལགས། ཁྱོད་ནི་བྱིན་རླབས་ཅན་གྱི་སྲས་མཱ་ཤི་ཀ་གོ་ལེ།
62ཡེ་ཤུ་ཡིས་གསུངས་བ་ལགས། ང་ཡིན། དེ་ནས་ཁྱེད་ཀྱ་ཡིས་མིའི་བུ་ཀུན་དབང་གི་ཕྱག་གཡས་རུ་བཞུགས་ཞ་དང་ནམ་མཁའ་ནས་སྲིང་ཀྱ་མུ་ལ་བབ་ཀྱིན་གོ་མཐོང་གི་ལགས།
63དེ་ནས་གཙོ་མཆོད་དཔོན་གྱིས་རང་གི་གོས་རལ་རེ་སྨྲས་བ་ལགས། ད་འོ་རང་ལ་གཞན་མ་དཔང་པོ་གི་བྱས་རེ་དགོས་ཡས་འདུག་བོ། 64ཁོས་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གོ་ཁྱེད་ཀྱ་ཡིས་གོ་སོང་། ད་ཁྱེད་ཀྱ་ཡི་བསམ་ཞིབ་ག་རེ་འོད་དོ། དེ་ནས་གི་རི་ཡིས་ཁོ་བསད་དགོས་ཀྱི་ལགས་སྨྲས་རེ་ཐག་བཅད་པ་ལགས། 65དེ་ནས་མི་རིང་འགའ་ཡིས་ཁོང་པ་ལ་མཆིལ་མ་གཏོར་ཏེ་ཞལ་རས་ཀྱིས་གཏུམ་སྟེ། མཛོག་རི་བརྒྱབ་སྟེ་སྨྲས་བ་ལགས། རང་ལ་སུས་བཞུས་སོ། མངོན་ཤོད་དང་། དེ་ནས་སྒོ་སྲེ་ཀྱ་ཡིས་ཁོང་པ་ལ་ཁྲིད་དེ་འགྲམ་ལྕག་བཞུས་པ་ལགས།
པེ་ཏྲོ་ཡིས་ཡེ་ཤུ་ལ་ངོ་ལོག་པ།
(མད་ཐཱ། ༢༦:༦༩-༧༥; ལུ་ཀ། ༢༢:༥༦-༦༢; ཡོ་ཧ་ནན། ༡༨:༡༥-༡༨,༢༥-༢༧)
66དེ་ནས་པེ་ཏྲོ་འོག་དུ་ཨང་སྒོ་རུ་བསྡད་དེ་གང་ལ་གཙོ་མཆོད་དཔོན་གྱི་གཡོག་མོ་ཀྱ་ནི་གཅིག་འོངས་བ་ལགས། 67དེ་ནས་པེ་ཏྲོ་མེ་བསྲོས་རེ་བསྡད་ཀྱིན་གོ་མཐོང་རེ། མོས་ཁོ་ལ་བལྟས་རེ་སྨྲས་བ་ལགས། ན་ཙ་རེད་པ་ཡེ་ཤུ་མུ་ལ་འོད་མཁན་ཁྱོད་འང་ལགས།
68ཡིན་ནའང་པེ་ཏྲོ་ཡིས་ཁྱོས་གི་སྨྲ་གིན་གོ་ང་ལ་ཤེས་ཡས་མེད། དེ་ནས་ཧ་མེད་གོ་འོད་སྨྲས་རེ་ངོ་ལོག་བྱས་བ་ལགས། དེ་ནས་ཁོ་སྒོ་ཕྱོགས་ལ་སོང་བ་ལགས། དེ་ནས་བྱ་ཕོ་སྐད་བརྒྱབ་པ་ལགས།
69དེ་ནས་གཡོག་མོ་དེ་ཡིས་ཁོ་ལ་མཐོང་རེ། ཡང་ད་འོ་དུ་རུ་ལངས་རེ་བསྡད་ད་ཀྱ་ལ་སྨྲས་བ་ལགས། འདི་མི་དེ་ནི་ཁོང་ཀྱ་ནས་གཅིག་ལགས།
70ཡིན་ནའང་པེ་ཏྲོ་ཡིས་ཡང་ད་ངོ་ལོག་བྱས་བ་ལགས། དེ་ནས་ཏི་ཏེ་གཤམ་ནས་འོ་དུ་རུ་ལངས་རེ་བསྡད་ད་ཀྱ་ཡིས་པེ་ཏྲོ་ལ་སྨྲས་བ་ལགས། ཁྱོད་ག་ལིལ་མི་གཅིག་ལགས། འོ་བྱས་རེ་ཁྱོད་ཁོང་ཀྱ་ནས་གཅིག་འོང་དགོས་ཀྱི་ལགས།
71ཡིན་ནའང་ཁོས་ཁོ་རང་ལ་དམོད་མོ་བརྒྱབ་སྟེ་མནའ་བསྐྱལ་རེ་སྨྲས་བ་ལགས། ཁྱེད་ཀྱ་ཡིས་ལབ་བཏང་གིན་མི་འདི་ལ་ང་ངོ་མེད་ཤེས་འོད།
72དེ་ནས་ལམ་སང་བྱ་ཕོ་སྐད་ཐེངས་མ་གཉིས་བ་བརྒྱབ་སྟེ་པེ་ཏྲོ་ཡིས་ཡེ་ཤུ་ཡིས་ཁོ་རང་ལ་བྱ་ཕོ་ཡིས་ཐེངས་མ་གཉིས་བ་སྐད་བརྒྱབ་ཀྱིན་ཨེན་ལ་ཁྱོས་ང་ལ་ཐེངས་མ་གསུམ་ཐུག་པའི་ངོ་ལོག་བྱེད་ཀྱི་ལགས་སྨྲས་རེ་གསུངས་ཀྱིན་གོ་དྲན་པ་ལགས། དེ་ནས་ཁོ་དམི་ཅིག་གི་སེམས་སྡུག་སྟེ་ངུས་བ་ལགས།།

Currently Selected:

མར་ཀུ། 14: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in