YouVersion Logo
Search Icon

མར་ཀུ། 15

15
ཡེ་ཤུ་དཔོན་པོ་པི་ལ་ཏུ་གདོང་དུ་འཁྲིད་པ།
(མད་ཐཱ། ༢༧:༡-༢,༡༡-༢༦; ལུ་ཀ། ༢༣:༡-༥,༡༣-༢༥; ཡོ་ཧ་ནན། ༡༨:༢༨–༡༩:༡༦)
1ནམ་ལངས་ལུང་མེད་ད་ལ་མཆོད་དཔོན་ཆེ་ཀྱ་དང་། འགོ་ཁྲིད་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ཚོགས་འདུ་རུ་འོད་མཁན་མི་གི་རི་མུ་ལ་གྲོས་བྱས་རེ། ཡེ་ཤུ་ལ་བཀྱིགས་ཏེ་ཁྲིད་དེ་དཔོན་པོ་པི་ལ་ཏུ་ཡི་ལག་ཀ་ལ་རྩིས་བརྒྱབ་པ་ལགས། 2པི་ལ་ཏུ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱོད་ཡ་ཧུ་དཱ་པ་མི་རིགས་ཀྱི་རྒྱལ་བོ་ཡིན་ནེ།
ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་རང་རང་གིས་གསུངས་སོང་། 3དེ་ནས་མཆོད་དཔོན་ཆེ་ཀྱ་ཡིས་ཁོང་པ་ལ་སྐྱོན་འཛུགས་དམི་ཅིག་གི་མང་ང་བཀལ་བ་ལགས། 4དེ་ནས་པི་ལ་ཏུ་ཡིས་ཁོང་པ་ལ་ལྡབ་ལེ་ཞུས་བ་ལགས། མི་དེ་ཀྱ་ཡིས་ཁྱོད་ལ་སྐྱོན་འཛུགས་དམི་ཅིག་གི་མང་ང་བཀལ་ལི། ཁྱོད་ལ་ལན་བརྒྱབ་ཡས་ལ་གིའང་མེད་དེ། 5ཡིན་ནའང་ཡེ་ཤུ་ཡིས་ལྡབ་ལེ་བཀའ་ལན་གཅིག་འང་མ་གནང་བ་པི་ལ་ཏུ་ཧ་ལས་བ་ལགས།
6ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་གི་དུས་ཚན་འདི་ལ་པི་ལ་ཏུ་ཡིས་མི་མང་གི་འདོད་པ་ལ་འོད་ཀྱིན་བཙོན་པ་གཅིག་ལ་གློད་བཏང་གིན་ལུགས་སྲོལ་འོད་ད་ལགས། 7བཙོན་ཁང་དུ་འོད་ཀྱིན་གྱེན་ལོག་བྱས་མཁན་ཀྱ་ནས་མི་བསད་ས་བ་རབ་བཱ་སྨྲ་མཁན་གྱེན་ལོག་བྱས་མཁན་མི་གཅིག་འང་འོད་ད་ལགས། 8དེ་ནས་མི་ཚོགས་ཀྱི་པི་ལ་ཏུ་རྩ་རུ་འཛོམས་ཏེ་ཨེན་མའི་ལུགས་སྲོལ་ཅོག་རེ་ཁོང་ཀྱ་ཡི་ཕྱིར་ལ་གནང་རོགས་གནང་སྨྲས་རེ་ཞུས་བ་ལགས། 9དེ་ནས་པི་ལ་ཏུ་ཡིས་ཁོང་ཀྱ་ལ་དྲིས་བ་ལགས། ཁྱེད་ཀྱ་ཡི་ཕྱིར་ལ་ཡ་ཧུ་དཱ་པ་ཡི་རྒྱལ་བོ་གོ་གློད་བཏང་གོ། 10གི་བྱས་རེ་སྨྲ་ན་མཆོད་དཔོན་ཆེ་ཀྱ་ཡིས་ཡེ་ཤུ་ལ་ཕྲག་དོག་བྱས་རེ་ཁོའི་རྩ་རུ་ཁྲིད་དེ་འོངས་བ་ལགས་སྨྲས་རེ་ཁོ་ལ་ཤེས་ཡས་འོད་ད་ལགས།
11ཡིན་ནའང་མཆོད་དཔོན་ཆེ་ཀྱ་ཡིས་ཡེ་ཤུ་ལ་མིན་ད་བ་རབ་བཱ་ལ་གློད་གཏོང་སྨྲོས་སྨྲས་རེ་མི་ཀྱ་ལ་དཀྲུགས་པ་ལགས། 12དེ་ནས་པི་ལ་ཏུ་ཡིས་ཡང་ད་སྨྲས་བ་ལགས། དེ་རེ་ཡིན་ན་ཁྱེད་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་སྨྲ་མཁན་མི་འདི་ལ་ང་གི་བྱེད་གུ།
13ཁོང་ཀྱ་ཡིས་ཕེ་ར་བརྒྱབ་སྟེ། ཁོ་ལ་རྒྱང་ཤིང་ཁར་ལ་བརྐྱངས་ཏེ་སོད་སྨྲས་རེ་སྨྲས་བ་ལགས།
14པི་ལ་ཏུ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། གི་བྱས་རེ། ཁོས་ལས་ངན་པ་གི་བྱེད་དོ།
ཡིན་ནའང་ཁོང་ཀྱ་ཡོལ་ལེ་མང་ང་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། རྒྱང་ཤིང་ཁར་ལ་བརྐྱངས་ཏེ་སོད། 15དེ་ནས་པི་ལ་ཏུ་ཡིས་མི་ཚོགས་ཀྱི་འདོད་པ་བརྐྱང་ཡས་ལ་བ་རབ་བཱ་ལ་གློད་བཏང་བ་ལགས། དེ་ནས་ཡེ་ཤུ་ལ་རྟ་ལྕག་བཞུས་དུ་བཅུག་སྟེ་རྒྱང་ཤིང་ཁར་ལ་བསད་ཡས་ལ་རོ་མཱ་པ་དམག་མི་ཀྱ་ཡི་ལག་ཀ་ལ་རྩིས་བརྒྱབ་པ་ལགས།
དམག་མི་ཀྱ་ཡིས་ཡེ་ཤུ་ལ་འཕྱ་ལེ་བཏང་བ།
(མད་ཐཱ། ༢༧:༢༧-༣༡; ཡོ་ཧ་ནན། ༡༩:༢-༣)
16དེ་ནས་དམག་མི་ཀྱ་ཡིས་ཡེ་ཤུ་ལ་དཔོན་པོ་པི་ལ་ཏུ་ཡི་ཕོ་བྲང་གི་སྒོ་ར་རུ་ཁྲིད་དེ་དམག་དཔུང་གི་རི་ལ་རུབ་པ་ལགས། 17དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ན་བཟའ་རྒྱ་སྨུག་གཅིག་བསྐོན་པ་ལགས། དེ་ནས་ཚེར་མ་ཡི་ཅོད་པན་གཅིག་བཟོས་རེ་ཁོང་པ་ཡི་དབུ་ལ་བསྐོན་པ་ལགས། 18དེ་ནས་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་ལ་ཕྱག་འཚལ་ལོ་སྨྲས་རེ་ཁོང་ཀྱ་ཡིས་སྐད་བརྒྱབ་པ་ལགས། 19ཁོང་ཀྱ་ཡིས་ཁོང་པ་ཡི་དབུ་ལ་བེར་ཀྱོག་བཞུས་ཏེ་ཁོང་པ་ལ་མཆིལ་མ་གཏོར་པ་ལགས། དེ་ནས་པུས་མོ་ས་ལ་བཙུགས་ཏེ་ཁོང་པ་ལ་ཕྱག་འཚལ་བ་ལགས། 20ཡེ་ཤུ་ལ་སྙད་བཙལ་ཚར་ཏེ། ཁོང་པ་ཡི་ན་བཟའ་རྒྱ་སྨུག་གོ་བཤུས་རེ་ཁོང་པ་རང་གི་ན་བཟའ་གོ་བསྐོན་པ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་རྒྱང་ཤིང་དུ་བརྐྱང་ཡས་ལ་ཕི་ལ་ཁྲིད་པ་ལགས།
ཡེ་ཤུ་རྒྱང་ཤིང་དུ་བསད་པ།
(མད་ཐཱ། ༢༧:༣༢-༤༤; ལུ་ཀ། ༢༣:༢༦-༤༣; ཡོ་ཧ་ནན། ༡༩:༡༧-༢༧)
21དེ་ནས་ཕི་ལ་འགྲོའི་གང་ལ་ཨ་ལེག་སན་དེར་དང་རུ་ཕུ་སྨྲ་མཁན་སྤུན་གཉིས་ཀྱི་ཨ་རྒས། སི་མོན་སྨྲ་མཁན་ཀུ་རེ་ནཱེ་པ་ཁོ་རི་ཡུལ་ནས་འོང་གིན་གོ་དམག་མི་ཀྱ་ལ་ཐུག་པ་ལགས། དེ་ནས་ཁོ་ལ་ཡེ་ཤུ་ཡི་རྒྱང་ཤིང་གོ་ཨུ་ཚུགས་བརྒྱབ་སྟེ་འཁྱེར་དུ་བཅུག་པ་ལགས། 22དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་གོལ་གོ་ཐཱ་སྨྲ་གིན་ས་ཆ་རུ་ཁྲིད་དེ་འོངས་བ་ལགས། (གོལ་གོ་ཐཱ་སྨྲ་ན་མགོ་རུས་ཀྱི་ས་ཆ་སྨྲ་ལགས) 23ཁོང་ཀྱ་ཡིས་མུར་ར་#༡༥:༢༣ འདི་སྨན་དེ་རྒུན་འབྲུམ་གྱི་ཆང་མུ་ལ་བསྲེས་རེ་འཐུང་ན། རྒྱང་ཤིང་དུ་བརྐྱངས་ཀྱ་ཡི་ན་གྱིན་གོ་དྲག་ཏུ་བཅུག་བ་ལགས། སྨྲ་གྱིན་སྨན་རྒུན་འབྲུམ་གྱི་ཆང་མུ་ལ་བསྲེས་རེ་སྟེར་པ་ལགས། ཡིན་ནའང་ཁོང་པ་ཡིས་མ་བཞེས་པ་ལགས། 24དམག་མི་ཀྱ་ཡིས་ཁོང་པ་ལ་གཟེར་བརྒྱབ་སྟེ་རྒྱང་ཤིང་ཁར་ལ་བརྐྱངས་བ་ལགས། དེ་ནས་ཁོང་པ་ཡི་ན་བཟའ་སུ་སུ་ལ་གི་ཐོབ་གྲོ་སྨྲས་རེ་རྒྱན་བརྒྱབ་སྟེ་བགོས་བ་ལགས།
25ཁོང་ཀྱ་ཡིས་ཡེ་ཤུ་ལ་གཟེར་བརྒྱབ་སྟེ་རྒྱང་ཤིང་དུ་བརྐྱང་བའི་གང་ལ་སྔ་རོག་ཆུ་ཚོད་དགུ་བ་ལགས། 26དེ་ནས་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་སྨྲས་རེ་ཉེས་སྐྱོན་གྱི་ཡིག་གཅིག་བྲིས་ཏེ། རྒྱང་ཤིང་ཡི་མགོ་རུ་བཏགས་ཏེ་བཞག་པ་ལགས། 27ཁོང་ཀྱ་ཡིས་ཁོང་པ་མུ་ལ་ཇག་པ་གཉིས། གཅིག་ལ་ཁོང་པ་ཡི་གཡས་ཕྱོགས་དང་གཅིག་ལ་གཡོན་ལ་བརྐྱངས་བ་ལགས། 28[ཆོས་ཁྲིམས་ཀྱི་བཀའ་དེ་རེ་བྱས་རེ་གྲུབ་པ་ལགས། ཁོང་པ་ནི་ཇག་པ་ཀྱ་མུ་ལ་བརྩིས་བ་ལགས]#ཡེ་ཤ་ཡཱ། ༥༣:༡༢
29འོ་དེ་ནས་འགྲོ་མཁན་ཀྱ་ཡིས་རང་རང་གི་མགོ་བ་གཡུགས་ཏེ་ཁོང་པ་ལ་སྨད་སྤྲ་བཏང་བ་ལགས། མཆོད་ཁང་བཤིག་སྟེ་ཞག་མོ་གསུམ་ལ་རྩིག་ཡས་སྨྲ་གིན་ཁྱོད། 30ད་རང་ལ་སྐྱོབས། དེ་ནས་རྒྱང་ཤིང་ནས་མ་ལ་བབ་སྟེ་ཤོག 31འོ་བྱས་རེ་རང་མཆོད་དཔོན་ཆེ་ཀྱ་ཡིས་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་མུ་ལ་ཁོང་པ་ལ་འཕྱ་ལེ་བྱས་རེ་གཅིག་གིས་གཅིག་ལ་སྨྲས་བ་ལགས། ཁོས་མི་གཞན་མ་ཀྱ་ལ་སྐྱོབ་པ་ལགས། ཡིན་ནའང་རང་ལ་སྐྱོབ་མི་ཐུབ་པ་ལགས། 32ཡིས་ར་ཨེལ་གྱི་རྒྱལ་བོ་མཱ་ཤི་ཀ། འི་ཀིས་མཐོང་རེ་དད་པ་བྱེད་ཡས་ལ་ཁྱོད་རང་ད་ལྟ་རྒྱང་ཤིང་ནས་མ་ལ་བབ་སྟེ་ཤོག ཁོང་པ་མུ་ལ་རྒྱང་ཤིང་ཁར་ལ་བརྐྱངས་ཀྱ་ཇག་པ་གཉིས་བོ་གིས་འང་ཁོང་པ་ལ་སྨད་སྤྲ་པབ་པ་ལགས།
ཡེ་ཤུ་གྲོངས་པ།
(མད་ཐཱ། ༢༧:༤༥-༥༦; ལུ་ཀ། ༢༣:༤༤-༤༩; ཡོ་ཧ་ནན། ༡༩:༢༨-༣༠)
33ཉིན་མོ་ཆུ་ཚོད་བཅུ་གཉིས་ནས་གསུམ་པ་ཐུག་པའི་ས་ཆ་གི་རི་མུན་ནག་གིས་བཏུམས་པ་ལགས། 34དེ་ནས་ཆུ་ཚོད་གསུམ་པ་ལ་ཡེ་ཤུ་ཡིས་གསུང་སྐད་ཆེ་ལ་གསུངས་བ་ལགས། ཨེ་ལོ་ཨི། ཨེ་ལོ་ཨི། ལ་མ་ཤ་བག་ཐ་ནི། འདིའི་དོན་དག་གོ་ངའི་དཀོན་མཆོག། ངའི་དཀོན་མཆོག། ཁྱེད་ཀྱིས་ང་ལ་གི་བྱས་རེ་སྤངས་ང་ཡིན་ནོ། 35དེ་ནས་ཉེ་འགྲམ་ལ་འོད་མཁན་མི་རིང་འགའ་ཡིས་འདི་གོ་སྟེ་སྨྲས་བ་ལགས། ཉན་དང་། ཁོ་ནི་མངོན་ཤེས་མཁན་ཨེ་ལི་ཡཱ་ལ་འབོད་ལི། 36མི་གཅིག་བང་བཏང་རེ་སོང་རེ། སྲིང་པ་གཅིག་རྒུན་འབྲུམ་གྱི་ཆང་སྐྱུར་མོ་ནང་དུ་སྦངས་རེ། རྒྱུག་པ་ཡི་མགོ་བ་ལ་སྐྱོན་ཏེ། ཁོང་པ་ལ་འཐུང་དུ་བཅུག་སྟེ་སྨྲས་བ་ལགས། སྒུག་ཅིག། ཁོ་ལ་མ་ལ་པབ་ཡས་ལ་ཨེ་ལི་ཡཱ་ཕེབས་བའི་ལྟ་བོ། 37དེ་ནས་ཡེ་ཤུ་ཡིས་གསུང་སྐད་ཆེ་བཏོན་ཏེ་དབུགས་བཏང་ང་མཛད་པ་ལགས།
38དེ་ནས་མཆོད་ཁང་གི་ཡོལ་བ་གོ་འགོ་ནས་རྒབ་ཐུག་པའི་དུམ་བུ་གཉིས་ལ་རལ་བ་ལགས། 39ཡེ་ཤུ་ཡི་དྲུང་དུ་ལངས་རེ་བསྡད་ད་བརྒྱ་དཔོན་གྱིས་ཁོང་པ་གསུང་སྐད་ཆེ་བཏོན་ཏེ་དབུགས་བཏང་གིན་གོ་མཐོང་རེ་སྨྲས་བ་ལགས། འདི་མི་དེ་ནི་དངོས་གནས་རང་དཀོན་མཆོག་གི་སྲས་ལགས། 40བུ་མོ་རིང་འགའ་ཐག་རིང་ནས་བལྟས་རེ་བསྡད་འོད་ད་ལགས། འོ་དེ་ཀྱ་ནས་གཅིག་མིར་ཡམ་མག་ད་ལི་ནི་དང་། གཅིག་ཡ་ཀོབ་ཆུང་བ་དང་། ཡོ་སེབ་ཀྱི་ཨ་མ་མིར་ཡམ་དང་། ས་ལོ་མེ་ལགས། 41ཡེ་ཤུ་ག་ལིལ་དུ་བཞུགས་བའི་གང་ལ་དེ་ཀྱ་ཁོང་པ་ཡི་གཤམ་པ་ལ་འབྲངས་རེ་ཁོང་པ་ཡི་ཞབས་ཕྱི་ཞུ་ལ་ལགས། དེ་ནས་ཁོང་པ་མུ་ལ་ཡེ་རུ་ཤ་ལེམ་དུ་འོང་བ་བུ་མོ་གཞན་མ་དམི་ཅིག་གི་མང་ང་འོ་དུ་རུ་འོད་ད་ལགས།
ཡེ་ཤུ་ཡི་སྐུ་ཕུང་དུར་ཁྲོད་དུ་བཅུག་པ།
(མད་ཐཱ། ༢༧:༥༧-༦༡; ལུ་ཀ། ༢༣:༥༠-༥༦; ཡོ་ཧ་ནན། ༡༩:༣༨-༤༢)
42འོ་དེ་ཉིན་མ་ཡི་དགོང་མོ་གོ་ངལ་གསོ་གིན་ཉིན་མ་ཡི་གྲ་སྒྲིག་བྱེད་ཀྱིན་ཉིན་མ་ཨེན་མ་གོ་ལགས། 43དཔོན་རིགས་ཚོགས་པ་ཡི་མིང་འོད་མཁན་སྐད་གྲགས་ཆེ་ཚོགས་མི་དང་དཀོན་མཆོག་གི་རྒྱལ་སྲིད་ལ་སྒུག་སྟེ་བསྡད་ད་ཡོ་སེབ་སྨྲ་མཁན་ཨ་རི་མ་ཐཱི་ཡ་རྒྱལ་ས་ཡི་མི་གཅིག་འོད་ད་ལགས། ཁོ་སྙིང་ཆེ་བཟོས་རེ་པི་ལ་ཏུ་ཡི་གདོང་དུ་སོང་རེ་ཡེ་ཤུ་ཡི་སྐུ་ཕུང་གནང་རོགས་གནང་སྨྲས་རེ་ཞུས་བ་ལགས།
44པི་ལ་ཏུ་ཡིས་ཡེ་ཤུ་གྲོངས་ཚར་ལགས་སྨྲས་རེ་གོ་སྟེ་ཧ་ལས་རེ་བརྒྱ་དཔོན་ལ་བོས་བ་ལགས། དེ་ནས་ཁོང་པ་གྲོངས་ཚར་ལེ་སྨྲས་རེ་ལབ་དྲིས་བ་ལགས། 45བརྒྱ་དཔོན་ནས་ཡེ་ཤུ་གྲོངས་ཚར་གྱིན་ལབ་དེ་ཆ་བྱུང་རེ། ཁོས་ཡོ་སེབ་ལ་ཁོང་པ་ཡི་སྐུ་ཕུང་འཁྱེར་ཡས་ལ་ཆོག་མཆན་གནང་བ་ལགས། 46དེ་ནས་ཡོ་སེབ་ཀྱིས་ཕུང་པོ་དཀྲི་གིན་རས་གཅིག་ཉོས་རེ་ཡེ་ཤུ་ཡི་སྐུ་ཕུང་མ་ལ་བབ་སྟེ་རས་ཀྱིས་དཀྲིས་བ་ལགས། དེ་ནས་བྲག་ལ་བརྐོས་ཀ་དུར་ཁྲོད་གཅིག་ནང་དུ་བཞག་པ་ལགས། དེ་ནས་རྡོ་གོང་ཆེ་གཅིག་རིལ་རེ་འོ་དེའི་སྒོ་གོ་བཀག་པ་ལགས། 47མིར་ཡམ་མག་ད་ལི་ནི་དང་ཡོ་སེབ་ཀྱི་ཨ་མ་མིར་ཡམ་གྱིས་ཡེ་ཤུ་ཡི་སྐུ་ཕུང་བཞག་གིན་ས་ཆ་གོ་མཐོང་བ་ལགས།།

Currently Selected:

མར་ཀུ། 15: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in