ཡོ་ཧ་ནན། 10
10
ལུག་རྫི་བཟང་པོའི་དཔེ།
1ཡེ་ཤུ་ཡིས་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ལུག་ར་ནང་དུ་སྒོ་ནས་མི་འཛུལ་ལ་ཕྱོགས་གཞན་མ་ནས་འཛགས་ཀྱིན་གོ་ནི་རྐུན་མོ་དང་ཇག་པ་ལགས། 2ཡིན་ནའང་སྒོ་ནས་འཛུལ་མཁན་གོ་ནི་ལུག་རྫི་ལགས། 3སྒོ་སྲུང་མཁན་གྱིས་ཁྱོའི་ཕྱིར་ལ་སྒོ་པེ་ཀྱི་ལགས། ལུག་ཀྱ་ཡིས་ཁོའི་སྐད་ལ་ཉན་ད་ལགས། དེ་ནས་ཁོས་རང་གི་ལུག་ཀྱ་ཡི་མིང་ནས་འབོད་རེ་ཕི་ལ་འཁྲིད་བ་ལགས། 4ཁོས་ལུག་ཀྱ་ཕི་ལ་བཏོན་ཚར་ཏེ་ཁོ་འོ་དེ་ཀྱ་ཡི་གདོང་གདོང་ལ་འགྲོ་བ་ལགས། དེ་ནས་ལུག་ཀྱ་ཡིས་ཁོའི་སྐད་ཤེས་རེ་ཁོའི་གཤམ་ལ་འབྲང་ང་ལགས། 5ངོ་མེད་ཤེས་ཀྱིན་མིའི་གཤམ་ལ་ལུག་ཀྱ་མེད་འབྲང་ང་ལགས། ཡིན་ནའང་འོ་དེ་ནས་འབྲོས་རེ་འགྲོ་བ་ལགས། གི་བྱེས་རེ་སྨྲ་ན་འོ་དེ་མིའི་སྐད་ལུག་ཀྱ་ཡིས་མེད་ཤེས་ལ་ལགས།
6ཡེ་ཤུ་ཡིས་འདི་དཔེ་དེ་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ཡིན་ནའང་ཁོང་ཀྱ་ཡིས་འདིའི་དོན་དག་གོ་ཧ་མ་གོ་བ་ལགས།
ཡེ་ཤུ་ནི་ལུག་རྫི་བཟང་པོ།
7འོ་བྱས་རེ་ཡེ་ཤུ་ཡིས་ཁོང་ཀྱ་ལ་ལྡབ་ལེ་གསུངས་ང་མཛད་པ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ལུག་རའི་སྒོ་ནི་ང་ཡིན། 8ངའི་ཨེན་ལ་འོངས་བ་གི་རི་རྐུན་མ་དང་ཇག་པ་ཡིན། ཡིན་ནའང་ལུག་ཀྱ་ཡིས་ཁོང་ཀྱ་ལ་མ་མཉན་པ་ལགས། 9ང་ནི་སྒོ་གོ་ཡིན། ང་ཐོག་ནས་འཛུལ་མཁན་གོ་སྐྱོབ་ཀྱི་ལགས། དེ་ནས་ནང་ལ་འོང་ཕི་ལ་འགྲོ་བྱས་རེ་རྩ་སྤང་རྙེད་ཀྱི་ལགས། 10རྐུན་མ་ནི་རྐུ་རུ་དང་། བསད་དུ་དང་། མེད་ད་ལ་བཏང་དུ་འོང་ང་ལགས། ང་ནི་གི་རི་ལ་ཚེ་མོད་ཆོ་ལི་ཐོབ་པའི་ཕྱིར་འོང་བ་ཡིན།
11ང་ནི་ལུག་རྫི་བཟང་པོ་གོ་ཡིན། ལུག་རྫི་བཟང་པོས་ལུག་ཀྱ་ཡིས་ཕྱིར་ལ་རང་གི་སྲོག་བློས་བཏང་ང་ལགས། 12གླ་བོ་ནི་ལུག་རྫི་ཅོག་རེ་མ་ལགས། སྤྱུང་གུ་འོང་གིན་གོ་མཐོང་རེ་ཁོས་ལུག་ཀྱ་བོར་ཏེ་འབྲོས་རེ་འགྲོ་གི་ལགས། དེ་ནས་སྤྱང་ཀུ་ཡིས་ལུག་ཀྱ་འཕྲོག་སྟེ་ཕྲད་ཐོར་རེ་གཏོར་གྱི་ལགས། 13འོ་དེ་མི་དེ་གླ་བོ་བྱས་རེ་ཁོས་ལུག་ཀྱ་ལ་བདག་པོ་མི་བརྒྱབ་བ་འབྲོས་རེ་འགྲོ་བ་ལགས།
14-15ང་ནི་ལུག་རྫི་བཟང་པོ་གོ་ཡིན། ཡབ་ཀྱིས་ང་ལ་མཁྱེན་ད་ལགས། དེ་ནས་ངས་འང་ཡབ་ལ་ངོ་ཤེས་ལ་ལགས། དེ་རེ་རང་བྱས་རེ་ངས་རང་གི་ལུག་ཀྱ་ལ་ངོ་ཤེས་ལི་འོད། དེ་ནས་ངའི་ལུག་ཀྱ་ཡིས་འང་ང་ལ་ངོ་ཤེས་ལ་ལགས། ང་ནི་ལུག་ཀྱ་ཡི་དོན་དུ་རང་གི་སྲོག་བློས་བཏང་ང་ཡིན། 16ལུག་ར་འདིའི་མིན་གྱིན་ངའི་ལུག་གཞན་མ་ཀྱ་འོད་ད་ལགས། ངས་དེ་ཀྱ་ལའང་འཁྲིད་དགོས་གུ་ལགས། དེ་ནས་དེ་ཀྱ་ཡིས་ངའི་སྐད་ཉན་གྱི་ལགས། དེ་ནས་ཁོང་ཀྱ་ལུག་ཁྱུ་གཅིག་གི་རྫི་བོ་གཅིག་འབྱུང་གི་ལགས། 17ངས་ང་རང་གི་སྲོག་ཡང་གསོན་པོ་ཐོབ་ཡས་ཀྱི་ཆེད་དུ་ང་རང་གི་སྲོག་བློས་བཏང་བའི། འོ་བྱས་རེ་ཡབ་ཀྱིས་ང་ལ་བྱམས་པ་མཛད་ད་ལགས། 18སུས་འང་ངའི་སྲོག་ང་ནས་ལེན་མི་ཐུབ་ཀྱི་ལགས། ང་རང་གི་རང་དབང་ཐོག་ནས་འདི་བློས་བཏང་ང་ཡིན། ང་ལ་རང་སྲོག་བློས་བཏང་ཡས་ཀྱི་དབང་འོད་ད་ལགས། དེ་ནས་སྲོག་བླང་ཡས་ཀྱི་དབང་ཡང་འོད་ད་ལགས། ང་ལ་བཀའ་འདི་ངའི་ཡབ་ནས་ཐོབ་པ་ལགས།
19ཡེ་ཤུ་ཡིས་གསུངས་ཀྱིན་བཀའ་དེ་མཉན་ཏེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡང་འཁྲུག་པ་ལགས། 20ཁོང་ཀྱ་ནས་མང་ཆེ་ཡིས་སྨྲས་བ་ལགས། ཁོའི་ནང་དུ་འདྲེ་འཛུལ་འདུག། དེ་ནས་ཁོ་སྨྱོས་འདུག། ཁྱེད་ཀྱ་གི་བྱས་རེ་ཁོའི་ལབ་ལ་ཉན་ད།
21གཞན་མ་ཀྱ་ཡིས་སྨྲས་བ་ལགས། འདྲེ་འཛུལ་ཛ་མིས་དེ་རེ་ལབ་མེད་བཏང་ང་ལགས། འདྲེ་གཅིག་གིས་མི་ཞ་ར་ཡི་མིག་པེ་ཐུབ་བ་ལེ།
ཡ་ཧུ་དཱ་པ་ཀྱ་ཡིས་ཡེ་ཤུ་ལ་ངོས་ལེན་མ་བྱེད་པ།
22དགུན་ཁ་ཡེ་རུ་ཤ་ལེམ་དུ་མཆོད་ཁང་གི་བསྔོ་བྱང་གི་དུས་ཆེན་གོ་བཏང་བའི་འོད་ད་ལགས། 23དེ་ནས་ཡེ་ཤུ་མཆོད་ཁང་གི་སོ་ལོ་མོན་སྨྲ་གིན་གཡབ་ཀུ་རུ་ཕེབས་བའི་གང་ལ། 24ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཁོང་པ་ཡི་མཐའ་འཁོར་ལ་འཛོམས་ཏེ་ཁོང་ལ་ཞུས་བ་ལགས། ཁྱེད་རང་ནམ་ཐུག་པའི་འེ་ལ་ཐེ་ཚོམ་སྐྱེད་རུ་བཅུག་ཡས། ཁྱེད་རང་མཱ་ཤི་ཀ་གོ་ཡིན་ན། འེ་ལ་གསལ་བོ་གསུང་ང་མཛད།
25ཡེ་ཤུ་ཡིས་ཁོང་ཀྱ་ལ་ལན་གནང་བ་ལགས། ངས་ཁྱེད་ཀྱ་ལ་བཤད་ཚར། ཡིན་ནའང་ཁྱེད་ཀྱ་ང་ལ་ཡིད་ཆེས་མི་བྱེད་ད། ངའི་ཡབ་ཀྱི་ཐོག་ནས་ངས་བྱས་བྱ་ལས་ཀ་ཀྱ་ཡིས་ང་ལ་དཔང་པོ་བྱེད་ད་ལགས། 26ཡིན་ནའང་ཁྱེད་ཀྱ་ངའི་ལུག་ཁྱུ་ནས་མིན་ད་ང་ལ་ཡིད་ཆེས་མི་བྱེད་ད་ལགས། 27ངའི་ལུག་ཀྱ་ཡིས་ངའི་སྐད་ཉན་ད་ལགས། དེ་ནས་ངས་འོ་དེ་ཀྱ་ལ་ངོ་ཤེས་ལི་འོད། དེ་ནས་དེ་ཀྱ་ངའི་གཤམ་ལ་འབྲང་ང་ལགས། 28ང་དེ་ཀྱ་ལ་མཐའ་མེད་པའི་ཚེ་སྲོག་སྟེར་ཡས་ཡིན། དེ་ནས་དེ་ཀྱ་ནམ་མའང་མེད་ད་ལ་འགྲོ་གི་མ་ལགས། སུས་འང་དེ་ཀྱ་ལ་ངའི་ལག་ནས་འཕྲོག་མི་ཐུབ་ཀྱི་ལགས། 29ངའི་ཡབ་ཀྱིས་དེ་ཀྱ་གནང་ང་ལགས། དེ་ནས་ཁོང་ནི་གི་རི་ནས་ཆེས་ཤོས་ཡིན། ངའི་ཡབ་ཀྱི་ཕྱག་ནས་སུས་འང་དེ་ཀྱ་ལ་འཕྲོག་མི་ཐུབ་ཀྱི་ལགས། 30ང་དང་ཡབ་ནི་གཅིག་ཡིན།
31ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཡེ་ཤུ་ལ་རྡོ་གོང་གཞུ་ཡས་ལ་ལྡབ་ལེ་རྡོ་གོང་བསྡུས་བ་ལགས། 32ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཡབ་ཀྱི་སྒོ་ནས་ངས་ཁྱེད་ཀྱ་ལ་ལས་བཟང་ང་མང་ང་སྟོན་པའི། དེ་ཀྱ་ནས་གིན་གྱི་ཕྱིར་ལ་ཁྱེད་ཀྱ་ང་ལ་རྡོ་གོང་གཞུ་ཡས་ཡིན་ནོ།
33ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་ཡིས་ཁྱོད་ལ་ལས་བཟང་གི་ཕྱིར་ལ་རྡོ་གོང་གཞུ་ཡས་མིན། ཡིན་ནའང་ཁྱོད་མི་གཅིག་བྱས་རེའང་རང་ལ་དཀོན་མཆོག་བརྩིས་རེ་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གྱི་ཕྱིར་ལ་ཡིན།
34ཡེ་ཤུ་ཡིས་ཁོང་ཀྱ་ལ་ལན་གནང་བ་ལགས། ཁྱེད་ཀྱ་ཡིས་ཆོས་ཁྲིམས་ལ་དེ་རེ་བྲིས་མིན་འདུག་བའི། ང་སྨྲ་ཡིན། ཁྱེད་ཀྱ་ལྷ་ལགས།#གསུང་མགུར། ༨༢:༦ 35གསུང་རབ་ལ་འོད་ཀྱིན་གོ་ནི་ཙོག་བའི་བདེན་པ་ཡིན། དཀོན་མཆོག་གི་བཀའ་ཐོབ་ཐ་མི་ཀྱ་ལ་ལྷ་སྨྲས་རེ་དཀོན་མཆོག་གིས་གསུངས་འོད་ན། 36དཀོན་མཆོག་གིས་དམ་པ་མཛད་ཏེ་འཇིག་རྟེན་དུ་མངགས་ང་ངས་ང་དཀོན་མཆོག་གི་སྲས་ཡིན་སྨྲ་གིན་གོ་ལ་ཁྱེད་ཀྱ་ང་ལ་དཀོན་མཆོག་ལ་སྐུར་བ་འདེབས་བའི་སྨྲས་རེ་གི་བྱས་རེ་སྐྱོན་བཅུག་བ་ལེ། 37ཡབ་ཀྱི་ཕྱག་ལས་ངས་མ་བྱས་འོད་ན་ང་ལ་ཡིད་ཆེས་མ་བྱེད། 38ཡིན་ནའང་ངས་ལས་ཀ་དེ་ཀྱ་བྱས་རེ་དོ་རང་འང་ཁྱེད་ཀྱ་ཡིད་མེད་ཆེས་ན། ལས་ཀ་ཀྱ་ལ་ཡིད་ཆེས་བྱེད། འོ་བྱས་ཡབ་ངའི་ནང་དུ་འོད་ཀྱིན་དང་ང་ཡབ་ཀྱི་ནང་དུ་འོད་ཀྱིན་གོ་ཁྱེད་ཀྱ་ཡིས་ཧ་གོ་སྟེ་ཤེས་ལ་ཤོག། 39ཁོང་ཀྱ་ཡིས་ཡང་ཡེ་ཤུ་ལ་ཟིམ་ཡས་ཐབས་ཤེས་བྱས་བ་ལགས། ཡིན་ནའང་ཁོང་པ་ཁོང་ཀྱ་ཡི་ལག་ནས་ཐར་ཏེ་བྲོས་བ་ལགས།
40ཁོང་པ་ལྡབ་ལེ་ཡོར་དན་གཙང་པོའི་ཧ་ཀན་ལ་ཡོ་ཧ་ནན་གྱིས་ཨེན་མ་ཁྲུས་གསོལ་གནང་ས་རུ་ཕེབས་ཏེ་འོ་དུ་རུ་བཞུགས་པ་ལགས། 41དེ་ནས་མི་མང་ང་ཁོང་པ་རྩ་རུ་བཅར་ཏེ་ཁོ་རང་ཀྱ་གུང་དུ་སྨྲས་བ་ལགས། ཡོ་ཧ་ནན་གྱིས་ཧང་སང་གིན་རྟགས་གིའང་མ་སྟོན་པ་ལགས། ཡིན་ནའང་ཁོང་གིས་འདི་མི་དེའི་སྐོར་ལ་གསུངས་ཀྱིན་གི་རི་བདེན་པ་འདུག། 42དེ་ནས་མང་ཆེ་ཡིས་ཡེ་ཤུ་ལ་འོ་དུ་རུ་དད་པ་བྱས་བ་ལགས།།
Currently Selected:
ཡོ་ཧ་ནན། 10: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society