YouVersion Logo
Search Icon

ཡོ་ཧ་ནན། 11

11
ལཱ་ཟར་གྲོངས་ཀྱིན་གྱི་སྐོར།
1ལཱ་ཟར་སྨྲ་གིན་མི་ནད་པ་གཅིག་འོད་ད་ལགས། ཁོ་བེད་ཐ་ནི་ཡུལ་རུ་ཁོ་རི་ཨི་ཇི་མིར་ཡམ་དང་མར་ཐཱ་མུ་ལ་བསྡད་ད་ལགས། 2གཙོ་བོ་ཡི་ཞབས་ལ་སྤོས་ཆུ་བླུགས་ཏེ་རང་གི་སྐྲ་ཡིས་ཕི་གིན་མིར་ཡམ་གོ་མོ་རང་ལགས། མོའི་ནུ་བོ་ལཱ་ཟར་ནད་པ་འོད་ད་ད་ལགས། 3ད་ཨི་ཇི་གཉིས་བོས་ཡེ་ཤུ་ལ་དེ་རེ་ལོན་བསྐུར་པ་ལགས། གཙོ་བོ། ཁྱེད་རང་གིས་བརྩེ་བ་བྱེད་ཀྱིན་གོ་ནད་པ་འདུག།
4ཡིན་ནའང་ཡེ་ཤུ་ཡིས་འདི་གསན་ཏེ་གསུངས་བ་ལགས། ན་ཚ་འདིས་འཆི་བ་ལ་བརྫངས་ཀྱི་མ་ལགས། དཀོན་མཆོག་གི་གཟི་བརྗིད་མངོན་ཡས་ཀྱི་ཕྱིར་ལ་དང་འདི་ཐོག་ནས་དཀོན་མཆོག་གི་སྲས་ཀྱི་གཟི་བརྗིད་འབྱུང་ཡས་ཀྱི་ཕྱིར་ལ་ལགས། 5ཡེ་ཤུ་ཡིས་མར་ཐཱ་དང་། མོའི་ནུ་མོ་དང་། ལཱ་ཟར་ལ་བརྩེ་བ་མཛད་ད་ལགས། 6ཡིན་ནའང་ལཱ་ཟར་ནད་པ་འདུག་སྨྲས་རེ་ལོན་གོ་གསན་ད་མཛད་དེའང་། ཁོང་པ་ག་རུ་བཞུགས་འོད་ས་རུ་དོ་རང་འང་ཉིན་གཉིས་བཞུགས་པ་ལགས། 7ད་འོ་དེ་གཤམ་ནས་ཁོང་པ་ཡིས་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། ད་འོ་རང་ལྡབ་ལེ་ཡུ་དེ་ཡཱ་ཡུལ་དུ་འགྲོ།
8ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། རབ་བི། ཁ་སང་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁྱེད་རང་ལ་རྡོ་གོང་གཞུ་ཡས་བྱས་བ་ལགས། ད་ཡང་ཁྱེད་རང་འོ་དུ་རུ་ཕེབས་ཡས།
9ཡེ་ཤུ་ཡིས་གསུངས་བ་ལགས། ཉིན་ལ་ཆུ་ཚོད་བཅུ་གཉིས་མེད་ཡོང་ང་ལེ། ཉིན་མོ་གོམ་པ་བརྒྱབ་མཁན་ཀྱ་ཐོགས་ཏེ་མགོ་རྟིང་མེད་སློག་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་འཇིག་རྟེན་གྱི་འོད་མཐོང་བ་ལགས། 10ཡིན་ནའང་མཚན་ལ་གོམ་པ་བརྒྱབ་མཁན་ཀྱ་ཐོགས་ཏེ་མགོ་རྟིང་སློག་བ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་འོད་མེད་ད་ལགས། 11དེ་ཀྱ་གསུངས་ཚར་ཏེ་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་རི་གྲོགས་པོ་ལཱ་ཟར་གཉིད་ཁུག་སྟེ་བསྡད་འདུག། ད་ང་སོང་རེ་ཁོ་ལ་གཉིད་སད་དོ།
12ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁོ་གཉིད་ཁུགས་འོད་ན། ཁོ་དྲག་གི་ལགས།
13ཡེ་ཤུ་ཡིས་ལཱ་ཟར་གྱི་འཆི་བའི་སྐོར་ལ་གསུངས་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་ཁོ་གཉིད་ཁུག་གིན་གྱི་སྐོར་ལ་གསུངས་བ་ལགས་སྨྲས་རེ་བསམས་པ་ལགས། 14ད་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསལ་བོ་གསུངས་བ་ལགས། ལཱ་ཟར་ཤི་ཚར་འདུག། 15དེ་ནས་ཁྱེད་ཀྱ་དད་པ་བྱེད་ཡས་ཀྱི་ཕྱིར་ལ་ང་འོ་དུ་རུ་མེད་ད་དགའ་བྱུང་སོང་། ད་འོ་རང་ཁོའི་རྩ་ལ་འགྲོ།
16དི་དུ་མོས་#༡༡:༡༦ གྷི་རིག་སྐད་ལ་འདི་སྨྲ་ན་ཚིབ་རུ་ལགས། སྨྲ་མཁན་ཐོ་མཱ་ཡིས་རང་གི་རོགས་བ་ཉེ་གནས་ཀྱ་ལ་སྨྲས་བ་ལགས། ད་འོ་རང་འང་ཁོང་པ་མུ་ལ་ཤི་ཡས་ལ་འགྲོ།
ཡེ་ཤུ་ཡིས་ལཱ་ཟར་གྱི་ཨི་ཇི་གཉིས་བོ་ལ་སེམས་གསོ་མཛད་པ།
17ཡེ་ཤུ་བེད་ཐ་ནི་ཡུལ་རུ་སླེབས་བའི་གང་ལ་ཁོང་པ་ཡིས་ལཱ་ཟར་དུར་ཁྲོད་དུ་སྦས་རེ་ཞག་མོ་བཞི་འགྲོ་ཚར་གྱིན་གོ་མཁྱེན་པ་ལགས། 18བེད་ཐ་ནི་དེ་ཡེ་རུ་ཤ་ལེམ་ནས་ཀི་ལོ་གསུམ་ཚོད་ཐག་རིང་ང་འོད་ད་ལགས། 19དེ་ནས་ཡ་ཧུ་དཱ་པ་མི་མང་ང་ལཱ་ཟར་གྲོངས་རེ་ཁོའི་ཨི་ཇི་མར་ཐཱ་དང་མིར་ཡམ་གཉིས་བོ་ལ་སེམས་གསོ་སྤར་དུ་འོངས་བ་ལགས། 20མར་ཐཱ་ཡིས་ཡེ་ཤུ་ཕེབས་བའི་སྨྲ་གིན་གོ་ཧ་གོ་སྟེ་ཁོང་པ་ལ་མཇལ་རུ་ཕི་ལ་སོང་བ་ལགས། ཡིན་ནའང་མིར་ཡམ་ནང་དུ་བསྡད་པ་ལགས།
21མར་ཐཱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་དུ་རུ་བཞུགས་འོད་ན་ངའི་ནུ་བོ་གྲོངས་ཡས་མེད། 22ཡིན་ནའང་ད་ལྟའང་ཁྱེད་རང་གིས་དཀོན་མཆོག་ནས་གི་ཞུ་གིན་གོ་ཁོང་གིས་ཁྱེད་རང་ལ་གནང་གི་ལགས་སྨྲས་རེ་ངས་ཤེས་ལི་འོད།
23ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོའི་ནུ་བོ་ཡང་གསོན་པོ་ལངས་ཀྱི་ལགས།
24མར་ཐཱ་ཡིས་ཁོང་པ་ལ་ཞུས་བ་ལགས། མཐའ་མའི་ཉིན་ལ་གཤིན་པོ་གི་རི་གསོན་པོ་ལངས་བའི་གང་ལ་ཁོ་ཡང་སླར་གསོན་པོ་ལངས་ཀྱི་ལགས་སྨྲས་རེ་ངས་ཤེས་ལི་འོད།
25ཁོང་པ་ཡིས་མོ་ལ་གསུངས་བ་ལགས། སླར་གསོན་གྱིན་དང་ཚེ་སྲོག་ནི་ང་ཡིན། ང་ལ་དད་པ་བྱེད་མཁན་ཀྱ་ཤི་ནའང་གསོན་པོ་གནས་ཀྱི་ལགས། 26དེ་ནས་ང་ལ་གནས་མཁན་དང་དད་པ་བྱེད་མཁན་ཀྱ་ནམ་མའང་མི་ཤི་གི་ལགས། ཁྱེད་ཀྱ་དེ་ལ་ཡིད་ཆེས་འོད་དེ།
27མོས་ཁོང་པ་ལ་ཞུས་བ་ལགས། ལགས་གཙོ་བོ། ཁྱེད་རང་ནི་དཀོན་མཆོག་གི་སྲས་འཇིག་རྟེན་དུ་ཕེབས་ཀྱིན་མཱ་ཤི་ཀ་གོ་ལགས་སྨྲས་རེ་ང་དད་པ་བྱེད་འདིག་འོད།
28མོས་དེ་ཞུས་ཚར་ཏེ་མོ་རི་ནུ་མོ་མིར་ཡམ་ཙ་རུ་སོང་རེ་མོ་ལ་ཟུར་ལ་བོས་རེ་སྨྲས་བ་ལགས། སློབ་དཔོན་ལགས། དུ་རུ་ཕེབས་འདུག། དེ་ནས་ཁོང་པ་ཡིས་ཁྱོད་ལ་འབོད་ལི། 29ད་མིར་ཡམ་གྱིས་དེ་གོ་སྟེ་མོ་ལམ་སང་ལངས་རེ་ཁོང་པ་རྩ་རུ་སོང་བ་ལགས། 30ཡེ་ཤུ་དོ་རང་འང་ཡུལ་དུ་མ་ཕེབས་བ་མར་ཐཱ་ཡིས་མཇལ་ས་རུ་རང་བཞུགས་འོད་ད་ལགས། 31ད་ཁང་པ་ནང་དུ་མིར་ཡམ་ལ་སེམས་གསོ་སྤར་དུ་འོངས་ཀྱིན་ཡ་ཧུ་དཱ་པ་ཀྱ་ཡིས་མོ་ལམ་སང་ལངས་རེ་ཕི་ལ་ཐོན་ཏེ་འགྲོ་གིན་གོ་མཐོང་རེ་མོ་དུར་ཁྲོད་དུ་ངུ་རུ་འགྲོ་བ་ཡིན་གྲོ་བསམས་ཏེ་ཁོང་ཀྱ་མོའི་གཤམ་ལ་འབྲངས་བ་ལགས།
32ད་མོ་ཡེ་ཤུ་བཞུགས་ས་རུ་སླེབས་ཏེ་ཁོང་པ་ལ་མཇལ་བ་ལགས། དེ་ནས་ཁོང་པ་ཡི་ཞབས་ལ་ཕྱག་འཚལ་རེ་ཞུས་བ་ལགས། གཙོ་བོ། ཁྱེད་རང་དུ་རུ་བཞུགས་འོད་ན་ངའི་ནུ་བོ་གྲོངས་ཡས་མེད། 33ཡེ་ཤུ་ཡིས་མོ་དང་མོའི་མུ་ལ་འོད་ཀྱིན་ཡ་ཧུ་དཱ་པ་ཀྱ་ངུ་གིན་གོ་གཟིགས་ཏེ། ཁོང་པ་དམི་ཅིག་གི་ཐུགས་ཕམ་སྟེ་སེམས་པ་སྐྱོ་བ་ལགས། 34དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་དྲིས་མཛད་པ་ལགས། ཁོའི་ཕུང་པོ་ག་རུ་བཞག་འོད་ད།
ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཕེབས་ཏེ་གཟིགས་བ་མཛད། 35ཡེ་ཤུ་བཤུམས་པ་ལགས།
36འོ་བྱས་རེ་ཡ་ཧུ་དཱ་པ་ཀྱ་ཡིས་སྨྲས་བ་ལགས། ལྟོས་དང་། ཁོང་པ་ཡིས་ལཱ་ཟར་ལ་དམི་ཅིག་གི་བྱམས་པ་མཛད་པ་ལགས། 37ཡིན་ནའང་རིང་འགའ་ཡིས་སྨྲས་བ་ལགས། ཞ་ར་ཀྱ་ཡིས་མིག་པེ་ཐུབ་ཀྱིན་ཁོའི་ལཱ་ཟར་ལ་ཤི་ཡས་ནས་སྐྱོབ་ཐུབ་ཡས་མེད་ད་ལེ།
ཡེ་ཤུ་ཡིས་ལཱ་ཟར་ལ་གསོན་པོ་མཛད་པ།
38ཡེ་ཤུ་ཡང་ཐུགས་ཕམ་སྟེ་དུར་ཁྲོད་དུ་ཕེབས་པ་ལགས། དུར་ཁྲོད་གོ་ནི་བྲག་ཕུག་གཅིག་འོད་ད་ལགས། དེ་ནས་འོ་དེའི་སྒོ་གོ་ལ་རྡོ་གོ་ཆེ་གཅིག་བཞག་འོད་ད་ལགས། 39ཡེ་ཤུ་ཡིས་གསུངས་བ་ལགས། རྡོ་གོང་འདི་ཧ་ལ་བྱེད།
གཤིན་པོའི་ཨི་ཇི་མར་ཐཱ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁོ་གྲོངས་རེ་ཞག་མོ་བཞི་འགྲོའི། ད་དེ་དུས་ཐུག་པའི་ལ་དྲི་མ་ཁའི་ཚར་འོད་གྲོ།
40ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོས་དད་པ་བྱེད་ན་དཀོན་མཆོག་གི་གཟི་བརྗིད་མཐོང་འོང་སྨྲས་རེ་ངས་ཁྱོད་ལ་མ་སྨྲས་བའི།
41ད་ཁོང་ཀྱ་ཡིས་རྡོ་གོང་གོ་ཧ་ལ་བྱས་བ་ལགས། དེ་ནས་ཁོང་པ་ཡིས་སྤྱན་ཡར་གཟིགས་ཏེ་གསུངས་བ་ལགས། ངའི་ཡབ། ཁྱེད་རང་གིས་ང་ལ་གསན་གྱིན་གོ་ལ་ཐུགས་རྗེ་ཆེ་ཞུ་ལ་ཡིན། 42ཁྱེད་རང་གིས་ཙོག་བའི་ང་ལ་གསན་གྱིན་གོ་ངས་ཤེས་ལི་འོད། ཡིན་ནའང་ཁྱེད་རང་གིས་ང་ལ་མངགས་པ་ལགས་སྨྲས་རེ། དུ་རུ་ལངས་རེ་བསྡད་ད་མི་ཀྱ་ཡིས་དད་པ་བྱེད་ཡས་ལ་ང་དེ་རེ་ཞུས་བ་ཡིན།
43ཁོང་པ་ཡིས་དེ་རེ་གསུངས་ཚར་ཏེ་གསུང་སྐད་ཆེ་ལ་གསུངས་བ་ལགས། ལཱ་ཟར། ཕི་ལ་ཐོན་ཏེ་ཤོག། 44ད་མི་གཤིན་པོ་གོ་རྐང་པ་ལག་པ་རས་ཀྱིས་བསྡམས་ད་དང་། གདོང་པ་རས་ཀྱིས་བཏུམས་ཏ་ལ་རང་ཕི་ལ་ཐོན་པ་ལགས།
ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁོ་ལ་བཀྲོལ་རེ་འགྲོ་རུ་ཆུག།
ཡེ་ཤུ་ལ་བསད་ཡས་ཀྱི་གྲོས།
(མད་ཐཱ། ༢༦:༡-༥; མར་ཀུ། ༡༤:༡-༢; ལུ་ཀ། ༢༢:༡-༢)
45འོ་བྱས་རེ་མིར་ཡམ་རྩ་རུ་འོངས་བ་ཡ་ཧུ་དཱ་པ་མང་ང་ཡིས་ཡེ་ཤུ་ཡིས་འདི་མཛད་ཀྱིན་གོ་མཐོང་རེ་ཁོང་ལ་དད་པ་བྱས་བ་ལགས། 46ཡིན་ནའང་རིང་འགའ་ཕཱ་རུ་ཤི་པ་ཀྱ་རྩ་རུ་སོང་རེ་ཡེ་ཤུ་ཡིས་གི་མཛད་ཀྱིན་གྱི་སྐོར་ལ་ཁོང་ཀྱ་ལ་བཤད་པ་ལགས། 47འོ་བྱས་རེ་མཆོད་དཔོན་ཆེ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ཚོགས་རྟེན་བོས་རེ་སྨྲས་བ་ལགས། འདི་མི་དེས་རྟགས་མང་ང་སྟོན་འདིག། ད་འོ་རང་གི་བྱེད་ཡས། 48ཁོ་ལ་འོ་རང་དེ་རེ་རང་བྱེད་དུ་བཅུག་ན་མི་གི་རི་ཡིས་ཁོ་ལ་དད་པ་བྱེད་གྲོ། དེ་ནས་རོ་མཱ་པ་ཀྱ་འོངས་རེ་འོ་རི་དམ་པའི་གནས་དང་མི་རིགས་གཉིས་ཀ་ར་འཕྲོག་གྲོ།
49ཡིན་ནའང་ཁོང་ཀྱ་ནས་ཀ་ཡ་ཕཱ་སྨྲ་གིན་འོ་དེ་ལོ་ཡི་གཙོ་མཆོད་དཔོན་གཅིག་གིས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་གིའང་མེད་ཤེས་ལ། 50མི་གི་རི་མེད་ད་ལ་འགྲོ་བ་ལས་གི་རིའི་ཕྱིར་ལ་གཅིག་ཤི་ན་དགའ་ཡིན་གྱིན་གོ་ཁྱེད་ཀྱ་མེད་ཤེས་ལ་ལེ། 51འདི་ལབ་དེ་ཁོས་ཁོ་རང་རང་གི་ཐོག་ནས་བཤད་ད་མིན་ད། འོ་དེ་ལོའི་གཙོ་མཆོད་དཔོན་བྱས་རེ་ཡ་ཧུ་དཱ་པའི་མི་རིགས་ཕྱིར་ལ་ཡེ་ཤུ་གྲོངས་དགོས་གུ་ལགས་སྨྲས་རེ་ཁོས་མངོན་བཤད་པ་ལགས། 52དེ་ནས་ཡ་ཧུ་དཱ་པའི་མི་རིགས་ཕྱིར་ལ་གཅིག་ཀ་མིན་ད་འཐོར་ཏེ་བསྡད་ད་དཀོན་མཆོག་གི་སྲས་དང་སྲས་མོ་ཀྱ་གཅིག་ཏུ་སྡུད་ཡས་ཀྱི་ཕྱིར་ལའང་བཤད་པ་ལགས། 53འོ་བྱས་རེ་དེ་ཉིན་མ་ནས་བྱས་རེ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཡེ་ཤུ་ལ་བསད་ཡས་ལ་ཇུས་ངན་བཏིང་བ་ལགས། 54འོ་བྱས་རེ་ཡེ་ཤུ་ཡ་ཧུ་དཱ་པ་ཀྱ་ཡི་གུང་དུ་མངོན་སུམ་དུ་ནམ་མའང་མ་ཕེབས་པ་ལགས། ཁོང་པ་འོ་དེ་ནས་ཕེབས་ཏེ་རི་སྟོང་གི་ཉེ་ལ་འོད་ཀྱིན་ཨེ་ཕཱར་ཡིམ་སྨྲ་གིན་ཡུལ་དུ་རང་གི་ཉེ་གནས་ཀྱ་མུ་ལ་བཞུགས་པ་ལགས།
55ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་གི་དུས་ཆེན་གོ་ཉེ་སླེབས་བའི་འོད་ད་ལགས། དེ་ནས་པེ་སག་གི་དུས་ཆེན་འགོ་འཛུགས་ཡས་ཨེན་ལ་ཡུལ་ཡུལ་ནས་མི་མང་ཀྱ། ཡེ་རུ་ཤ་ལེམ་དུ་རང་རང་ལ་གཙང་སྦྲའི་སྲོལ་སྲུང་ཡས་ལ་འོངས་འོད་ད་ལགས། 56མཆོད་ཁང་གི་ནང་འཛོམས་བའི་གང་ལ་ཁོང་ཀྱ་ཡིས་ཡེ་ཤུ་ལ་བཙལ་ལི་འོད་ད་ལགས། དེ་ནས་ཁོང་རང་ཀྱ་ནང་དུ་དེ་རེ་སྨྲས་བ་ལགས། ཁྱེད་ཀྱ་གི་སེམས་མའི་འོད་དོ། ཁོ་དུས་ཆེན་འདི་ལ་སླེབས་གྲོ་བའི། 57ད་མཆོད་དཔོན་ཆེ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ཡེ་ཤུ་ལ་ཟིམ་ཡས་ཀྱི་ཕྱིར་ལ་ཁོ་ག་རུ་འོད་ཀྱིན་གོ་སུས་ཧ་གོ་ནའང་ཁོས་ཁོང་ཀྱ་ལ་ལོན་སྟེར་ཡས་ལ་བཀའ་གནང་བ་ལགས།།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in