ཡོ་ཧ་ནན། 9
9
ཡེ་ཤུ་ཡིས་ཞ་ར་གཅིག་ལ་བཅོས་ག་མཛད་པ།
1དེ་ནས་ཡེ་ཤུ་ལམ་ནས་ཕེབས་བའི་གང་ལ། ཁོང་པ་ཡིས་སྐྱེས་ནས་ཧ་ལ་ཞ་ར་ཡིན་གྱིན་མི་གཅིག་ལ་གཟིགས་པ་ལགས། 2དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། རབ་བི། མི་འདི་ཞ་ར་སྐྱེས་ཀྱིན་གོ་ཁོས་སྡིག་བྱས་རེ་ལེ། ཡང་ན་ཁོའི་ཕ་མའི་སྡིག་པ་བྱས་རེ་ལེ།
3ཡེ་ཤུ་ཡིས་གསུངས་ང་མཛད་པ་ལགས། མི་འདིས་སྡིག་པ་བྱས་རེ་མ་ལགས། དེ་ནས་ཁོའི་ཕ་མས་སྡིག་པ་བྱས་རེའང་མ་ལགས། ཡིན་ནའང་དཀོན་མཆོག་གིས་ཕྱག་ལས་ཁོའི་ནང་ནས་མངོན་དུ་མཛད་ཡས་ཀྱི་ཕྱིར་ལ་བྱུང་བ་ལགས། 4ང་ལ་མངགས་མཁན་གྱི་ཕྱག་ལས་དེ་ཉིན་མོ་འོད་དེ་གང་ལ་རང་བྱེད་དགོས། མཚན་ཤར་གྱིན་དུས་ལ་སུས་འང་ལས་ཀ་བྱེད་མི་ཐུབ། 5ང་འཇིག་རྟེན་དུ་འོད་ཀྱིན་ཐུག་པའི་ང་འཇིག་རྟེན་གྱི་འོད་ཡིན།
6དེ་གསུངས་ཚར་ཏེ་ཁོང་པ་ཡིས་ས་ལ་ལྗགས་ཆབ་གཏོར་ཏེ། འོ་དེ་ལྗགས་ཆབ་ནས་འདམ་བག་མཛད་པ་ལགས། དེ་ནས་འོ་དེ་འདམ་བག་གོ་འོ་དེ་མིའི་མིག་ལ་བསྐུས་མཛད་པ་ལགས། 7དེ་ནས་ཁོ་ལ་གསུངས་ང་མཛད་པ་ལགས། སོང་ལ་སི་ལོ་ཨམ་གྱི་རྫིང་བུ་ལ་ཁྲུས། (སི་ལོ་ཨམ་སྨྲ་ན་མངགས་པ་ལགས།) འོ་བྱས་རེ་ཁོ་སོང་རེ་འཁྲུད་བ་ལགས། དེ་ནས་མཐོང་གིན་བྱུང་རེ་ལོག་སྟེ་འོངས་བ་ལགས།
8ད་ཁྱིམ་མཚེས་ཀྱ་དང་ཁོ་ལ་ཨེན་མ་ནས་སློང་མཁན་བྱས་རེ་མཐོང་མྱོང་མཁན་ཀྱ་ཡིས་སྨྲས་བ་ལགས། འདི་སློང་མ་བསླངས་ཏེ་བསྡད་མཁན་མི་གོ་མ་ལེ། 9རིང་འགའ་ཡིས་ཁོང་རང་ལགས་སྨྲས་རེ་སྨྲས་བ་ལགས། དེ་ནས་གཞན་མ་ཀྱ་ཡིས་ཁོ་མིན་ད་ཁོ་ཅོག་རེ་མི་ལགས་སྨྲས་རེ་སྨྲས་བ་ལགས། དེ་ནས་ཁོས་ང་འོ་དེ་མི་རང་ཡིན་སྨྲས་རེ་སྨྲ་ཇིག་བྱས་བ་ལགས། 10འོ་བྱས་རེ་ཁོང་ཀྱ་ཡིས་ཁོ་ལ་ཁྱོའི་མིག་གང་གི་བྱས་རེ་བས་བ་ལེ་སྨྲས་རེ་དྲིས་བ་ལགས།
11ཁོས་སྨྲས་བ་ལགས། ཡེ་ཤུ་སྨྲ་གིན་མིས་འདམ་བག་བཟོས་རེ་ངའི་མིག་ལ་བསྐུས་སོང་། དེ་ནས་ང་ལ་སི་ལོ་ཨམ་རྫིང་བུ་ལ་སོང་རེ་ཁྲུས་གསུངས་རེ་གསུངས་སོང་། འོ་བྱས་རེ་ང་སོང་རེ་འཁྲུད་བའི། དེ་ནས་མཐོང་གིན་བྱུང་སོང་།
12ཁོང་ཀྱ་ཡིས་ཁོ་ལ་དྲིས་བ་ལགས། ཁོ་ག་རུ་འོད་ད་ལེ།
དེ་ནས་ཁོས་ང་ལ་ཤེས་ཡས་མེད་སྨྲས་རེ་སྨྲས་བ་ལགས།
ཕཱ་རུ་ཤི་པ་ཀྱ་ཡི་འདྲི་བ།
13དེ་ནས་ཁོང་ཀྱ་ཡིས་ཨེན་མ་ཞ་ར་འོད་མཁན་མི་འདི་ལ་ཕཱ་རུ་ཤི་པ་ཀྱ་ཡི་གདོང་དུ་ཁྲིད་པ་ལགས། 14ད་ཡེ་ཤུ་ཡིས་འདམ་བག་མཛད་དེ་མི་འདིའི་མིག་གསོས་བ་མཛད་ཀྱིན་ཉིན་མོ་གོ་ངལ་གསོ་གིན་ཉིན་མ་གོ་ལགས། 15འོ་བྱས་རེ་ཕཱ་རུ་ཤི་པ་ཀྱ་ཡིས་ཁོ་ལ་ཡང་ད་གང་གི་བྱས་རེ་ཁོའི་མིག་མཐོང་བ་ལེ་སྨྲས་རེ་དྲིས་བ་ལགས། དེ་ནས་ཁོས་སྨྲས་བ་ལགས། ཁོང་གིས་ངའི་མིག་ལ་འདམ་བག་བསྐུས་མཛད་སོང་། དེ་ནས་ངས་འཁྲུད་རེ་མིག་མཐོང་སོང་།
16ཕཱ་རུ་ཤི་པ་རིང་འགའ་ཡིས་སྨྲས་བ་ལགས། མི་འདིས་ངལ་གསོ་གིན་ཉིན་མ་གོ་མ་སྲུང་བ། འདི་མི་དེ་དཀོན་མཆོག་ནས་མ་ལགས།
ཡིན་ནའང་གཞན་མ་ཀྱ་ཡིས་སྨྲས་བ་ལགས། མི་སྡིག་ཅན་གཅིག་གིས་དེ་རེ་རྟགས་ཀྱ་གང་གི་བྱས་རེ་བྱས་ཐུབ་བ་ལེ། དེ་ནས་འོ་དུ་རུ་མི་ཀྱ་ཁག་གཉིས་ལ་བས་བ་ལགས།
17འོ་བྱས་རེ་ཁོང་ཀྱ་ཡིས་ལྡབ་ལེ་འོ་དེ་ཞ་ར་གོ་ལ་དྲིས་བ་ལགས། འོ་དེ་མིས་ཁྱོའི་མིག་གསོས་རེ་ད་ཁྱོད་ཁོའི་སྐོར་ལ་གི་བསམ་མའི་འོད་དོ།
ཁོས་སྨྲས་བ་ལགས། ཁོང་མངོན་ཤེས་མཁན་གཅིག་ལགས།
18མཐོང་གིན་བྱུང་བྱ་མིའི་ཕ་མ་ཀྱ་ལ་བོས་རེ་དྲི་བ་མ་བྱས་ཐུག་པའི། ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་ཨེན་མ་ཞ་ར་ཡིན་མཁན་དང་གཤམ་ལ་མཐོང་ཐུབ་ཀྱིན་བྱུང་བྱ་གོ་ལ་ཡིད་ཆེས་མ་བྱས་བ་ལགས། 19དེ་ནས་ཁོང་ཀྱ་ལ་ཡིས་ཁོའི་ཕ་མ་ལ་དྲིས་བ་ལགས། ཁྱེད་ཀྱ་ཡིས་སྨྲ་གིན་སྐྱེས་ནས་ཧ་ལ་རང་ཞ་ར་ཡིན་མཁན་འདི་ཁྱེད་ཀྱི་བི་ཛ་ལེ། ད་ཧ་ན་ཁོ་གང་གི་བྱས་རེ་མཐོང་གིན་བྱུང་བ་ལེ།
20ཁོའི་ཕ་མས་སྨྲས་བ་ལགས། འདི་འི་ཀི་བི་ཛ་ལགས། དེ་ནས་ཁོ་སྐྱེས་ལི་གང་ལ་ཞ་ར་འོད་ད་ལགས་སྨྲས་རེ་འེ་ལ་ཤེས་ཡས་འོད། 21ཡིན་ནའང་ད་ལྟ་ཁོ་གང་གི་བྱས་རེ་མཐོང་མཁན་དང་སུས་ཁོའི་མིག་པེ་བ་ལེ་སྨྲས་རེ་འེ་ལ་ཤེས་ཡས་མེད། ཁོ་ནར་འགྲོ་ཉིད་ཚར་འོད། ཁོང་ལ་རང་དྲིས། ཁོ་རི་ཕྱིར་ལ་ཁོས་རང་བཤད་ཀྱི་ལགས། 22ཁོའི་ཕ་མ་ཡིས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ལ་འཇིགས་ཏེ་དེ་རེ་སྨྲས་བ་ལགས། གི་བྱས་རེ་སྨྲ་ན་ཡེ་ཤུ་ལ་མཱ་ཤི་ཀ་སྨྲས་རེ་ཁས་ལེན་མཁན་ཀྱ་ལ་ཚོགས་ཁང་ནས་བུད་དེ་བརྫངས་ཡས་ཀྱི་གྲོས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཨེན་ལ་རང་ཐག་བཅད་འོད་ད་ལགས། 23འོ་བྱས་རེ་ཁོའི་ཕ་མས་ཁོ་ནར་འགྲོ་ཉིད་ཚར་འོད། ཁོ་ལ་རང་དྲིས་སྨྲས་རེ་སྨྲས་བ་ལགས།
24འོ་བྱས་རེ་ཁོང་ཀྱ་ཡིས་ཨེན་མ་ཞ་ར་ཡིན་མཁན་མི་གོ་ལ་ཡང་བོས་རེ་སྨྲས་བ་ལགས། དཀོན་མཆོག་གི་དྲུང་དུ་བདེན་པ་ཤོད། མི་འདི་ནི་སྡིག་ཅན་གཅིག་ལགས་སྨྲས་རེ་འེ་ཀྱ་ལ་ཤེས་ཡས་འོད།
25དེ་ནས་ཁོས་སྨྲས་བ་ལགས། ཁོ་སྡིག་ཅན་གཅིག་ཡིན་མིན་ང་ལ་ཤེས་ཡས་མེད། ངས་ཤེས་ཡས་འོད་ཀྱིན་གོ་ང་ཨེན་མ་ཞ་ར་འོད། དེ་ནས་ད་ལྟ་ངས་མཐོང་བའི།
26ཁོང་ཀྱ་ཡིས་སྨྲས་བ་ལགས། ཁོས་ཁྱོད་ལ་གི་བྱས་སོ། ཁོས་ཁྱོའི་མིག་གང་གི་བྱས་རེ་པེ་སོ།
27ཁོས་སྨྲས་བ་ལགས། ངས་ཁྱེད་ཀྱ་ལ་བཤད་ཚར། ཡིན་ནའང་ཁྱེད་ཀྱ་མེད་མཉན་དག། ཁྱེད་ཀྱ་གི་བྱས་རེ་ལྡབ་ལེ་ཉན་ཉིད་འདོད་ད་ལེ། ཁྱེད་ཀྱའང་ཁོང་གི་ཉེ་གནས་འབྱུང་ཉིད་འདོད་འདིག་བའི།
28དེ་ནས་ཕཱ་རུ་ཤི་པ་ཀྱ་ཡིས་ཁོ་ལ་མཐོང་ཆུང་བཏང་རེ་སྨྲས་བ་ལགས། ཁྱོད་ཁོའི་ཉེ་གནས་ལགས། ཡིན་ནའང་འེ་ཀྱ་མོ་ཤེའི་ཉེ་གནས་ཡིན། 29དཀོན་མཆོག་གིས་མོ་ཤེ་ལ་བཀའ་མོལ་གསུངས་ཀྱིན་གོ་འེ་ཀྱ་ལ་ཤེས་ཡས་འོད། ཡིན་ནའང་འདི་མི་དེ་ག་ནས་འོངས་ཀྱིན་གོ་འེ་ཀྱ་ལ་ཤེས་ཡས་མེད།
30དེ་ནས་འོ་དེ་མིས་སྨྲས་བ་ལགས། མཁྱན་ཚ་ལ། ཁོ་ག་ནས་ཕེབས་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མིན་འདུག།ཡིན་ནའང་ཁོས་ངའི་མིག་པེ་བ་ལགས། 31དཀོན་མཆོག་གིས་སྡིག་ཅན་ཀྱ་ཡི་སྨོན་ལམ་མེད་གསན་ད་ལགས། ཡིན་ནའང་ཁོང་པ་ལ་བསྙེན་བཀུར་བྱེད་མཁན་དང་ཁོང་པ་ཡི་ཐུགས་དགོངས་སྒྲུབ་ཏུ་བཅུག་མཁན་ཀྱ་ལ་ཁོང་པ་ཡིས་གསན་ད་ལགས་སྨྲས་རེ་འོ་རང་ཀྱ་ཡིས་ཤེས་ལ་ལགས། 32འཇིག་རྟེན་གྱི་ཐོག་མ་ནས་སྐྱེས་ནས་ཧ་ལ་ཞ་ར་ཡིན་མཁན་གྱི་མིག་གསོས་འདུག་སྨྲ་གིན་དེ་རེ་ལབ་གོ་མ་མྱོང་། 33ད་མི་འདི་དཀོན་མཆོག་ནས་མིན་ན། ཁོས་གིའང་བྱེད་ཐུབ་ཡས་མེད།
34ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། ཁྱོད་སྐྱེས་ལི་གང་ལ་རང་སྡིག་ཅན་བྱས་རེའང་ཁྱོད་འེ་ཀྱ་ལ་བསླབ་བྱ་བརྒྱབ་བ་ལེ། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཚོགས་ཁང་ནས་བཏོན་ཏེ་བརྫངས་བ་ལགས།
སེམས་ཉིད་ནས་མཐོང་མི་ཐུབ་མཁན།
35ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་འོ་དེ་མི་ཞ་ར་གོ་ལ་བཏོན་ཏེ་བརྫངས་འདུག་སྨྲས་རེ་ཡེ་ཤུ་ཡིས་གསན་ད་མཛད་པ་ལགས། དེ་ནས་ཁོང་པ་ཡིས་ཁོ་ལ་བཙལ་རེ་དེ་ནས་རྙེད་དེ་གསུངས་བ་ལགས། ཁྱོད་མིའི་བུ་ལ་དད་པ་བྱེད་འདིག་འོད་དེ།
36ཁོས་ཞུས་བ་ལགས། གཙོ་བོ། ང་ཁོང་པ་ལ་དད་པ་བྱེད་ཡས་ཀྱི་ཕྱིར་ལ་ཁོང་པ་སུ་ལེ། ང་ལ་གསུང་རོགས་མཛད།
37ཡེ་ཤུ་ཡིས་ཁོང་ལ་གསུངས་བ་ལགས། ཁྱོས་ཁོང་པ་ལ་མཐོང་མྱོང་འོད་ད་ལགས། ཁྱོའི་མུ་ལ་ལབ་བཏང་མཁན་གོ་རང་ཁོང་ཡིན།
38ཁོས་སྨྲས་བ་ལགས། གཙོ་བོ། ང་དད་པ་བྱེད་འདིག་འོད། དེ་ནས་ཁོས་ཁོང་པ་ལ་ཕྱག་འཚལ་བ་ལགས།
39ཡེ་ཤུ་ཡིས་གསུངས་བ་ལགས། འདི་འཇིག་རྟེན་དུ་ང་ཁྲིམས་བཅད་དུ་འོངས་བ་ཡིན། ཞ་ར་ཀྱ་ཡིས་མཐོང་ཡས་དང་མཐོང་ཐུབ་བའི་བསམས་མཁན་ཀྱ་ལ་ཞ་ར་བཟོ་ཡས་ལ་ང་འོངས་བ་ཡིན།
40དེ་ནས་ཁོང་པ་ཡི་འགྲམ་ལ་འོད་མཁན་ཕཱ་རུ་ཤི་པ་རིང་འགའ་ཀྱ་ཡིས་དེ་གོ་སྟེ་ཁོང་པ་ལ་ཞུས་བ་ལགས། འེ་ཀྱའང་ཞ་ར་ལགས་སེ།
41ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་ཞ་ར་ཡིན་ན། ཁྱེད་ཀྱ་ལ་སྡིག་པའི་སྐྱོན་ཕོག་ཡས་མེད། ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡིས་འེ་ཀྱ་མཐོང་བའི་སྨྲས་རེ་ཁྱེད་ཀྱ་ཡི་སྐྱོན་གོ་ལས་ཀྱི་ལགས།།
Currently Selected:
ཡོ་ཧ་ནན། 9: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society