YouVersion 標識
搜索圖示

མད་ཐཱ། 5

5
ལེའུ་ལྔ་པ།
ཡེ་ཤུས་དེའུ་ཞིག་གི་ལྟག་ག་ལེ་ཆོས་གསུངས་པ།
1དེ་ནས་ཡེ་ཤུས་མི་ཚོགས་ཀྱ་ལེ་གཟིགས་ཏེ། ཁོང་རང་དེའུ་ཞིག་གི་ལྟག་ག་ལེ་ཕེབས་ཏེ། དེ་རུ་བཞུགས་གནང་པི་དིང་། ཁོང་གི་སློབ་མ་ཀྱ་ཟང་ཁོང་གི་དྲུང་དུ་འོངས་པི་དིག 2ཡང་ཁོང་གིས་རང་གི་དྲུང་དུ་འོང་མཁན་མི་ཡེ་རེ་ལེ་ཆོས་བསྟན་ཏེ།
3སེམས་ཉིད་སྐྱོ་པོ་འོད་ཡོད་མི་ཀྱ་བདེ་བ་ཆེའོ། །
དཀོན་མཆོག་རྒྱལ་ཁབ་དེ་ནི་མི་ཀྱ་ཀྱི་ཡིན་དིག །
4མྱ་ངན་བགྱིད་མཁན་མི་ཀྱ་བདེ་བ་ཆེའོ། །
མི་དེ་ཀྱ་ལེ་སེམས་གསོ་འཐོབ་ཀྱི་དིག །
5སྙེམས་ཆུང་ཡིན་མཁན་མི་ཀྱ་བདེ་བ་ཆེའོ། །
ས་གཞིའི་བདག་པོ་ནི་མི་དེ་ཀྱ་འོང་གྱི་དིག །
6དྲང་བདེན་གྱི་དོན་ལེ་བཀྲེས་སྐོམ་​ཀྱ་བདེ་བ་ཆེའོ། །
དྲང་བདེན་གྱི་འགྲངས་​ཏེ་མི་ཀྱ་ཡིད་ཚིམ་གྱི་དིག །
7སྙིང་རྗེ་ཅན་གྱི་མི་དེ་ཀྱ་བདེ་བ་ཆེའོ། །
མི་དེ་ཀྱ་ལེ་སྙིང་རྗེ་འཐོབ་ཀྱི་དིག །
8ལྷད་མེད་སེམས་བཟང་མི་ཀྱ་བདེ་བ་ཆེའོ། །
མི་དེ་ཀྱ་ཀྱིས་དཀོན་མཆོག་མཇལ་གྱི་དིག །
9འཆམ་མཐུན་བགྱིད་མཁན་མི་ཀྱ་བདེ་བ་ཆེའོ། །
མི་དེ་ཀྱ་ལེ་དཀོན་མཆོག་གི་སྲས་ཟིན་འབོད་ཀྱི་དིག །
10དྲང་བདེན་གྱི་དོན་ལེ་གནོད་འཚེ་བྱུང་བ་ཀྱ་བདེ་བ་ཆེའོ། །
དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནི་མི་དེ་ཀྱ་ཀྱི་ཡིན་དིག །
11ངའི་དོན་ལེ་མི་ཀྱ་ཀྱིས་ཁྱེད་ཀྱ་ལེ་དམའ་བེབས་གཏོང་གི་དིང༌། གནོད་འཚེ་སྐྱེལ་བ། ཡང་རྫུན་དིང་ཚིག་ངན་སྣ་ཚོགས་ལེ་བཟོད་སྒོམ་བགྱིད་མཁན་ཁྱེད་ཀྱ་བདེ་བ་ཆེའོ། 12དགའ་སྤྲོ་དིང་སྐྱིད་པོ་གྱིས་ཤིག ཁྱེད་ཀྱ་ལེ་ནམ་མཁའི་ཞིང་ཁམས་རུ་བྱ་དགའ་ཆེན་པོ་འཐོབ་ཀྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་སྔོན་ལེ་འོད་ཡོད་ལུང་སྟོན་པ་ཀྱ་ལེ་ཟང་དེ་ཅོག་འདྲ་གནོད་འཚེ་བསྐྱལ་ལི་དིག
ཚྭ་དིང་འོད་ ཀྱི་དཔེ་སྐོར།
13ཁྱེད་ཀྱ་ནི་འཇིག་རྟེན་གྱི་ཚྭ་ཡིན་དིག ཡིན་ནའང་། ཚྭའི་བྲོ་བ་ཡལ་ནི། དེའི་བྲོ་བ་ཅོག་འདྲ་ཞིག ཡང་དང་ཅི་གི་བྱས་ཏེ་བཟོ་ལས་བགྱིད་ཐུབ་རྒྱུ། དེ་ནི་ཕྱི་ལེ་གཡུགས་རྒྱུ་དིང་། མིའི་རྐང་པའི་འོག་ལེ་རྫི་རྒྱུ་མ་གཏོགས་གཞན་ཕན་ཐོགས་ཅི་གང་མེད་དིག 14ཁྱེད་ཀྱ་ནི་འཇིག་རྟེན་གྱི་འོད་ཟེར་ཡིན་དིག རི་ལེ་ཆགས་པའི་ཡུལ་དེ་སྦས་ཐུབ་ཀྱི་མ་དིག 15མི་སུ་ཞིག་གིས་ཟང་མཆོད་མེ་ཞིག་སྤར་ཏེ་བྲེའི་འོག་ལེ་མི་འབོར་འོད་དིག ཁང་པའི་ནང་ལེ་འོད་ཡོད་མི་ཡེ་རེ་ལེ་འོད་སྤྲོ་རྒྱུ་ཆེད་དུ་ལྕོག་ཙེ་ལྟག་ག་ལེ་འབོར་གྱོ་འོད་དིག 16འོ་དེ་ཅོག་འདྲ། ཁྱེད་ཀྱ་ཀྱི་འོད་དེ་ཟང་། མི་ཀྱ་ཀྱི་མདུན་ལེ་འོད་སྤྲོ་དུ་འཇུག་དགོས་འོད་དིག དེ་ནས་ཁྱེད་ཀྱ་ཀྱིས་བྱས་པའི་ལས་བཟང་པོ་དེ་མི་ཀྱ་ཀྱིས་མཐོང་སྟེ། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱི་ཡབ་ལེ་བསྟོད་པ་འབུལ་གྱི་དིག
ལུང་སྟོན་པ་དིང་ཆོས་ཁྲིམས་ཀྱི་སྐོར།
17ང་ནི་ཆོས་ཁྲིམས་དིང་ལུང་སྟོན་པ་ཀྱ་ཀྱིས་བསྟན་པི་དེ་ཀྱ་མེད་དུ་བཟོ་རྒྱུ་ཆེད་དུ་འོངས་པི་དིག་མ་སོམས་ཤིག ང་དེ་ཀྱ་མེད་དུ་བཟོ་རྒྱུ་ཆེད་དུ་འོངས་པི་མན། དེ་ཀྱ་སྒྲུབ་རྒྱུ་ཆེད་དུ་འོངས་པི་ཡིན། 18ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། གནམ་ས་འདི་མ་རྡིབ་བར་དུ། ཆོས་ཁྲིམས་ཀྱི་ཚིག་དིང་ཡིག་འབྲུ་ཆུང་མ་གཅིག་ཟང་མ་ལུས་པི་ཡེ་རེ་འགྲུབ་ཀྱི་དིག 19འོ་དེ་ལེ་བརྟེན་ཏེ། མི་སུ་ཞིག་གིས་ཟང་། ཆོས་ཁྲིམས་ཀྱ་ནང་ནས་ཆུང་ཤོས་ཤིག་འགལ་ལི་ལས་ཀ་བྱས་པི་མ་ཟད། མི་གཞན་ལེ་ཟང་འོ་དེ་གི་བགྱིད་རྒྱུ་ལེ་མིག་དཔེ་ངན་པ་སྟོན་མཁན་ཀྱ་ནི། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་དུ་ཆུང་ཤོས་ཡིན་དིག་ཟེར་གྱི་དིག ཡིན་ནའང་། ཆོས་ཁྲིམས་དེ་ཀྱ་སྲུང་སྟེ། མིག་དཔེ་བཟང་པོ་སྟོན་མཁན་དེ་ཀྱ། དཀོན་མཆོག་གི་རྒྱལ་ཁབ་ནང་དུ་ཆེ་ཤོས་ཡིན་དིག་ཟེར་གྱི་དིག 20ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། གལ་སྲིད་ཁྱེད་ཀྱ་ཀྱིས་ཆོས་ཁྲིམས་མཁས་པ་འོད་ཡོད་མི་ཀྱ་དིང༌། ཕཱ་རུ་ཤི་པ་ཀྱ་ལས་ལྷག་ཚོད་དཀོན་མཆོག་གི་ཆོས་ཁྲིམས་དེ་ལེ་དགའ་མོ་མ་ཉན་པི་ཡིན་ནི། ཁྱེད་ཀྱ་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་འཛུལ་སྲིད་ཀྱི་མ་དིག 21གནའ་སྔ་མོའི་དུས་ཀྱི་མི་ཀྱ་ལེ། མིའི་སྲོག་མ་གཅོད་ཅིག མིའི་སྲོག་གཅོད་མཁན་དེ་ལེ། ཁྲིམས་ཕོག་གྱི་དིག་ཟིན་ཟེར་རི་ལབ་དེ་ནི་ཁྱེད་ཀྱ་ཀྱིས་ཐོས་མྱོང་འོད་དིག#5.21 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 20 ཨང་ 13 ནང་ལེ་གཟིགས་རོགས། 22ཡིན་ནའང་། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་གིས་རང་གི་སྤུན་ལེ་ཞེ་སྡང་ལངས་མཁན་དེ་ཀྱ་ལེ་ཟང་ཁྲིམས་ཕོག་ཉེན་འོད་དི་མ་ཟད། རང་གི་སྤུན་ལེ་ཚིག་ངན་ཟེར་མཁན་ལེ། མི་ཚོགས་ཀྱི་དྲུང་དུ་ཁྲིམས་ཕོག་ཉེན་འོད་དིག ཡང་རང་གི་སྤུན་གཞན་མ་ཀྱ་ལེ། ཁྱོད་གླེན་པ་ཡིན་དིག་ཟེར་མཁན་ཀྱ་ཟང་དམྱལ་བའི་མེ་ནང་ལེ་འགྲོ་ཉེན་འོད་དིག 23འོ་དེ་ལེ་བརྟེན་ཏེ། ཁྱོད་རང་མཆོད་ཁྲིའི་མདུན་ལེ་མཆོད་པ་ཞིག་འབུལ་རྒྱ། ཁྱོད་ཀྱིས་རང་གི་སྤུན་དིང་སྐྱེན་ལེ་བློ་མི་མཐུན་པ་ཞིག་འོད་དི་དྲན་ནི། 24ཁྱོད་ཀྱིས་རང་གི་མཆོད་པ་དེ་མཆོད་ཁྲིའི་མདུན་ལེ་འབོར་ཏེ། སྔོན་དང་པོ་རང་གི་སྤུན་དིང་སྐྱེན་ལེ་མཐུན་ལམ་གྱིས་ཤིག དེ་ནས་ཁྱོད་རང་འོང་སྟེ་མཆོད་པ་ཕུལ་ཅིག 25ཁྱོད་དིང་ཁྱོད་ཀྱི་ཁ་གཏད་གཉིས་ཁྲིམས་ཁང་ལེ་འགྲོ་རྒྱ་ལམ་ལེ་ཁོ་དིང་སྐྱེན་ལེ་མགྱོགས་པོ་མཐུན་འགྲིག་གྱིས་ཤིག འོ་དེ་གི་མ་བྱས་ནི་ཁྱོད་ཀྱི་ཁ་གཏད་ཁོས་ཁྱོད་རང་ཁྲིམས་དཔོན་གྱི་ལག་ལེ་གཏོད་དི་མ་ཟད། ཁྲིམས་དཔོན་གྱིས་ཟང་བཙོན་ཁང་སྲུང་མཁན་གྱི་ལག་ལེ་ཁྱོད་གཏད་དེ་བཙོན་ཁང་ལེ་འཇུག་ཉེན་འོད་དིག 26འོ་དེ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མཐའ་མའི་དུས་ལེ་ཟངས་ཀྱི་སྒོར་མོ་གཅིག་རང་དེ་ཟང་བུ་ལོན་མ་འཇལ་བར་དུ། ཁྱོད་རང་བཙོན་ཁང་དེ་ནས་ནི་ཐར་སྲིད་ཀྱི་མ་དིག
བཟའ་ཚང་དིང་བྱི་བོ་བྱི་མོའི་སྐོར་གྱི་ཆོས་གསུངས་པ།
27ཡང་བྱི་བོ་བྱི་མོ་མ་རྒྱུགས་ཤིག་ཟིན་གསུངས་པི་དེ་ཁྱེད་ཀྱ་ཀྱིས་ཐོས་འོད་དིག#5.27 ཚིགས་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 20 ཨང་ 14 ནང་ལེ་གཟིགས་རོགས། 28ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་གིས་རང་གི་སེམས་ནང་ལེ། འདོད་ཆགས་སྐྱེས་ཏེ་བུ་མའ་ཞིག་ལེ་མིག་བལྟས་ནའང་། རང་གི་སེམས་ནང་ལེ་མོ་དིང་སྐྱེན་ལེ་བྱི་བོ་བྱས་ཚར་རི་དིག 29གལ་སྲིད་ཁྱོད་ཀྱི་མིག་གཡས་པས་ཁྱོད་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། མིག་གཡས་པ་དེ་བཏོན་ཏེ་གཡུགས་ཤིག ལུས་པོ་ཡེ་རེ་དམྱལ་བའི་ནང་ལེ་གཡུག་གི་ལས། ལུས་ཀྱི་ཡན་ལག་གཅིག་མེད་དི་བྱུང་པི་དེ་དགའ་ཤོས་ཡིན་དིག 30ཡང་གལ་སྲིད་ཁྱོད་ཀྱི་ལག་ག་གཡས་པས་ཁྱོད་ལེ་སྡིག་པ་བགྱིད་དུ་འཇུག་གྱོ་འོད་ནི། ལག་ག་གཡས་པ་དེ་བཅད་དེ་གཡུགས་ཤིག ལུས་པོ་ཡེ་རེ་དམྱལ་བའི་ནང་ལེ་གཡུག་གི་ལས། ལུས་ཀྱི་ཡན་ལག་གཅིག་མེད་དི་བྱུང་པི་དེ་དགའ་ཤོས་ཡིན་དིག 31སྐྱེས་པ་སུ་ཞིག་གིས་རང་གི་བུད་མེད་དིང་ཁ་བྲལ་ནི། མོ་ལེ་ནང་ཚང་ཁ་བྲལ་གྱི་ཡི་གེ་གཏོད་དགོས་འོད་དིག་ཟིན་སྨྲས་འོད་དིག#5.31 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་བཀའ་ལུང་ལེའུ་ 24 ཨང་ 1 ནང་ལེ་གཟིགས་རོགས། 32ཡིན་ནའང་། ང་ཁྱེད་ཀྱ་ལེ་ཟེར་རོ། བྱི་མོ་སྐོར་གྱི་གནས་ཚུལ་པ་རྐྱང་མ་དིག བཟའ་ཚང་ཁ་བྲལ་མཁན་ཁོས་ཟང་། རང་གི་བུད་མེད་ལེ་བྱི་མོ་རྒྱུགས་དུ་འཇུག་གི་མ་ཟད། ཡང་ནང་ཚང་ཁ་བྲལ་ཚར་རི་བུད་མེད་ཞིག་རང་གི་མནའ་མ་ལེན་མཁན་ཁོས་ཟང་བྱི་བོ་བྱས་པི་དིག
མནའ་སྐྱེལ་ལི་སྐོར།
33ཡང་གནའ་སྔ་མོའི་དུས་ཀྱི་མི་ཀྱ་ལེ་རྫུན་གྱི་མནའ་མ་སྐྱེལ་ཞིག ཇོ་བོ་དཀོན་མཆོག་ལེ་བོར་རི་དམ་བཅའ་དེ་སྒྲུབ་པར་གྱིས་ཤིག་ཟེར་རི་དེ་ནི་ཁྱེད་ཀྱིས་ཐོས་འོད་དིག 34ཡིན་ནའང་། ང་ཁྱེད་ཀྱ་ལེ་པ་ཟེར་རོ། མནའ་དུས་ནམ་ཟང་མ་སྐྱེལ་ཞིག ཞིང་ཁམས་ནི་དཀོན་མཆོག་གི་བཞུགས་ཁྲི་ཡིན་ཕེན། དཀོན་མཆོག་གི་ཞིང་ཁམས་དཔང་དུ་བཙུགས་ཏེ་མནའ་མ་སྐྱེལ་ཞིག 35ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་ཕེན། ས་གཞི་དཔང་དུ་བཙུགས་ཏེ་མནའ་མ་སྐྱེལ་ཞིག ཡེ་རུ་ས་གླིང་ནི་རྒྱལ་པོ་ཆེན་པོའི་རྒྱལ་ས་ཡིན་ཕེན། དེ་དཔང་དུ་བཙུགས་ཏེ་མནའ་མ་སྐྱེལ་ཞིག 36ཡང་ཁྱེད་ཀྱ་ཀྱིས་རང་གི་མགོའི་སྐྲ་རྐང་གཅིག་ཟང་། དཀར་པོ་ཡང་ནི། ནག་པོ་བཟོ་མི་ཐུབ་འོད་ཕེན། རང་གི་མགོ་དཔང་དུ་བཙུགས་ཏེ་མནའ་མ་སྐྱེལ་ཞིག 37ཡིན་ནི་ཡིན་དིང་། མིན་ནི་མིན་གྱི་ལབ་དྲང་པོ་སྨྲོས་ཤིག དེ་ལས་ལྷག་གི་ལབ་ཅི་ཞིག་བཤད་ནི། ལབ་དེ་ངན་པའི་བརྒྱུད་ནས་བྱུང་པི་ཡིན་དིག
དགྲ་ཤ་ལེན་དི་སྐོར།
38མིག་གི་ལན་པོ་མིག་དིང་། སོའི་ལན་པོ་སོ་ཟེར་རི་དེ་ནི་ཁྱེད་ཀྱ་ཀྱིས་ཐོས་འོད་དིག#5.38 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 21 ཨང་ 24 དིང༌། མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 24 ཨང་ 20 དིང༌། མདོ་ལྔ་པ་བཀའ་ལུང་ལེའུ་ 19 ཨང་ 21 ནང་ལེ་གཟིགས་རོགས། 39ཡིན་ནའང་། ང་ཁྱེད་ཀྱ་ལེ་ཟེར་རོ། མི་ངན་པ་ལེ་ངན་ལན་མ་འཇལ་ཞིག མི་སུ་ཞིག་གིས་ཁྱོད་ཀྱི་འགྲམ་པ་གཡས་པ་ལེ་འགྲམ་ལྕག་གཞུ་ནི། མི་དེ་ལེ་འགྲམ་པ་གཡོན་མ་དེ་ཟང་ཟེད་ཅིག 40ཡང་མི་སུ་ཞིག་གིས་ཁྱོད་རང་ཁྲིམས་ཁང་ལེ་འཁྲིད་དེ། ཁྱོད་ཀྱི་ནང་གོས་འཁྱེར་འདོད་བགྱིད་འོད་ནི། མི་དེ་ལེ་རང་གི་ཁ་གྱོན་དེ་ཟང་འཁྱེར་དུ་ཆུག་ཅིག 41ཡང་མི་སུ་ཞིག་གིས་ཁྱོད་ལེ་བཙན་དབང་བཏང་སྟེ་ཆུ་ཚོད་གཅིག་ཁུར་བོ་འཁྱེར་དུ་བཅུག་ནི། ཁོའི་སྐྱེན་ལེ་ཆུ་ཚོད་གཉིས་རྒྱུགས་ཤིག 42ཁྱོད་ལེ་སློང་མཁན་ཀྱ་ལེ་སྦྱིན་དང་། ཁྱོད་ལེ་གཡོར་དང་ཟེར་མཁན་དེ་ལེ་རྒྱབ་མ་སྟོན་ཞིག
དགྲ་བོ་ལེ་བྱམས་པ་བགྱིད་དགོས་པའི་སྐོར།
43ཁྱིམ་མཚེས་ལེ་བྱམས་བརྩི་བཀུར་དིང་། དགྲ་བོ་ལེ་སྡང་པོ་བགྱིད་དགོས་འོད་དིག་ཟེར་རི་ལབ་དེ་ནི། ཁྱེད་ཀྱ་ཀྱིས་ཐོས་འོད་དིག#5.43 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 19 ཨང་ 18 ནང་ལེ་གཟིགས་རོགས། 44ཡིན་ནའང་། ང་ཁྱེད་ཀྱ་ལེ་ཟེར་རོ། རང་གི་དགྲ་བོ་ཀྱ་ལེ་བྱམས་པ་གྱིས་ཤིག ཁྱེད་ལེ་གནོད་འཚེ་སྐྱེལ་མཁན་ཀྱ་ཀྱི་དོན་ལེ་གསོལ་བ་སྨོན་ལམ་ཐོབ་ཅིག 45འོ་དེ་གི་ཅོག་འདྲ་བྱས་ནི། ཁྱེད་ཀྱ་ནི་ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱི་སྲས་ཅོག་འདྲ་འོང་གྱི་དིག ཅི་ལེ་ཟེར་ནི། ཁོང་གིས་མི་ངན་པ་དིང་བཟང་པོ་གཉིས་ཀ་ལེ། ཉི་མ་ཤར་དུ་འཇུག་གྱོ་འོད་དིག ཡང་གཤིས་ཀ་དྲང་པོ་དིང་། དྲང་པོ་མེད་མེད་གཉིས་ཀ་ལེ། ཆར་པ་འབེབས་གནང་གྱོ་འོད་དིག 46གལ་སྲིད་ཁྱེད་ཀྱ་ཀྱིས་བྱམས་པ་བགྱིད་མཁན་ལེ་པ་རྐྱང་བྱམས་པ་བྱས་ནི། ཁྱེད་ཀྱ་ལེ་བྱ་དགའ་ཅི་འཐོབ་གྱོ་འོད་དི་གོ། ཁྲལ་སྡུད་མཁན་གྱིས་ཟང་འོ་དེ་གི་ཅོག་འདྲ་མི་བགྱིད་འོད་དི་གས། 47ཡང་ཁྱེད་ཀྱ་ཀྱིས་རང་གི་སྤུན་ཟླ་ལེ་པ་རྐྱང་ཕེབས་བསུ་ཞུས་ནི། མི་གཞན་ལས་ལྷག་ཚོད་ཅི་བྱས་འོད་དོ། ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ཀྱིས་ཟང་འོ་དེ་གི་ཅོག་འདྲ་མི་བགྱིད་འོད་དི་གས། 48འོ་དེ་ལེ་བརྟེན་ཏེ། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཁོང་ལེ་མ་ཚང་བ་ཅི་གང་མེད་ཕེན། ཁྱེད་ཀྱ་ལེ་ཟང་མ་ཚང་བ་ཅི་གང་མེད་དི་དགོས་པ་འོད་དིག་ཟིན་གསུངས་པི་དིག །

醒目顯示

分享

複製

None

想要在所有設備上保存你的醒目顯示嗎? 註冊或登入