མད་ཐཱ། 4
4
ལེའུ་བཞི་པ།
ཡེ་ཤུ་ལེ་ཉམས་ཚོད་བླངས་པ།
1དེ་ནས་བདུད་ཀྱི་རྒྱལ་པོ་སཱ་ཏན་གྱིས་ཡེ་ཤུ་ལེ་ཉམས་ཚོད་ལེན་རྒྱུ་ཆེད་དུ། དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཡེ་ཤུ་མི་མེད་ལུང་སྟོང་ཞིག་ལེ་ཁྲིད་གནང་སྟེ། 2ཉིན་མཚན་བཞི་བཅུ་བར་དུ་སྨྱུང་གནས་བསྲུངས་པའི་རྗེས་ལེ། ཁོང་རང་གསོལ་གྲོད་འཇུ་གུ་ལྟོགས་པི་དིག 3དེ་ནས་ཉམས་ཚོད་ལེན་མཁན་བདུད་ཀྱི་རྒྱལ་པོ་དེ་ཁོང་གི་དྲུང་དུ་འོངས་ཏེ། ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ནི། རྡོ་འདི་སྒོར་ཕྱེ་ལེ་འགྱུར་བའི་བཀའ་གཏོང་ཞིག་སྨྲས་ཕེན། 4ཡེ་ཤུས་ཁོ་ལེ། གསུང་རབ་ཀྱི་ནང་ལེ། མི་ནི་སྒོར་ཕྱེ་པ་རྐྱང་ལེ་བརྟེན་ཏེ་འཚོ་མི་ཐུབ་འོད་དིག དཀོན་མཆོག་གི་ཞལ་ནས་གསུངས་པའི་བཀའ་རེ་རེ་ལེ་བརྟེན་ཏེ། འཚོ་ཐུབ་ཟིན་བྲིས་འདུག་ཟིན་གསུངས་པི་དིག#4.4 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་བཀའ་ལུང་ལེའུ་ 8 ཨང་ 3 ནང་ལེ་གཟིགས་རོགས། 5དེ་ནས་བདུད་ཀྱིས་ཡེ་ཤུ་གནས་མཆོག་ཡེ་རུ་ས་གླིང་ལེ་ཁྲིད་དེ། མཆོད་ཁང་ཆེན་མོའི་རྩེ་ལེ་ལང་དུ་བཅུག་སྟེ། 6གལ་སྲིད་ཁྱོད་རང་དཀོན་མཆོག་གི་སྲས་ཡིན་ནི། འདི་ནས་མར་མཆོངས་ཤིག ཅི་ལེ་ཟེར་ནི། གསུང་རབ་ཀྱི་མདོ་ནང་ལེ།
དཀོན་མཆོག་གིས་རང་གི་ཕོ་ཉ་ཀྱ་ལེ། །
ཁྱོད་ལེ་སྐྱོབ་དགོས་པའི་བཀའ་གནང་སྟེ། །
ཁྱོད་ཀྱི་རྐང་པ་རྡོ་ལེ་མི་ཐུག་གི་ཆེད་དུ། །
ཕོ་ཉ་ཀྱ་ཀྱིས་ཁྱོད་ཡར་འདེགས་ཀྱི་དིག །
ཟིན་བྲིས་འདུག་ཟིན་སྨྲས་ཕེན།#4.6 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 91 ཨང་ 11-12 ནང་ལེ་གཟིགས་རོགས། 7ཡེ་ཤུས་བདུད་པོ་ཁོ་ལེ། ཁྱོད་ཀྱིས་རང་གི་ཇོ་བོ་དཀོན་མཆོག་ལེ་ཉམས་ཚོད་མ་བགྱིད་ཞིག་ཟིན་བྲིས་འདུག་ཟིན་གསུངས་པི་དིག#4.7 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་བཀའ་ལུང་ལེའུ་ 6 ཨང་ 16 ནང་ལེ་གཟིགས་རོགས། 8དེ་ནས་ཡང་དང་བདུད་ཀྱིས་ཡེ་ཤུ་རི་ཐོན་པོ་ཞིག་ལྟག་ག་ལེ་ཁྲིད་དེ། འཇིག་རྟེན་གྱི་རྒྱལ་ཁམས་ཡེ་རེ་དིང་། དེའི་དཔལ་འབྱོར་ཡེ་རེ་ཁོང་ལེ་བསྟན་ཏེ། 9གལ་སྲིད་ཁྱོད་ཀྱིས་པུས་མོ་ས་ལེ་བཙུགས་ཏེ་ང་ལེ་ཕྱག་འཚལ་ལི་ཡིན་ནི། འདི་ཡེ་རེ་ངས་ཁྱོད་ལེ་སྟེར་རོ་སྨྲས་པི་དིག 10ཡང་ཡེ་ཤུས་བདུད་པོ་ཁོ་ལེ། སཱ་ཏན། ཁྱོད་ཕ་ལེ་རྒྱུགས། གསུང་རབ་ཀྱི་མདོ་ནང་ལེ། ཁྱོད་ཀྱིས་རང་གི་ཇོ་བོ་དཀོན་མཆོག་ལེ་ཕྱག་འཚོལ། ཁོང་རང་པ་རྐྱང་ལེ་བསྙེན་བཀུར་དིང་། ཁོང་པ་རྐྱང་ལེ་ཞབས་ཕྱི་བགྱིད་དགོས་འོད་དིག་ཟིན་བྲིས་འདུག་ཟིན་གསུངས་པི་དིག#4.10 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་བཀའ་ལུང་ལེའུ་ 6 ཨང་ 13 ནང་ལེ་གཟིགས་རོགས། 11དེ་ནས་བདུད་པོ་དེ་ཁོང་དིང་ཁ་བྲལ་ཕེན། དཀོན་མཆོག་གི་ཕོ་ཉ་ཀྱ་ཕེབས་འོངས་ཏེ་ཡེ་ཤུ་ལེ་ཞབས་ཕྱི་ཞུས་པི་དིག
ཡེ་ཤུས་ཆོས་སྟོན་རྒྱུ་འགོ་བཙུགས་པ།
12ཡང་ཡེ་ཤུས་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་འཛིན་བཟུང་བྱས་ཏེ་བཙོན་ལེ་བཅུག་པའི་གནས་ཚུལ་ཐོས་ཏེ། ཁོང་རང་ཚུར་ག་ལིལ་ལུང་པ་ལེ་ཕེབས་པི་དིང་། 13ནཱ་ཙ་རེལ་ཡུལ་དིང་ཁ་བྲལ་ཏེ། ཟེ་བུ་ལུན་དིང་ནབ་ཐ་ལིའི་ཟེར་རི་ཡུལ་གྱི་མཚོ་འགྲམ་ལེ་འོད་ཡོད་ཀ་ཕར་ན་ཧུམ་ཡུལ་ལེ་གཞིས་ཆགས་པི་དིག 14ཡང་ལུང་སྟོན་པ་ཡེ་ཤ་ཡཱས་ཟང་།
15ཟེ་བུ་ལུན་དིང་ནབ་ཐ་ལི་ཡུལ་དེ་གཉིས། །
མཚོ་འགྲམ་དིང་ཡོར་དན་གཙང་པོའི་ཕར་ཀན། །
ཕྱིའི་མི་རིགས་གནས་པའི་ག་ལིལ་ལུང་པ་དེ་ལེ།
16མུན་ནག་ནང་ལེ་གོམ་བགྲོད་བགྱིད་མཁན། །
མི་ཀྱ་ཀྱིས་འོད་ཟེར་ཆེན་པོ་ཞིག་མཐོང་གི་དིང་། །
འཆི་བ་དིང་མུན་ནག་ནང་ལེ་གནས་མཁན། །
མི་ཀྱ་ལེ་འོད་ཟེར་ཞིག་འཕྲོ་འོང་གྱི་དིག །
ཟིན་བྲིས་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག#4.16 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 9 ཨང་ 1-2 ནང་ལེ་གཟིགས་རོགས། 17དུས་དེ་ནས་ཕྱིན་ཆད། ཡེ་ཤུས་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ཉེ་མོ་སླེབས་འདུག ཁྱེད་ཀྱ་ཀྱིས་རང་གི་སྤྱོད་ངན་དེ་ཀྱ་སྤངས་ཏེ་འགྱོད་བཤགས་གྱིས་ཤིག་ཟིན་ཆོས་སྟོན་རྒྱུ་འགོ་བཙུགས་པི་དིག
སློབ་མ་དང་པོའི་སྐོར།
18དེ་ནས་ཡེ་ཤུ་ག་ལིལ་ལུང་པའི་མཚོ་འགྲམ་བརྒྱུད་ནས་ཕེབས་འགྲོ་རྒྱ། སི་མོན་ཟེར་མཁན་པེ་ཏྲོ་དིང་ཁོའི་ནུ་བོ་ཨན་དྲི་ཡཱ་ཟེར་མཁན་ཉ་པ་སྤུན་གཉིས་པོ་དེས་མཚོ་ནང་ལེ་དྲྭ་གཡུག་གྱོ་འོད་དི་གཟིགས་ཕེན། 19ཁོང་གིས་ཉ་པ་སྤུན་གཉིས་པོ་དེ་ལེ། ངའི་རྗེས་ལེ་ཤོག ཁྱེད་གཉིས་ཀྱིས་ད་ལྟ་ཉ་འཚོལ་ལི་ཅོག་འདྲ། ངས་ཁྱེད་གཉིས་པོ་ནི། མི་ཀྱ་ལེ་ཐར་པའི་ལམ་སྟོན་བགྱིད་མཁན་ལེ་བསྐོ་གྱི་ཡིན་ཟིན་གསུངས་ལོང་མེད། 20ཁོ་གཉིས་ཀྱིས་དྲྭ་དེ་ཀྱ་གཡུགས་ཏེ། ཁོང་གི་རྗེས་ལེ་འབྲངས་པི་དིག 21ཡང་ཡེ་ཤུ་མཚོ་འགྲམ་ནས་ནི་ཡར་ཚོད་ཕེབས་ཏེ། ཁོང་གིས་ཟེ་བད་ཡཱ་ཟེར་མཁན་ཁོ་དིང་། ཁོའི་བི་ས་ཡ་ཀོབ་དིང་ཡོ་ཧ་ནན་ཁོ་གཉིས་ཀྱིས་གྲུའི་ལྟག་ག་ལེ་དྲྭ་བཟོ་ལས་བགྱིད་འོད་དི་གཟིགས་ཕེན། ཁོང་གིས་ཁོ་གཉིས་ལེ་ཟང་། རང་གི་རྗེས་ལེ་འབྲང་རྒྱུ་ཆེད་དུ་སྐད་བཏང་པི་དིག 22ཁོང་གཉིས་ཀྱིས་ཟང་དེ་ལོང་མེད་ཨ་ཀྱི་དིང་གྲུ་གཡུགས་ཏེ། ཁོང་གི་རྗེས་ལེ་འབྲངས་པི་དིག
ཡེ་ཤུས་ནད་རིགས་སྣ་ཚོགས་དྲག་ཏུ་བཅུག་པ།
23དེ་ནས་ཡེ་ཤུ་ག་ལིལ་ལུང་པ་ཡེ་རེའི་བརྒྱུད་ནས་ཕེབས་ཏེ། ཡ་ཧུ་དཱ་པའི་ཚོགས་ཁང་ལེ་ཡེ་ཤུས་ཆོས་བསྟན་པི་མ་ཟད། དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་གྱི་གཏམ་བཟང་གསུངས་ཏེ། ནད་རིགས་སྣ་ཚོགས་དྲག་ཏུ་བཅུག་གནང་པི་དིག 24འོ་དེ་ལེ་བརྟེན་ཏེ། ཁོང་གི་སྙན་གྲགས་དེ་ནི། སི་རི་ཡཱ་ལུང་པ་ཡེ་རེ་ལེ་ཁྱབ་ཕེན། མི་ཀྱ་ཀྱིས་ནད་པ་དིང་། ན་ཚ་འདྲ་མིན་སྣ་ཚོགས་ཕོག་འོད་ཡོད་ཀྱ་དིང་། ཡང་དེ་མིན་གདོན་འདྲེ་ཞུགས་འོད་ཡོད་མི་ཀྱ་དིང༌། གཟའ་ཕོག་ཕོག་མི་ཀྱ་དིང་། གོམ་པ་སྤོ་མི་ཐུབ་མཁན་མི་ཀྱ་ཁོང་གི་དྲུང་དུ་ཁྲིད་འོངས་ཕེན། ཡེ་ཤུས་མི་དེ་ཡེ་རེ་དྲག་ཏུ་བཅུག་པི་དིག 25དེ་ནས་ག་ལིལ་ལུང་པ་དིང༌། དེ་ཁ་པོ་ལེ་ཟེར་རི་ཡུལ་སྡེ་བཅུ་དིང་། རྒྱལ་ས་ཡེ་རུ་ས་གླིང་དིང༌། ཡ་ཧུ་དཱ་ལུང་པ། ཡོར་དན་གཙང་པོའི་ཕར་ཀན་ནས་འོངས་པའི་མི་ཚོགས་དེ་ཀྱ་ཁོང་གི་རྗེས་ལེ་འབྲངས་པི་དིག །
© 2023 Wycliffe Bible Translators, Inc. All rights reserved.