Chapa ya Youversion
Ikoni ya Utafutaji

མད་ཐཱ། 9

9
ལེའུ་དགུ་པ།
མི་ཞ་རིལ་ཞིག་དྲག་ཏུ་བཅུག་པ།
1དེའི་རྗེས་ལེ་ཡེ་ཤུ་གྲུ་ཞིག་ལེ་བཞོན་ཏེ་མཚོའི་ཕར་ཀན་ལེ་འོད་ཡོད་རང་གི་ཡུལ་ཀ་ཕར་ན་ཧུམ་ལེ་ཕེབས་གནང་པི་དིག 2དེ་ནས་མི་ཁ་ཤས་ཀྱིས་ཞ་རིལ་ཞིག་གདན་དིང་སྐྱེན་ལེ་ཡེ་ཤུའི་དྲུང་དུ་ཁུར་འོངས་ཕེན། ཁོང་གིས་མི་དེ་ཀྱ་ཀྱི་དད་སེམས་དེ་མཁྱེན་ཏེ། ནད་པ་ཁོ་ལེ། བི་སོའོ། བློ་བདེ་མོ་གྱིས་ཤིག ཁྱོད་ཀྱི་སྡིག་པ་བསལ་ལི་དིག་ཟིན་གསུངས་པི་དིག 3དེ་ནས་ས་ཆ་དེ་རུ་འོད་ཡོད་ཆོས་ཁྲིམས་མཁས་པའི་མི་ཁ་ཤས་ཀྱི་སེམས་པ་ལེ། མི་འདིས་དཀོན་མཆོག་ལེ་སྐུར་བ་འདེབས་ཀྱི་འདུག་བསམས་པི་དིག 4དེ་ནས་ཡེ་ཤུས་མི་དེ་ཀྱ་ཀྱི་བསམ་ཚུལ་དེ་མཁྱེན་ཕེན། ཁྱེད་ཀྱ་ཀྱིས་བསམ་བློ་ངན་པ་དེ་གི་ཅི་ལེ་གཏོང་གི་དོ། 5ཁྱོད་ཀྱི་​སྡིག་པ་བསལ་ལི་​དིག་​སྨྲས་ནི་​ལས་​སླ་​འདུག་​གོ། ཡང་​ནི། ཡར་​ལོངས་​རྒྱུགས་​སྨྲས་ནི་​ལས་​སླ་​འདུག་​གོ། 6ཡིན་ནའང་​། མིའི་​བི་ས་​ལེ་​འཇིག་རྟེན་གྱི་སྡིག་པ་​སེལ་ལི་དབང་ཆ་​འོད་​དི། ཁྱེད་​ཀྱ་​ཀྱིས་ཧ་གོ་རྒྱུ་ཆེད་དུ་ཡིན་ཟིན་​གསུངས་​པི་རྗེས་​ལེ། ཁོང་​གིས་​མི་​ཞ་རིལ་​ཁོ་​ལེ། ཡར་​ལོངས་​དང་​། གདན་​ཁྱེར་ཏེ་​རང་གི་ནང་​ལེ་​ལོག་​རྒྱུགས་​ཟིན་​བཀའ་​གནང་ཕེན། 7མི་དེ་ཡར་ལངས་ཏེ་རང་གི་གདན་ཁྱེར་ཏེ་ནང་ལེ་ལོག་བུད་དི་དིག 8དེ་ནས་​འདི་རུ་​འོད་ཡོད་​མི་ཡེ་རེས་གནས་ཚུལ་དེ་མཐོང་ཕེན་ཧ་ལས་​ཆེན་པོ་བྱུང་སྟེ། མི་ལེ་འོ་དེ་གི་དབང་ཆ་ཆེན་པོ་གནང་མཁན་དཀོན་མཆོག་ལེ་བསྟོད་པ་​ཕུལ་​ལི་​དིག
ཡེ་ཤུས་མད་ཐཱ་རང་གི་སློབ་མ་ལེ་བོས་པ།
9ཡང་དེའི་རྗེས་ལེ། ཡེ་ཤུ་དེ་ནས་ཕ་ལེ་ཕེབས་རྒྱ། མིང་ལེ་མད་ཐཱ་ཟེར་མཁན་དེ་ཁྲལ་སྡུད་ས་རུ་བསྡད་དེ་ཁྲལ་ལན་གྱོ་འོད་དི་གཟིགས་ཕེན། ཁོང་གིས་ཁོ་ལེ། ཁྱོད་རང་ངའི་རྗེས་ལེ་འབྲོངས་ལེད་ཟིན་གསུངས་ཕེན། ཁོ་རང་ཡར་ལངས་ཏེ། ཡེ་ཤུའི་རྗེས་ལེ་འབྲངས་པི་དིག 10ཡང་ཡེ་ཤུ་དིང་སློབ་མ་ཀྱ་མད་ཐཱའི་ཁྱིམ་ལེ་མགྲོན་པོ་ལེ་ཕེབས་པི་དིག དེ་རྒྱ་ཁྲལ་སྡུད་མཁན་དིང་མི་སྡིག་ཅན་མང་པོ་ཞིག་ཟང་དེ་རུ་འོངས་ཏེ། ཁོང་དིང་སློབ་མ་ཀྱ་ཀྱི་སྐྱེན་ལེ་བཟའ་བཏུང་བྱས་ཏེ་བསྡད་འོད་དི་དིག 11དོན་དེ་ཕཱ་རུ་ཤི་པ་ཀྱ་ཀྱིས་མཐོང་ཕེན། ཡེ་ཤུའི་སློབ་མ་ཀྱ་ལེ། ཁྱེད་ཀྱ་ཀྱི་སློབ་དཔོན་གྱིས་ཁྲལ་སྡུད་མཁན་དིང་། མི་སྡིག་ཅན་ཀྱ་ཀྱི་སྐྱེན་ལེ་ཅི་ལེ་བཟའ་བཏུང་བགྱིད་དི་ཡིན་གོ་ཟིན་དྲིས་ཕེན། 12ཡེ་ཤུས་ལབ་དེ་ཐོས་ཏེ། གཟུགས་པོ་བདེ་མོ་འོད་ཡོད་མི་ཀྱ་ལེ། ཨེམ་ཆི་དགོས་པ་མེད་དིག ཡིན་ནའང་། ནད་པ་ཀྱ་ལེ་ཨེམ་ཆི་དགོས་པ་འོད་དིག 13ད་རྒྱུགས། ང་ནི་མཆོད་པ་ལེ་མི་དགའ་འོད། སྙིང་རྗེའི་སེམས་ལེ་དགའ་ཟིན་གསུངས་པའི་དོན་དེ། ཅི་ཡིན་དི་ཤེས་པར་གྱིས་ཤིག ང་ནི་མི་བཟང་པོ་ཀྱ་ཀྱི་ཆེད་དུ་འོངས་པི་མན། མི་སྡིག་ཅན་ཀྱ་ཀྱི་ཆེད་དུ་འོངས་པི་ཡིན་ཟིན་གསུངས་པི་དིག#9.13 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨས་བྲིས་པའི་མདོ་ལེའུ་ 6 ཨང་ 6 ནང་ལེ་གཟིགས་རོགས།
སྨྱུང་གནས་སྐོར་གྱི་འདྲི་བ།
14དེ་ནས་​ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་སློབ་མ་ཁ་ཤས་ཞིག་ཡེ་ཤུ་དྲུང་དུ་འོངས་ཏེ། ཁོང་ལེ། ཉེད་དིང་། ཡང་ཕཱ་རུ་ཤི་པ་ཀྱ་ཀྱིས་སྨྱུང་གནས་སྲུང་གྱོ་འོད་དིག ཡིན་ནའང་། ཁྱེད་ཀྱི་སློབ་མ་ཀྱ་ཀྱིས་ཅི་ལེ་སྨྱུང་གནས་མི་སྲུང་གི་ཡིན་གོ་ཟིན་དྲིས་ཕེན། 15ཡེ་ཤུས་མི་དེ་ཀྱ་ལེ། མག་པ་དིང་བག་གཡོག་སྐྱེན་ལེ་འོད་རྒྱ། བག་གཡོག་ཀྱ་སྨྱུང་གནས་ཅི་གི་བྱས་ཏེ་སྲུང་ཐུབ་རྒྱུ། ཡིན་ནའང་། མག་པ་དིང་བག་གཡོག་ཁ་འབྲལ་ལི་དུས་དེ་སླེབ་རྒྱ། བག་གཡོག་ཀྱ་ཀྱིས་སྨྱུང་གནས་སྲུང་གྱི་དིག 16ཡང་དཔེར་ན། མི་སུ་ཞིག་གིས་གོས་རྙིང་པ་ལེ་གོས་གསར་པ་ལྷན་པ་མི་རྒྱག་འོད་དིག གལ་སྲིད་ལྷན་པ་བརྒྱབ་པི་ཡིན་ནི། གོས་རྙིང་པ་དེ་འཛེན་ཆེ་རུ་རལ་འགྲོ་གྱི་དིག 17ཡང་དཔེར་ན། མི་སུ་ཞིག་གིས་རྒུན་ཆང་གསར་པ་དེ། རྐྱལ་པ་རྙིང་པའི་ནང་དུ་མི་བསྙལ་འོད་དིག གལ་སྲིད་བསྙལ་ལི་ཡིན་ནི། རྒུན་ཆང་དེ་འཕེལ་ཏེ། རྐྱལ་པ་རྙིང་པ་དེ་རྡོལ་ཏེ། རྒུན་ཆང་དིང་རྐྱལ་པ་གཉིས་ཀ་འཕྲོ་བརླག་འགྲོ་གྱི་དིག འོ་དེ་ལེ་བརྟེན་ཏེ། རྒུན་ཆང་གསར་པ་འདི་རྐྱལ་པ་གསར་པའི་ནང་ལེ་སྙོལ་ཞིག་ཟིན་གསུངས་པི་དིག
ཡེ་ཤུས་བུ་མོ་ཞིག་གསོན་དུ་བཅུག་པ།
18དེ་ནས་ཁོང་གིས་མི་དེ་ཀྱ་ལེ་འོ་དེ་གི་གསུང་གནང་རྒྱ། དེ་རུ་ཡ་ཧུ་དཱ་པའི་ཚོགས་ཁང་གི་འགོ་ཁྲིད་ཞིག་ཡེ་ཤུ་དྲུང་དུ་བརྐྱངས་ཕྱག་འཚལ་ཏེ། ངའི་བུ་མོ་ད་ལྟ་རང་ཤི་སོང་། ཁྱེད་ཕེབས་ཏེ་ངའི་བུ་མོ་ཡང་དང་གསོན་རྒྱུ་ཆེད་དུ་ཕྱག་དབང་གནང་རོགས་ཟིན་ཞུས་ཕེན། 19ཡེ་ཤུ་ཡར་བཞེངས་ཏེ། སློབ་མ་ཀྱ་དིང་སྐྱེན་ལེ་མི་དེའི་རྗེས་ལེ་ཕེབས་གནང་པི་དིག 20དེ་རྒྱ་ལོ་བཅུ་གཉིས་བར་དུ་ཟླ་ནད་​འཐོན་ཕེན་ནད་པ་བྱུང་བའི་བུ་མའ་ཞིག་ཟང་ཁོང་གི་རྒྱབ་ཏུ་འོངས་ཏེ། ཁོང་གི་ནམ་བཟའི་མཐའ་འཛར་ལེ་ཐུག་ཚོད་བྱས་པི་དིག 21མོས་གལ་སྲིད་ངས་ཁོང་གི་ནམ་བཟའ་ལེ་ཐུག་ཚོད་ཞིག་བྱས་ནི། ང་ནད་ནས་ཐར་གྱི་དིག་བསམས་པི་དིག 22ཡང་ཡེ་ཤུ་ཞལ་ཚུར་ལེ་བསྐོར་ཏེ། བུ་མའ་མོ་ལེ་གཟིགས་ཏེ། བུ་མོ། ཁྱོད་རང་བློ་བདེ་མོ་གྱིས་དང་། ཁྱོད་ཀྱི་དད་པས་ཁྱོད་རང་ནད་ནས་དྲག་ཏུ་བཅུག་པི་དིག་ཟིན་གསུངས་ལོང་མེད་མོ་རང་ནད་ནས་ཐར་རི་དིག 23དེ་ནས་ཡེ་ཤུ་འགོ་ཁྲིད་ཀྱི་ཁྱིམ་ལེ་སླེབས་རྒྱ། དེ་རུ་མི་ཀྱ་ཀྱིས་རྐང་གླིང་དིང་། ཌ་རུའི་སྐད་དིང་། འུར་སྒྲ། ངུ་སི་ལྡིང་ངེ་འོད་དི་གཟིགས་ཏེ། 24ཁོང་གིས་མི་དེ་ཀྱ་ལེ། བུ་མོ་མ་ཤི་མི་འདུག གཉིད་ཤོར་བསྡད་འདུག ཁྱེད་ཀྱ་དེ་ནས་ཕ་ལེ་རྒྱུགས་དང་ཟིན་གསུངས་ཕེན། མི་ཚོགས་ཀྱ་ཀྱིས་ཁོང་ལེ་ཁྲེལ་དགོད་བརྒྱབ་པི་དིག 25ཡིན་ནའང་། ཡེ་ཤུས་མི་ཚོགས་དེ་ཀྱ་ཕྱི་ལེ་བཏོན་ཕེན། ཁོང་རང་ཁྱིམ་ནང་ལེ་ཕེབས་ཏེ། བུ་མོའི་ལག་ག་ནས་འཇུས་ལོང་མེད། བུ་མོ་དེ་ཡར་ལངས་པི་དིག 26ཡང་ཁོང་གིས་མཛད་པའི་གནས་ཚུལ་དེ་ནི་ལུང་པ་ཡེ་རེ་ལེ་ཁྱབ་པི་དིག
མི་ཞ་ར་གཉིས་དིང་ལྐུགས་པ་གཅིག་གི་སྐོར།
27ཡང་ཡེ་ཤུ་ས་ཆ་དེ་ནས་ཕ་ལེ་ཕེབས་རྒྱ། མི་ཞ་ར་གཉིས་ཀྱིས་ཁོང་གི་རྗེས་ལེ་འབྲངས་ཏེ། སྐད་ཆེན་པོས་ངང་ནས། རྒྱལ་པོ་དཱ་བིད་ཀྱི་སྲས། ཉེད་ལེ་ཐུགས་རྗེ་གཟིགས་རོགས་ཟིན་ཞུས་ཕེན། 28ཡེ་ཤུ་ཁྱིམ་ནང་ལེ་ཞུགས་རྒྱ། ཞ་ར་གཉིས་པོ་དེ་ཟང་ཁོང་གི་དྲུང་དུ་འོངས་པི་དིག དེ་ནས་ཡེ་ཤུས་ཞ་ར་དེ་གཉིས་ལེ། ངས་དོན་འདི་སྒྲུབ་ཐུབ་རྒྱུ་ཡིན་དི་ཁྱེད་གཉིས་ལེ་ཡིད་ཆེས་འོད་དས་ཟིན་གསུངས་ཕེན། མི་དེ་གཉིས་ཀྱིས་ཁོང་ལེ། ཇོ་བོ། ཉེད་ལེ་ཡིད་ཆེས་འོད་ཟིན་ཞུས་པི་དིག 29དེ་ནས་ཁོང་གིས་མི་དེ་གཉིས་ཀྱི་མིག་ལེ་ཕྱག་བོར་ཏེ། ཁྱེད་གཉིས་ཀྱིས་ཡིད་ཆེས་བྱས་པི་ཅོག་འདྲ་སྒྲུབ་པར་ཤོག་ཟིན་གསུངས་པི་དིག 30ཡང་མི་དེ་གཉིས་ཀྱི་མིག་དེ་ཟང་མཐོང་རྒྱུ་འོད་ཡོད་བྱུང་ཕེན། ཡེ་ཤུས་མི་དེ་གཉིས་ལེ། གནས་ཚུལ་འདི་མི་གཞན་སུ་ལེ་ཟང་མ་ཤོད་ཅིག་ཟིན་ནན་ཏན་བྱས་ཏེ་གསུངས་པི་དིག 31ཡིན་ནའང་། མི་གཉིས་པོ་དེ་ཕྱི་ལེ་ཐོན་ལོང་མེད་ཁོང་གིས་ཅི་མཛད་པའི་གནས་ཚུལ་དེ་མི་མང་པོ་ལེ་བཤད་ཕེན། ཁོང་གི་སྙན་གྲགས་དེ་ལུང་པ་ཡེ་རེ་ལེ་ཁྱབ་པི་དིག 32ཞ་ར་དེ་གཉིས་ཕ་ལེ་འགྲོ་རྒྱ། ཡང་མི་གཞན་ཀྱ་ཀྱིས་གདོན་འདྲེ་ཞུགས་ཏེ། ལབ་ཟེར་མི་ཐུབ་མཁན་མི་ཞིག་ཁོང་གི་དྲུང་དུ་ཁྲིད་འོངས་པི་དིག 33ཡེ་ཤུས་གདོན་འདྲེ་དེ་མི་དེའི་ལུས་ནས་བཏོན་ལོང་མེད། ལྐུགས་པ་ཁོས་ལབ་སྨྲས་ཕེན། མི་ཚོགས་ཀྱ་ཡ་མཚན་ཆེན་པོ་སྐྱེས་ཏེ། མི་ཚོགས་དེ་ཀྱ་ཀྱིས་ཡི་སི་ར་ཨེལ་པའི་ལུང་པ་ལེ། གནས་ཚུལ་འདི་ཅོག་འདྲ་བྱུང་གི་དུས་ནམ་ཟང་མཐོང་མྱོང་མེད་ཟིན་འོད་དིག 34ཡིན་ནའང་། ཕཱ་རུ་ཤི་པ་ཀྱ་ཀྱིས་བདུད་ཀྱི་རྒྱལ་པོ་ལེ་བརྟེན་ཏེ། ཁོས་གདོན་འདྲེ་འདོན་གྱོ་འོད་དིག་ཟིན་འོད་དིག
མི་གླ་ཉུང་བའི་སྐོར།
35དེ་ནས་ཡེ་ཤུས་རྒྱལ་ས་དིང་ཡུལ་ཡེ་རེ་བརྒྱུད་ནས་ཕེབས་ཏེ། ཚོགས་ཁང་ནང་དུ་མི་ཀྱ་ལེ་ཆོས་བསྟན་གནང་སྟེ། དཀོན་མཆོག་གི་རྒྱལ་ཁབ་ཀྱི་སྐོར་གྱི་གཏམ་བཟང་བཤད་དི་མ་ཟད། ནད་རིགས་ཡེ་རེ་ཟང་དྲག་ཏུ་བཅུག་གནང་པི་དིག 36ཡང་མི་ཚོགས་དེ་ཀྱ་ནི། རྫི་བོ་མེད་མེད་ལུག་ཅོག་འདྲ་འོད་དི་གཟིགས་ཕེན། མི་ཚོགས་དེ་ཀྱ་ལེ་འཇུ་གུ་སྙིང་རྗེས་པི་དིག 37དེ་ནས་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། ལོ་ཏོག་རྔ་རྒྱུ་མང་པོ་འོད་ནའང་། ལས་ཀ་བགྱིད་མཁན་མང་པོ་མེད་ཕེན། 38ལོ་ཏོག་གི་བདག་པོ་ལེ། མི་གླ་ཀྱ་རང་གི་ཞིང་ལེ་ལོ་ཏོག་རྔ་རུ་རྫོངས་རོགས་ཟིན་གསོལ་བ་སྨོན་ལམ་ཞུས་ཤིག་ཟིན་གསུངས་པི་དིག །

Iliyochaguliwa sasa

མད་ཐཱ། 9: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia