Chapa ya Youversion
Ikoni ya Utafutaji

མད་ཐཱ། 8

8
ལེའུ་བརྒྱད་པ།
མཛེ་ནད་དྲག་པའི་སྐོར།
1དེ་ནས་ཡེ་ཤུ་རི་ནས་མར་འབབ་འོང་རྒྱ། མི་ཚོགས་མང་པོ་ཁོང་གི་རྗེས་ལེ་འབྲངས་པི་དིག 2དེ་རྒྱ་མཛེ་ནད་ཕོག་འོད་ཡོད་མི་ཞིག་ཁོང་གི་དྲུང་དུ་པུས་མོ་ས་ལེ་བཙུགས་ཏེ། ཇོ་བོ། གལ་སྲིད་ཁྱེད་རང་ཐུགས་མཉེས་ནི། ཁྱེད་ཀྱིས་ང་དྲག་ཏུ་འཇུག་ཐུབ་ཀྱི་དིག་ཟིན་ཞུས་ཕེན། 3ཡེ་ཤུས་རང་གི་ཕྱག་མི་དེའི་ལྟག་ག་ལེ་བརྐྱངས་ཏེ། ང་དེ་གི་བགྱིད་རྒྱུ་ལེ་འདོད་པ་འོད། དྲག་པར་ཤོག་ཟིན་གསུངས་ལོང་མེད་དེ། མི་དེའི་མཛེ་ནད་དེ་གཙང་མ་དྲག་པི་དིག 4དེ་ནས་ཡེ་ཤུས་མི་ཁོ་ལེ་གནས་ཚུལ་འདི་མི་སུ་ལེ་ཟང་མ་ཟེར་ཅིག ད་ཁྱོད་རང་རྒྱུགས། རང་གི་​གཟུགས་པོ་​ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ལེ་​སྟོན་ལེད། མི་​ཀྱ་ལེ་བདེན་དཔང་བགྱིད་རྒྱུ་ཆེད་དུ། མོ་ཤེས་གནང་བའི་བཀའ་ཅོག་འདྲ། རང་གཙང་མ་དྲག་གི་རྟགས་ལེ་མཆོད་པ་​ཕུལ་​ལེད་ཅིག་​ཟིན་གསུངས་​པི་​དིག
བརྒྱ་དཔོན་གྱི་གཡོག་པོ་དྲག་ཏུ་བཅུགས་པ།
5དེའི་རྗེས་ལེ་ཡེ་ཤུ་ཀ་ཕར་ན་ཧུམ་ཟེར་རི་ལུང་པ་ལེ་ཕེབས་གནང་རྒྱ། དམག་མི་བརྒྱ་དཔོན་ཞིག་ཁོང་གི་དྲུང་དུ་འོངས་ཏེ། 6ཇོ་བོ། ངའི་གཡོག་པོ་ཞ་རིལ་བྱུང་སྟེ། དཀའ་སྡུག་ཆེན་པོའི་ངང་དུ་ཉལ་ས་ལེ་ལུས་བསྡད་འོད་ཟིན་ཞུས་ཕེན། 7ཡེ་ཤུས་བརྒྱ་དཔོན་ཁོ་ལེ། ང་འོང་སྟེ་ཁོའི་ན་ཚ་དེ་དྲག་ཏུ་འཇུག་གྱི་ཡིན་ཟིན་གསུངས་པི་དིག 8ཡིན་ནའང་། བརྒྱ་དཔོན་ཁོས། ཇོ་བོ། ཁྱེད་རང་ངའི་ཁྱིམ་ལེ་ཕེབས་བསུ་ཞུ་མི་འོས་པ་ཞིག་ཡིན་ཕེན། ཁྱེད་ཀྱིས་བཀའ་པ་རྐྱང་གསུང་རོགས། ངའི་གཡོག་པོ་དྲག་གྱི་དིག་ཟིན་ཞུས་པི་དིག 9ཅི་ལེ་ཟེར་ནི། ང་རང་ཟང་མི་གཞན་གྱི་དབང་འོག་ལེ་འོད་དི་མ་ཟད། ངའི་འོག་ལེ་ཟང་དམག་མི་འོད་དིག ངས་དམག་མི་ཞིག་ལེ་རྒྱུགས་སྨྲས་ནི་འགྲོ་འོད་དིག ཡང་གཞན་ཞིག་ལེ། ཚུར་ཤོག་སྨྲས་ནི་འོང་འོད་དིག ངའི་གཡོག་པོ་ལེ་ལས་ཀ་དེ་གྱིས་ཤིག་སྨྲས་ནི། ཁོས་ཟང་དེ་ཅོག་འདྲ་བགྱིད་འོད་དིག་ཟིན་ཞུས་པི་དིག 10དེ་ནས་ཡེ་ཤུས་ལབ་དེ་ཐོས་ཏེ་ཡ་མཚན་སྐྱེས་ཕེན། རང་གི་རྗེས་ལེ་འབྲང་མཁན་མི་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཡི་སི་ར་ཨེལ་པའི་མི་རིགས་ནང་ལེ་ཟང་། དད་སེམས་ཆེན་པོ་འོད་ཡོད་མི་འདི་ཅོག་འདྲ་ཞིག་ངས་མཐོང་མྱོང་མེད། 11ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མ་འོངས་པའི་དུས་ལེ། ཕྱོགས་བཞི་མཚམས་བརྒྱད་ནས་མི་མང་པོ་ཞིག་མེས་མེས་ཨབ་ར་ཧམ་དིང༌། ཨི་སཱག ཡ་ཀོབ་དིང་སྐྱེན་ལེ་དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་ཕོ་ལེ་འཛོམས་འོང་གྱི་དིག 12ཡིན་ནའང་། རྒྱལ་ཁབ་ཀྱི་མི་སེར་ཀྱ་ནི། ཕྱིའི་མུན་ནག་གི་ནང་ལེ་གཡུག་གྱི་དིག ཡང་ས་ཆ་འདེ་རུ་ངུ་སྐད་དིང་། སོ་ཁྲིག་ཁྲིག་བགྱིད་ཀྱི་དིག་ཟིན་གསུངས་པི་དིག 13ཡང་ཡེ་ཤུས་བརྒྱ་དཔོན་ཁོ་ལེ། ད་ཁྱོད་རང་རྒྱུག ཁྱོད་ཀྱིས་དད་པ་བྱས་པི་དིང་ཅོག་འདྲ་སྒྲུབ་པར་ཤོག་ཟིན་གསུངས་ཕེན། དུས་དེ་རང་ལེ་གཡོག་པོ་དེ་ནད་ནས་དྲག་པི་དིག
ན་ཚ་འདྲ་མི་འདྲ་དྲག་ཏུ་བཅུག་པ།
14དེ་ནས་ཡེ་ཤུ་ཁོང་རང་སློབ་མ་པེ་ཏྲོའི་ཁྱིམ་ལེ་ཕེབས་གནང་རྒྱ། པེ་ཏྲོའི་བུད་མེད་ཀྱི་ཨ་མ་ལེ་ཚ་བ་འབར་ཏེ། ཉལ་ས་རུ་ཉལ་བསྡད་འོད་དི་ཁོང་གིས་གཟིགས་ཕེན། 15ཁོང་གིས་མོའི་ལག་ག་ལེ་འཇུས་ལོང་མེད་ཚ་བ་དྲག་སྟེ། མོ་རང་ཡར་ལངས་ཏེ་ཁོང་ལེ་མགྲོན་པོ་བཤམས་པི་དིག 16ཡང་ཉིན་མ་དེའི་དགོང་མོའི་དུས་ལེ། མི་ཀྱ་ཀྱིས་གདོན་འདྲེ་ཞུགས་འོད་ཡོད་མི་མང་པོ་ཞིག་ཁོང་གི་དྲུང་དུ་ཁྲིད་འོངས་ཕེན། ཁོང་གིས་གདོན་འདྲེ་དེ་ཀྱ་ལེ་བཀའ་གནང་སྟེ་བཏུལ་གནང་བའི་མ་ཟད། ནད་པ་ཀྱ་ཟང་ཡེ་རེ་དྲག་ཏུ་བཅུག་གནང་པི་དིག 17འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག ཅི་ལེ་ཟེར་ནི། ཡེ་ཤ་ཡཱས།
ཁོང་གིས་འུའི་ནད་རིགས་ཡེ་རེ་དིང༌། །
དཀའ་སྡུག་ཡེ་རེ་སེལ་གནང་གྱི་དིག །
ཟིན་གསུངས་འོད་དིག#8.17 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 53 ཨང་ 4 ནང་ལེ་གཟིགས་རོགས།
ཡེ་ཤུའི་རྗེས་ལེ་འབྲང་བའི་སྐོར།
18དེ་ནས་ཡང་ཡེ་ཤུས་རང་གི་མཐའ་བསྐོར་ལེ་མི་ཚོགས་མང་པོ་འོད་དི་གཟིགས་ཕེན། ཁོང་གིས་ད་འོ་རང་ཀྱ་མཚོའི་ཕར་ཀན་ལེ་འགྲོ་གསུངས་པི་དིག 19དེ་རྒྱ་ཡ་ཧུ་དཱ་པའི་ཆོས་ཁྲིམས་མཁས་པའི་མི་ཞིག་ཁོང་གི་དྲུང་དུ་འོངས་ཏེ། ཁོང་ལེ། སློབ་དཔོན། ཁྱེད་རང་ག་ན་ལེ་ཕེབས་ནའང་། ང་ཟང་ཁྱེད་ཀྱི་རྗེས་ལེ་འབྲང་གྱི་ཡིན་ཟིན་ཞུས་ཕེན། 20ཡེ་ཤུས་ཁོ་ལེ། ཝ་སེ་ལེ་ཝ་ཚང་དིང་། བྱ་ལེ་བྱ་ཚང་འོད་དིག ཡིན་ནའང་། མིའི་བི་ས་ཟེར་མཁན་ཁོ་ལེ་མགོ་འབོར་ས་ཞིག་ཟང་མེད་ཟིན་གསུངས་པི་དིག 21ཡང་སློབ་མ་ཀྱ་ནང་ནས་གཅིག་གིས་ཁོང་ལེ། ཇོ་བོ། སྔོན་​ལེ་​ང་​ཨ་ཀྱི་​ཤི་​སྐྱོང་​དུ་​འགྲོ་​ཆོག་གི་​དགོངས་པ་​གནང་རོགས་ཟིན་​ཞུས་​པི་​དིག 22ཡིན་ནའང་། ཡེ་ཤུས་ཁོ་ལེ། ངའི་རྗེས་ལེ་ཤོག གཤིན་པོ་ཅོག་འདྲ་ཀྱ་ཀྱིས་རང་གི་གཤིན་པོ་ཀྱ་དུར་ཁྲོད་ལེ་འཇུག་ཏུ་ཆུག་ཟིན་གསུངས་པི་དིག
རླུང་འཚུབ་​དིང་​རྦ་རླབས་​ཞི་​འཇམ་​པ།
23ཡང་ཡེ་ཤུ་གྲུ་ཞིག་ལེ་ཞོན་ཏེ་ཕེབས་རྒྱ། སློབ་མ་ཀྱ་ཟང་ཁོང་གི་རྗེས་ལེ་འབྲངས་པི་དིག 24ཡང་དེ་ལོང་མེད་རླུང་འཚུབ་ཆེན་པོ་ཞིག་ལངས་ཕེན། རྦ་རླབས་གྲུའི་ནང་ལེ་འོངས་ཏེ་གྲུའི་ནང་ལེ་ཆུས་ཁེངས་ལྷག་བགྱིད་འོད་དིག ཡིན་ནའང་། ཡེ་ཤུ་ནི་དེ་རྒྱ་གྲུའི་ནང་ལེ་གཟིམས་བཞུགས་འོད་དིག 25དེ་ནས་སློབ་མ་​ཀྱ་​ཀྱིས་ཁོང་​ཡར་​གཉིད་དཀྲོགས་​ཏེ། ཇོ་བོ། ཉེད་​ཀྱ་ཤི་རྒྱུ་ཉེན་ཁ་འདུག སྐྱོབ་རོགས་གནང་ཟིན་ཞུས་ཕེན། 26ཁོང་གིས་སློབ་མ་ཀྱ་ལེ། ཁྱེད་དད་པ་ཆུང་མ་ཀྱ། ཅི་ལེ་འཁྱར་སྣང་བགྱིད་དི་ཡིན་དོ་ཟིན་ཡར་བཞེངས་ཏེ། རླུང་དིང་མཚོ་ལེ་བཀའ་བཀྱོན་གནང་ལོང་མེད། མཚོ་རླུང་ཡེ་རེ་ཞི་འཇམ་པི་དིག 27ཡང་སློབ་མ་ཀྱ་ཀྱིས་དེ་མཐོང་སྟེ་ཡ་མཚན་ཆེན་པོ་སྐྱེས་ཏེ། གཅིག་གིས་གཅིག་ལེ། མི་འདི་ཅི་གི་ཞིག་ཡིན་ནེ། རླུང་​དིང་​མཚོ་ཟང་​ཁོང་​གི་​བཀའ་​ལེ་​ཉན་​གྱི་འདུག་​ཟིན་​འོད་དིག
གདོན་འདྲེ་བཏུལ་པ།
28དེ་ནས་​ཁོང་​དིང་​སློབ་མ་​ཀྱ་​མཚོའི་ཕར་ཀན་གྱི་གེ་ར་སཱ་ཟེར་རི་ལུང་པ་ལེ་ཕེབས་​པི་​དིག ཡང་འདི་རུ་གདོན་འདྲེ་ཞུགས་པའི་མི་གཉིས་དུར་ཁྲོད་ནས་འོང་རྒྱ། ཁོང་དིང་མཇལ་ལི་དིག གདོན་འདྲེ་དེ་ཀྱ་ནི་དྲག་པོ་ཞིག་ཡིན་ཕེན། མི་སུ་ཞིག་གིས་ཟང་ལམ་དེའི་བརྒྱུད་ནས་འགྲོ་མི་ཕོད་འོད་དིག 29དེ་ལོང་མེད་གདོན་འདྲེ་དེས་སྐད་ཆེན་པོས་ངང་ནས་དཀོན་མཆོག་གི་སྲས། ཁྱེད་དིང་ཉེད་བར་ལེ་འབྲེལ་བ་ཅི་འོད་དོ། དུས་མ་སླེབ་སྔོན་ལེ། ཉེད་ཀྱ་ལེ་མནར་གཅོད་གཏོང་རྒྱུ་ཆེད་དུ་ཕེབས་འོངས་པི་ཡིན་དས་ཟིན་ཞུས་པི་དིག 30དེ་རྒྱ་ཁོང་དིང་རྒྱང་ཐག་རིང་པོའི་ས་ལེ། ཕག་རྫི་ཀྱ་ཀྱིས་ཕག་ཁྱུ་ཆེན་པོ་ཞིག་འཚོ་འོད་དིག 31གདོན་འདྲེ་དེ་ཀྱ་ཀྱིས་ཁོང་ལེ། ཁྱེད་ཀྱིས་ཉེད་ཀྱ་འདོན་དི་ཡིན་ནི། ཉེད་ཀྱ་ཕག་ཁྱུའི་ཁོག་ལེ་འཛུལ་རྒྱུ་ལེ་ཁྱེད་ཀྱིས་ཆོག་མཆན་གནང་རོགས་ཟིན་ཞུ་བ་ཕུལ་ཕེན། 32ཁོང་གིས་གདོན་འདྲེ་དེ་ཀྱ་ལེ་རྒྱུགས་ཤིག་ཟིན་གསུངས་པི་དིག དེ་ནས་གདོན་འདྲེ་དེ་ཀྱ་མིའི་ཁོག་ནས་ཐོན་ཏེ་ཕག་པའི་ཁོག་ལེ་འཛུལ་ཕེན། ཕག་ཁྱུ་ཡེ་རེ་གཡང་ནས་མར་མཆོངས་ཏེ་མཚོའི་ནང་དུ་ཐིམ་སྟེ་ཤི་པི་དིག 33དེ་ནས་​ཕག་རྫི་​ཀྱ་རྒྱལ་​ལེ་​བྲོས་​ཏེ། ཡུལ་མི་​ཀྱ་​ལེ་​གདོན་འདྲེ་ཞུགས་པའི་མི་གཉིས་པོ་དེ་ལེ་ཅི་བྱུང་པའི་གནས་ཚུལ་ཡེ་རེ་​བཤད་​ཕེན། 34རྒྱལ་སའི་མི་ཀྱ་ཡེ་རེ་ཡེ་ཤུ་མཇལ་དུ་འོངས་ཏེ། ཁྱེད་རང་འདི་རུ་མ་བཞུགས། ས་ཆ་གཞན་མ་ཞིག་ལེ་ཕེབས་རོགས་ཟིན་ཞུ་བ་ཕུལ་ལི་དིག །

Iliyochaguliwa sasa

མད་ཐཱ། 8: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia