མད་ཐཱ། 12
12
ལེའུ་བཅུ་གཉིས།
ངལ་གསོ་བའི་ཉིན་མོའི་སྐོར།
1ཡང་དུས་དེ་རྒྱ་ངལ་གསོ་བའི་ཉིན་མོ་ཞིག་ཡིན་ཕེན། ཡེ་ཤུ་དིང་སློབ་མ་ཀྱ་ཞིང་ཁ་ཞིག་གི་བརྒྱུད་ནས་ཕེབས་གནང་རྒྱ། ཁོང་གི་སློབ་མ་ཀྱ་ལྟོགས་ཕེན། སྙེ་མ་བཏོགས་ཏེ་བཟས་པི་དིག 2དེ་ནས་ཕཱ་རུ་ཤི་པ་ཀྱ་ཀྱིས་དེ་མཐོང་ཕེན། ཡེ་ཤུ་ལེ། ལྟོས་དང་། ཁྱེད་ཀྱི་སློབ་མ་ཀྱ་ཀྱིས་ངལ་གསོ་བའི་ཉིན་མོ་དེ་ལེ་བགྱིད་མི་ཆོག་པའི་ལས་བགྱིད་འདུག་སྨྲས་པི་དིག 3དེ་ནས་ཁོང་གིས་མི་དེ་ཀྱ་ལེ། རྒྱལ་པོ་དཱ་བིད་དིང་ཁོང་གི་འཁོར་གཡོག་ཀྱ་འཇུ་གུ་ལྟོགས་ཏེ་ཁོང་ཀྱ་ཀྱིས་ཅི་བྱས་པི་དེའི་སྐོར་ཁྱེད་ཀྱ་ཀྱིས་བསྒྲོགས་མྱོང་མེད་དས། 4ཁོང་ཀྱ་དཀོན་མཆོག་གི་མཆོད་ཁང་ནང་ལེ་འཛུལ་ཏེ། དཀོན་མཆོག་ལེ་མཆོད་པ་ཕུལ་ལི་སྒོར་ཕྱེ་དེ་བཟས་པི་དིག ཆོས་ཁྲིམས་ཅོག་འདྲ་བྱས་ནི། སྒོར་ཕྱེ་དེ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ཀྱིས་མ་གཏོགས་མི་གཞན་སུ་ཞིག་གིས་ཟ་མི་ཆོག་འོད་དིག 5ཡང་ནི། ཁྱེད་ཀྱ་ཀྱིས་ངལ་གསོ་བའི་ཉིན་མོ་ལེ། མཆོད་ཁང་ནང་ལེ་མཆོད་པ་འབུལ་མཁན་ཀྱ་ཀྱིས་ངལ་གསོ་བའི་ཁྲིམས་དིང་འགལ་ནའང་སྐྱོན་མེད་ཟིན་ཆོས་ཁྲིམས་ནང་ལེ་འོད་དི་ཁྱེད་ཀྱ་ཀྱིས་བསྒྲོགས་མྱོང་མེད་དས། 6ང་ཁྱེད་ཀྱ་ལེ་ཟེར་རོ། མཆོད་ཁང་ལས་ཟང་ལྷག་ཚོད་ཆེ་བ་ཞིག་འདི་རུ་འོད་དིག 7ང་ནི་མཆོད་པ་ལེ་མི་དགའ་མཁན་སྙིང་རྗེའི་སེམས་ལེ་དགའ་མཁན་ཞིག་ཡིན་གསུངས་པའི་དོན་དེ་ཧ་གོ་པི་ཡིན་ནི། ཁྱེད་ཀྱ་ཀྱིས་སྐྱོན་མེད་མེད་ཀྱ་ལེ་སྐྱོན་འཛུགས་བགྱིད་ཀྱི་མ་དིག#12.7 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨས་བྲིས་པའི་མདོ་ལེའུ་ 6 ཨང་ 6 ནང་ལེ་གཟིགས་རོགས། 8ཅི་ལེ་ཟེར་ནི། མིའི་བི་ས་ནི་ངལ་གསོ་བའི་ཉིན་གྱི་བདག་པོ་ཡིན་ཟིན་གསུངས་པི་དིག
ངལ་གསོ་བའི་ཉིན་མ་ལེ་ལག་ག་ཞ་རིལ་ཞིག་དྲག་ཏུ་བཅུག་པ།
9དེ་ནས་ཡེ་ཤུ་ས་ཆ་དེ་ནས་ཐོན་ཏེ་ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་ཕེབས་པི་དིག 10དེ་རུ་ལག་ག་ཞ་རིལ་བྱུང་བའི་མི་ཞིག་འོད་དིག ཕཱ་རུ་ཤི་པ་ཀྱ་ཀྱིས་ཡེ་ཤུ་ལེ་སྐྱོན་འཛུགས་རྒྱུ་ཆེད་དུ། ཁོང་ཀྱ་ནང་ནས་མི་ཞིག་གིས་ཡེ་ཤུ་ལེ། ངལ་གསོ་བའི་ཉིན་མོ་ལེ་ནད་བཅོས་ཆོག་གྱོ་འོད་དི་གས་ཟིན་དྲིས་ཕེན། 11ཁོང་གིས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱི་ནང་ནས་སུ་ལེ་ལུག་གཅིག་འོད་ནི། ལུག་དེ་ངལ་གསོ་བའི་ཉིན་མོ་ལེ་ས་དོང་ཞིག་གི་ནང་ལེ་ཤོར་ནི། ལུག་དེ་ཡར་མི་འདོན་འོད་དས། 12མི་ནི་ལུག་ལས་ལྷག་ཚོད་མཐོང་ཆེ་བ་ཡིན་ཕེན། ངལ་གསོ་བའི་ཉིན་མོ་ལེ་ལས་བཟང་པོ་བགྱིད་ཆོག་འོས་པ་ཞིག་ཡིན་ཟིན་གསུངས་གནང་བའི་རྗེས་ལེ། 13ཁོང་གིས་ལག་ག་ཞ་རིལ་ཁོ་ལེ། ཁྱོད་ཀྱིས་ལག་ག་རྐྱོངས་དང་ཟིན་གསུངས་ཏེ། ཁོས་ཟང་ལག་ག་བརྐྱངས་ཏེ་དྲག་ཕེན། ལག་ག་དེ་ལག་ཡ་གཞན་མ་དིང་ཅོག་འདྲ་བྱུང་པི་དིག 14དེ་ནས་ཕཱ་རུ་ཤི་པ་ཀྱ་ཕྱི་ལེ་ཐོན་འོངས་ཏེ། ཡེ་ཤུ་དགྲོང་རྒྱུ་སྐོར་ལེ་ངན་ཇུས་བྱས་ནའང་། 15ཁོང་གིས་ངན་ཇུས་དེ་མཁྱེན་ཕེན། ས་ཆ་དེ་རིང་ཁ་བྲལ་ཏེ་ཕེབས་པི་དིག ཡང་མི་མང་པོ་ཞིག་ཁོང་གི་རྗེས་ལེ་འབྲངས་ཕེན། ཁོང་གིས་མི་དེའི་ནང་ལེ་འོད་ཡོད་ནད་པ་ཡེ་རེ་དྲག་ཏུ་བཅུག་གནང་སྟེ། 16མི་དེ་ཀྱ་ལེ་ཁོང་རང་སུ་ཡིན་དི་སྐོར་དེ། མི་གཞན་ལེ་ཧ་གོ་རུ་མ་འཇུག་ཟིན་ནན་ཏན་ངང་ནས་བཀའ་གནང་པི་དིག 17འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག ཁོང་གིས།
18ལྟོས་དང་། ངས་བདམས་པའི་ཞབས་ཕྱི་ནི། །
ངའི་གཅེས་པོ་བགྱིད་ས་དེ་ལེ་ང་རང་དགའ། །
ངས་རང་གི་ཐུགས་ཉིད་ཁོང་ལེ་སྟེར་གྱི་ཡིན། །
ཁོང་གིས་ཕྱི་མི་ལེ་དྲང་བདེན་གྱི་ཁྲིམས་ཤོད། །
19རྩོད་གླེང་མི་བགྱིད་ཡང་ཟིང་སྒྲ་ཟང་མེད། །
སྲང་ལམ་ནང་ནས་ཁོང་གི་གསུང་མི་ཐོས། །
20ཆག་ལྷག་འོད་ཡོད་འདམ་རྩྭ་མི་གཅོག །
ནུབ་ལྷག་འོད་ཡོད་སྒྲོན་མེ་དེ་མི་གསོད། །
དྲང་བདེན་ཁྲིམས་དེ་མཐའ་མཇུག་མ་རྒྱལ་བར་དུ། །
21མི་རིགས་ཀུན་གྱིས་ཁོང་གི་མཚན་ལེ་རེ་བ་བགྱིད། །
ཟིན་གསུངས་འོད་དིག#12.21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 42 ཨང་ 1-4 ནང་ལེ་གཟིགས་རོགས།
ཡེ་ཤུ་དིང་བདུད་པེ་ཨིལ་བཟི་པད་ཀྱི་སྐོར།
22དེ་རྒྱ་གདོན་འདྲེ་ཞུགས་ཏེ་ལབ་ཟེར་མི་ཐུབ་འོད་དི་མ་ཟད། མིག་ཟང་ཞ་ར་བྱུང་བའི་མི་ཞིག་ཡེ་ཤུའི་མདུན་དུ་ཁྲིད་འོངས་ཕེན། ཁོང་གིས་མི་དེའི་མིག་མཐོང་རྒྱུ་འོད་ཡོད་དིང་། ལབ་ཟང་ཟེར་རྒྱུ་འོད་ཡོད་བཟོས་གནང་པི་དིག 23དེ་ནས་མི་ཚོགས་ཀྱ་ཀྱིས་ཟང་ཡ་མཚན་ཆེན་པོ་སྐྱེས་ཏེ། མི་འདི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་སྲིད་གྱོ་འོད་དི་གས་ཟིན་འོད་དིག 24ཡིན་ནའང་། ཕཱ་རུ་ཤི་པ་ཀྱ་ཀྱིས་ལབ་དེ་ཐོས་ཏེ། བདུད་ཀྱི་རྒྱལ་པོ་པེ་ཨིལ་བཟི་པད་ལེ་བརྟེན་ཏེ། ཁོས་གདོན་འདྲེ་འདོན་གྱོ་འོད་དིག་ཟིན་འོད་ཕེན། 25ཡེ་ཤུས་མི་དེ་ཀྱ་ཀྱིས་བསམ་ཚུལ་དེ་མཁྱེན་ཏེ། ཁོང་གིས་མི་དེ་ཀྱ་ལེ། རྒྱལ་ཁབ་ཞིག་གི་ནང་ལེ་ནང་འཁྲུག་ཤོར་རི་ཡིན་ནི། རྒྱལ་ཁབ་དེ་རྩ་མེད་འགྲོ་གྱི་དིག འོ་དེ་ཅོག་འདྲ། རྒྱལ་ས་ཡེ་རེ་དིང་། ཡང་ནི། ཁྱིམ་ཚང་ཞིག་གི་ནང་ལེ་ནང་འཁྲུག་ཤོར་རི་ཡིན་ནི། ཁྱིམ་ཚང་དེ་ཟང་བརྟན་པོ་གནས་ཐུབ་ཀྱི་མ་དིག 26གལ་སྲིད་བདུད་པོ་སཱ་ཏན་གྱིས་སཱ་ཏན་ལེ་བརྟེན་ཏེ་འདོན་གྱོ་འོད་ནི། རང་གིས་རང་ལེ་ནང་འཁྲུག་བྱས་ཕེན། ཁོའི་རྒྱལ་ཁམས་དེ་ཅི་གི་བྱས་ཏེ་བརྟན་པོ་གནས་ཐུབ་རྒྱུ། 27གལ་སྲིད་ངས་བདུད་པོ་པེ་ཨིལ་བཟི་པད་ལེ་བརྟེན་ཏེ་བདུད་པོ་འདོན་གྱོ་འོད་ནི། ཁྱེད་ཀྱ་ཀྱི་བི་ས་ཀྱ་ཀྱིས་སུ་ལེ་བརྟེན་ཏེ་བདུད་པོ་འདོན་གྱོ་འོད་དི་གོ། འོ་དེ་གི་ཡིན་ནི། ཁོས་ཁྱེད་ཀྱ་ལེ་ནག་ཉེས་འཛུགས་ཀྱི་དིག 28ཡིན་ནའང་། ངས་དཀོན་མཆོག་གི་ཐུགས་ཉིད་ལེ་བརྟེན་ཏེ་བདུད་པོ་འདོན་གྱོ་འོད་ནི། དཀོན་མཆོག་གི་རྒྱལ་ཁབ་ཁྱེད་ཀྱ་ཀྱི་རྩ་ལེ་སླེབས་འོད་དིག 29ཡང་ནི། མི་སྟོབས་ཤུགས་ཆེན་པོ་ཞིག་འོད་ནི། དང་པོ་མི་དེ་མ་བསྡམས་ཏེ། ཁོའི་ཁྱིམ་ནང་ལེ་འཛུལ་འོང་སྟེ་རྒྱུ་ནོར་ཅི་གི་བྱས་ཏེ་འཕྲོག་ཐུབ་རྒྱུ། སྔོན་དང་པོ་མི་སྟོབས་ཤུགས་ཅན་དེ་བསྡམ་དགོས་འོད་དིག དེ་ནས་ཁོའི་ཁང་པའི་ནང་ལེ་འཛུལ་འོང་སྟེ་རྒྱུ་ནོར་དེ་འཕྲོག་ཐུབ་ཀྱི་དིག 30མི་སུ་ཞིག་གིས་ངའི་ཕྱོགས་མི་བགྱིད་མཁན་དེ་ང་ལེ་འགེག་རྒོལ་བགྱིད་དི་དིང་། མི་སུ་ཞིག་གིས་ངའི་སྐྱེན་ལེ་མི་འོང་མཁན་དེ་ཁ་གཏོར་མཁན་ཡིན་དིག 31འོ་དེ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ལེ་ཟེར་རོ། སྡིག་པ་དིང་དཀོན་མཆོག་ལེ་སྐུར་བ་འདེབས་མཁན་ཡེ་རེའི་སྡིག་ཉེས་དེ་སེལ་ཐུབ་ནའང་། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལེ་སྐུར་བ་འདེབས་མཁན་གྱི་སྡིག་ཉེས་དེ་སེལ་ཐུབ་ཀྱི་མ་དིག 32མིའི་བི་ས་ལེ་ཚིག་ངན་ཟེར་མཁན་གྱི་སྡིག་ཉེས་དེ་སེལ་ཐུབ་ནའང་། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལེ་ཚིག་ངན་ཟེར་མཁན་གྱི་སྡིག་ཉེས་དེ་ནི། ད་ལྟ་དིང་མ་འོངས་པའི་དུས་ལེ་ཟང་སེལ་ཐུབ་ཀྱི་མ་དིག 33འབྲས་བུ་བརྒྱུད་ནས་སྡོང་པོ་དེ་ཅི་གི་ཞིག་ཡིན་དི་ཧ་གོ་ཐུབ་གྱོ་འོད་ཕེན། སྡོང་པོ་དིང་འབྲས་བུ་གཉིས་ཀ་བཟང་པོ་ཡིན་དི་རྩིས་ཀྱི་དིག ཡང་ནི། སྡོང་པོ་དིང་འབྲས་བུ་གཉིས་ཀ་ངན་པ་ཡིན་དི་རྩིས་ཀྱི་དིག 34དུག་སྦྲུལ་གྱི་རིགས་རྒྱུད་ཁྱེད་ཀྱ། ཁྱེད་ཀྱ་ཀྱི་སེམས་ནང་ལེ་ཅི་ཁེངས་འོད་ཡོད་དེ་ཁ་ནས་སྨྲས་ཕེན། ཁྱེད་ཀྱ་ངན་པ་ཡིན་མཁན་གྱིས་བཟང་པོ་ཅི་གི་བྱས་ཏེ་ཟེར་རྒྱུ། 35མི་བཟང་པོ་ཞིག་གིས་རང་གི་སེམས་ཀྱི་མཛོད་ཁང་ནས་བཟང་པོ་འདོན་གྱི་དིག ཡང་མི་ངན་པ་ཞིག་གིས་རང་གི་སེམས་ཀྱི་མཛོད་ཁང་ནས་ངན་པ་འདོན་གྱི་དིག 36ང་ཁྱེད་ཀྱ་ལེ་ཟེར་རོ། ཁྲིམས་གཅོད་བགྱིད་དི་ཉིན་མོ་དེ་ལེ། མི་སུ་ཞིག་གིས་སྨྲས་པའི་ཚིག་ངན་རེ་རེའི་དོན་དེ་དཀོན་ཆོག་ལེ་རྩིས་འབུལ་དགོས་འོད་དིག 37ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ཁ་ནས་བཏོན་པའི་བཟང་ངན་གྱི་ཚིག་དེ་གཉིས་ཀྱིས་ཁྱེད་ཀྱ་ལེ་ནག་ཉེས་འཛུགས་ཀྱི་དིག་ཟིན་གསུངས་པི་དིག
ངོ་མཚར་གྱི་རྟགས་ཤིག་མཐོང་འདོད་བྱས་པ།
38དེ་ནས་ཆོས་ཁྲིམས་མཁས་པའི་མི་དིང་ཕཱ་རུ་ཤི་པའི་མི་ཁ་ཤས་ཀྱིས་ཡེ་ཤུ་ལེ། སློབ་དཔོན། ཉེད་ཀྱ་ཀྱིས་ངོ་མཚར་གྱི་རྟགས་ཤིག་མཐོང་འདོད་འོད་ཟིན་ཞུས་ཕེན། 39ཁོང་གིས་མི་དེ་ཀྱ་ལེ། ད་ལྟའི་མི་རབས་འདི་ནི་ངན་པ་དིང་བྱི་བོ་བྱི་མོ་པ་རྐྱང་ཡིན་ཕེན། ངོ་མཚར་གྱི་རྟགས་ཤིག་མཐོང་འདོད་འོད་ནའང་། ལུང་སྟོན་པ་ཡོ་ནཱ་ལེ་བྱུང་བའི་རྟགས་དེ་མ་གཏོགས་ཁྱེད་ཀྱ་ཀྱིས་གཞན་རྟགས་ཅི་གང་མཐོང་གྱི་མ་དིག 40ལུང་སྟོན་པ་ཡོ་ནཱ་ནི་ཉིན་མཚན་གསུམ་ཉ་ཆེན་པོ་ཞིག་གི་གྲོད་ཁོག་ནང་ལེ་བསྡད་དི་ཅོག་འདྲ། མིའི་བི་ས་ཟང་ཉིན་མཚན་གསུམ་སའི་ཁོག་ནང་ལེ་སྡོད་ཀྱི་དིག 41ཁྲིམས་གཅོད་པའི་ཉིན་མ་དེ་ལེ། རྒྱལ་ས་ནུ་ནེ་ཝཱའི་མི་ཡེ་རེ་ལངས་ཏེ། མི་རབས་འདིའི་མི་ཀྱ་ལེ་ཉེས་སྐྱོན་འཛུགས་ཀྱི་དིག ཅི་ལེ་ཟེར་ནི། ལུང་སྟོན་པ་ཡོ་ནཱའི་གསུང་ཐོས་ཏེ་མི་དེ་ཀྱ་ཀྱིས་རང་གི་སྤྱོད་ངན་དེ་ཀྱ་སྤངས་ཏེ་འགྱོད་བཤགས་བྱས་པི་དིག ལྟོས་དང་། ད་ལྟ་ཡོ་ནཱ་ལས་ལྷག་ཚོད་ཆེ་བ་ཞིག་འདི་རུ་འོད་དིག 42ཁྲིམས་གཅོད་བགྱིད་དི་ཉིན་མ་དེ་ལེ། ལྷོ་ཕྱོགས་ཀྱི་རྒྱལ་མོ་ཟང་ལངས་ཏེ་མི་རབས་འདིའི་མི་ཀྱ་ལེ་ཉེས་སྐྱོན་འཛུགས་ཀྱི་དིག ཅི་ལེ་ཟེར་ནི། མོས་རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ཀྱི་སྐོར་ལེ་ཐོས་འོད་ཕེན། མོ་རང་ཡུལ་ཕྱོགས་འགྲིམ་སྟེ་འོངས་པི་དིག ལྟོས་དང་། ད་ལྟ་རྒྱལ་པོ་སོ་ལོ་མོན་ལས་ལྷག་ཚོད་ཆེ་བ་ཞིག་འདི་རུ་འོད་དིག 43མི་ཞིག་གི་ལུས་ནས་གདོན་འདྲ་ཐོན་བུད་དི་རྗེ་ལེ། ཆུ་མེད་སའི་ས་ཆ་ཞིག་ལེ་ཕར་རྒྱུགས་ཚུར་རྒྱུགས་བགྱིད་དི་མ་ཟད། ངལ་གསོ་ས་ཞིག་བཙལ་ནའང་མ་རྙེད་དི་དིག 44དེ་ནས་གདོན་འདྲེ་དེ་རང་གིས་རང་ལེ། ང་རང་ཐོན་སའི་ཁང་པ་དེ་ལེ་རང་འཇགས་ལོག་འགྲོ་གྱི་ཡིན་སྨྲས་ཏེ། ཁང་པ་དེ་རུ་ལོག་པི་དིག དེ་ནས་ཁང་པ་དེ་རུ་སླེབས་ཕེན། ཁང་པ་དེ་སྟོང་པ་ཡིན་དི་མ་ཟད། གད་བརྒྱབ་ཏེ་གཙང་མ་བཟོས་ཏེ་དགའ་མོ་བསྒྲིགས་བོར་འོད་དི་མཐོང་པི་དིག 45དེ་ནས་ཕ་ལེ་ཕྱིན་ཏེ་རང་ལས་ཟང་ལྷག་ཚོད་གདོན་འདྲེ་ངན་པ་བདུན་ཁྲིད་འོངས་ཕེན། ཁང་པ་དེའི་ནང་ལེ་འཛུལ་ཏེ་འཛོམས་བསྡད་དི་དིག དེ་ནས་མི་དེའི་གནས་ཚུལ་དེ་སྔོན་མ་ལས་ཟང་ལྷག་ཚོད། རྗེས་མ་དེ་སྡུག་ཏུ་འགྲོ་བ་ཅོག་འདྲ། མི་རིབས་ངན་པ་འདི་ལེ་ཟང་འོང་གྱི་དིག་ཟིན་གསུངས་པི་དིག
ཡེ་ཤུའི་ཡུམ་དིང་སྐུ་མཆེད་ཀྱི་སྐོར།
46ཡེ་ཤུས་མི་ཚོགས་ཀྱ་ལེ་འོ་དེ་གི་གསུང་གནང་རྒྱ། ཁོང་གི་ཡུམ་དིང་ནུ་བོ་ཀྱ་ཁོང་ལེ་བཀའ་མོལ་གནང་འདོད་བྱུང་ཕེན། ཕྱི་ལེ་ལངས་བསྡད་དི་དིག 47དེ་ནས་མི་ཞིག་གིས་ཡེ་ཤུ་ལེ། གཟིགས་དང༌། ཁྱེད་ཀྱི་ཡུམ་དིང་སྐུ་མཆེད་ཀྱ་ཁྱེད་རང་ལེ་བཀའ་མོལ་གནང་རྒྱུ་ཆེད་དུ་ཕྱི་ལེ་ལངས་བཞུགས་འདུག་ཞུས་ཕེན། 48ཁོང་གིས་མི་དེ་ལེ། ངའི་ཨ་མ་དིང་ངའི་སྤུན་སུ་ཡིན་གོ་ཟིན་གསུངས་ཏེ། 49རང་གི་སློབ་མ་ཀྱ་ཀྱི་ཕྱོགས་ལེ་ཕྱག་བརྐྱངས་ཏེ། ལྟོས་དང༌། ངའི་ཨ་མ་དིང་ངའི་སྤུན་ནི་མི་འདི་ཀྱ་ཡིན། 50ཅི་ལེ་ཟེར་ནི། ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱི་དགོངས་པ་ཅོག་འདྲ་བགྱིད་མཁན་དེ་ནི། ངའི་ནུ་བོ་དིང་ནུ་མོ། ཨ་མ་ཡིན་ཟིན་གསུངས་པི་དིག །
Nu markerat:
མད་ཐཱ། 12: DLPO
Märk
Dela
Kopiera
Vill du ha dina höjdpunkter sparade på alla dina enheter? Registrera dig eller logga in
© 2023 Wycliffe Bible Translators, Inc. All rights reserved.