མད་ཐཱ། 11
11
ལེའུ་བཅུ་གཅིག
1དེ་ནས་ཡེ་ཤུས་རང་གི་སློབ་མ་བཅུ་གཉིས་ཀྱ་ལེ། སློབ་སྟོན་གནང་ཚར་རི་རྗེས་ལེ། ཁོང་ཀྱ་ཀྱི་རྒྱལ་ས་ཡེ་རེ་ལེ་ཆོས་སྟོན་རྒྱུ་དིང་གཏམ་བཟང་ཁྱབ་སྒྲག་བགྱིད་རྒྱུ་ཆེད་དུ། ས་ཆ་དེ་ནས་ཕ་ལེ་ཕེབས་གནང་པི་དིག
ཡེ་ཤུ་དིང་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་སྐོར།
2དུས་དེ་རྒྱ་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་ཁོ་རང་ནི་བཙོན་ཁང་ལེ་འོད་དིག ཁོས་སྐྱབས་མགོན་ཡེ་ཤུས་ཕྱག་ལས་ཅི་གནང་བའི་སྐོར་དེ་ཀྱ་ཐོས་ཕེན། ཁོས་རང་གི་སློབ་མ་ཀྱ་ལེ། 3རྗེས་ལེ་ཕེབས་འོང་མཁན་སྐྱབས་མགོན་དེ་ཁྱེད་རང་ཡིན་དས། ཡང་ནི་ཉེད་ཀྱ་ཀྱིས་གཞན་ཞིག་ལེ་སྒུག་སྡོད་དགོས་འོད་དི་གོ་ཟིན་དྲིས་ལེད་སྨྲས་ཏེ་བརྫངས་པི་དིག 4དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། རྒྱུགས། ད་ཁྱེད་ཀྱ་ཀྱིས་ཅི་ཐོས་པི་དིང་། ཅི་མཐོང་པི་དེ་ཀྱ་ནི་ཡོ་ཧ་ནན་ལེ་ཤོད་ཅིག 5ལོང་བ་ཀྱ་མཐོང་། ཞ་རིལ་ཀྱ་འགྲོ་ཐུབ། མཛེ་ནད་ཕོག་པ་ཀྱ་དྲག འོན་པ་ཀྱ་ཐོས་ཐུབ། གཤིན་པོ་ཀྱ་ཡང་དང་གསོན་པོ་བྱུང་། སྤྲང་པོ་ཀྱ་ལེ་གཏམ་བཟང་ཁྱབ་སྒྲག་བགྱིད་དེ་སྐོར་གྱི་གནས་ཚུལ་དེ་ཡོ་ཧ་ནན་ལེ་ཤོད་ཅིག 6ངའི་རྐྱེན་གྱིས་དད་པ་མི་ཉམས་མཁན་ཀྱ་བདེ་བ་ཆེའོ་ཟིན་གསུངས་པི་དིག 7དེ་ནས་མི་དེ་ཀྱ་ཕ་ལེ་ལོག་གི་རྗེས་ལེ། ཡེ་ཤུས་ཡོ་ཧ་ནན་གྱི་སྐོར་ལེ། མི་ཚོགས་ཀྱ་ལེ། དེ་སྔོན་ཁྱེད་ཀྱ་ཀྱིས་དབེན་སྟོང་ལེ་ཅི་ལྟ་རུ་ཕྱིན་དོ། འུར་བོས་གཡོས་པའི་འདམ་རྩྭ་ཞིག་ལེ་ལྟ་རུ་ཕྱིན་དས། 8ཡང་ནི། ཁྱེད་ཀྱ་ཀྱིས་ཅི་ཞིག་ལེ་ལྟ་རུ་ཕྱིན་དོ། གོས་ཆེན་གྱོན་པའི་མི་ཞིག་ལེ་ལྟ་རུ་ཕྱིན་དས། གོས་ཆེན་གྱོན་པའི་མི་དེ་ཀྱ་ནི་རྒྱལ་པོའི་ཕོ་བྲང་ནང་ལེ་མི་སྡོད་འོད་དི་གས། 9བདེན་པ་ངོ་ཐོགས་སྨྲོས་དང་། ཁྱེད་ཀྱ་ཀྱིས་མི་ཅི་གི་ཞིག་ལེ་ལྟ་རུ་ཕྱིན་དོ། ལུང་སྟོན་པ་ཞིག་ལེ་ལྟ་རུ་ཕྱིན་དས། གལ་སྲིད་འོ་དེ་གི་ཡིན་ནི། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ལུང་པ་སྟོན་པ་གཞན་མ་ཀྱ་ལས་ལྷག་ཚོད་ཞིག་ལེ་ལྟ་རུ་ཕྱིན་དི་དིག 10ཡང་ཡོ་ཧ་ནན་གྱི་སྐོར་ལེ། དཀོན་མཆོག་གི་གསུང་རབ་ནང་ལེ། ལྟོས་དང་།
ངའི་ཕོ་ཉ་ཁྱོད་ཀྱི་སྔོན་ལེ་རྫོང་ངོ་། །
ཁོས་ཁྱོད་ཀྱི་ལམ་གྲ་སྒྲིག་བཟོ། །
ཟིན་གསུངས་འོད་དིག#11.10 ཚིགས་བཅད་འདི་ནི་ལུང་སྟོན་པ་མཱ་ལ་ཀིས་བྲིས་པའི་མདོ་ལེའུ་ 3 ཨང་ 1 ནང་ལེ་ཟིགས་རོགས། 11ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། བུ་མའ་ལེ་སྐྱེས་པའི་མི་ཡེ་རེ་ནང་ནས། ཡོ་ཧ་ནན་ལས་ལྷག་ཚོད་གལ་ཆེ་བ་སུ་ཟང་མེད། ཡིན་ནའང་། ནམ་མཁའི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ། མི་གལ་ཆེན་པོ་མེད་མེད་དེ་ནི། ཡོ་ཧ་ནན་ལས་ལྷག་ཚོད་གལ་ཆེ་བ་ཡིན་དིག 12ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་དུས་ནས་ད་ལྟ་བར་དུ། ཞིང་ཁམས་ཀྱི་རྒྱལ་ཁབ་ལེ་གཞན་གྱི་འགེག་རྒོལ་བགྱིད་དི་མ་ཟད། འགེག་རྒོལ་བགྱིད་མཁན་གྱིས་ཟང་བཙན་དབང་གིས་འཛིན་བཟུང་བགྱིད་འོད་དིག 13ཅི་ལེ་ཟེར་ནི། ཡོ་ཧ་ནན་གྱི་དུས་ནས་ད་ལྟ་བར་དུ་ཆོས་ཁྲིམས་དིང་། ལུང་སྟོན་པ་ཡེ་རེས་དཀོན་མཆོག་གི་རྒྱལ་ཁབ་སྐོར་ལེ་ལུང་བསྟན་གནང་པི་དིག 14ཡང་གལ་སྲིད་ཁྱེད་ཀྱ་ཀྱིས་ཟང་དོན་ལེ་ཡིད་ཆེས་བགྱིད་འདོད་འོད་ནི། ཡོ་ཧ་ནན་ནི། ཡང་དང་འོང་གྱི་དིག་ཟེར་མཁན་ཨེ་ལི་ཡཱ་དེ་ཡིན་དིག#11.14 སྐྱབས་མགོན་གྱི་ཕེབས་ལམ་སྒྲ་སྒྲིག་བགྱིད་རྒྱུ་ཆེད་དུ། ལུང་སྟོན་པ་ཨེ་ལི་ཡཱ་ཁོང་རང་ནི། ཉིན་མ་ཞིག་འཇིག་རྟེན་ལེ་ཕེབས་འོང་རྒྱུ་དོན་ལེ། ཡ་ཧུ་དཱ་པ་ཀྱ་ཀྱིས་རེ་སྒུག་བྱས་པི་དིག ཇོ་བོ་ཡེ་ཤུས་ཟང་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་ནི། ལུང་སྟོན་པ་ཨེ་ལི་ཡཱ་དིང་ཅོག་འདྲ། ལུང་སྟོན་པ་ཞིག་ཡིན་ཟིན་གསུངས་འོད་དིག ཡང་ལུང་སྟོན་པ་མཱ་ལ་ཀིས་བྲིས་པའི་མདོ་ལེའུ་ 4 ཨང་ 5-6 ནང་ལེ་གཟིགས་རོགས། 15རྣ་མཆོག་འོད་ཡོད་ཀྱ་ཀྱིས་ཉོན་ཅིག 16ངས་དུས་རབས་འདིའི་མི་ཀྱ་ནི། དཔེ་ཅི་གི་ཞིག་དིང་སྡུར་རྒྱུ། མི་འདི་ཀྱ་ནི་ཁྲོམ་སྲང་ལེ་རྩེ་མོ་རྩེས་ཏེ་སྡོད་མཁན་ཕྲུ་གུ་ཅོག་འདྲ། རང་གི་རོགས་པོ་ཀྱ་ལེ་ཤོག་སྨྲས་ཏེ།
17ཉེད་ཀྱིས་ཁྱེད་ཀྱི་དོན་ལེ་སྒྲ་བརྙན་རྡུང་། །
ཡིན་ནའང་ཁྱེད་ཀྱིས་ཞབས་བྲོ་མ་བརྒྱབ། །
ཉེད་ཀྱིས་ཁྱེད་ཀྱི་དོན་ལེ་སྐྱོ་གླུ་བླངས་། །
ཡིན་ནའང་ཁྱེད་ཀྱིས་མིག་ཆུ་མ་བཏང་། །
ཟེར་རི་དིང་ཅོག་འདྲ་ཡིན་དིག#11.17 གེ་རིག་གི་ཟེར་ལུགས་ནང་ལེ་གླིང་བུ་ཟིན་བྲིས་འོད་དིག 18ཅི་ལེ་ཟེར་ནི། ཡོ་ཧ་ནན་གྱིས་དཀོན་མཆོག་གི་ཕྱག་ལས་བགྱིད་དུ་འོང་རྒྱ། ཁོས་བཟའ་འཐུང་དིང་ཕོ་ལེ་མ་བྱས་ཕེན། མི་ཀྱ་ཀྱིས་ཡོ་ཧ་ནན་ལེ་གདོན་འདྲེ་ཞུགས་འདུག་སྨྲས་པི་དིག 19ཡིན་ནའང་། མིའི་བི་ས་དཀོན་མཆོག་གི་ཕྱག་ལས་བགྱིད་དུ་འོང་རྒྱ། ཁོས་བཟའ་འཐུང་དིང་ཕོ་ལེ་བྱས་ཕེན། མི་དེ་ཀྱ་ཀྱིས་ལྟོས་དང་། མི་དེ་ནི་ཟ་མ་ལེ་རྔམ་མཁན་དིང་། ཆང་བཟི་མཁན། ཁྲལ་སྡུད་བགྱིད་མཁན་དིང་། སྡིག་ཅན་ཀྱ་ཀྱི་རོགས་པོ་ཡིན་དིག་ཟིན་འོད་དིག ཡིན་ནའང་། མི་ཞིག་ལེ་དཀོན་མཆོག་གི་བདེན་པའི་ཤེས་རབ་ཐོབ་པའི་བརྒྱུད་ནས། ཁོས་བྱས་པའི་ལས་དེ་ནི། ཡང་དག་པ་ཡིན་དི་ཁུངས་སྐྱེལ་གྱོ་འོད་དིག་ཟིན་གསུངས་པི་དིག
འགྱོད་བཤགས་མ་བྱས་པའི་རྐྱེན་གྱི་བཀའ་བཀྱོན་གནང་པ།
20དེ་ནས་ཡེ་ཤུས་ཀོ་ར་ཟི་དིང་པེ་སད་དཱ་ཡུལ་ལེ་ངོ་མཚར་གྱི་ཕྱག་ལས་མང་ཆེ་བ་བསྟན་ནའང་། ཡུལ་དེའི་མི་ཀྱ་ཀྱིས་སྤྱོད་པ་ངན་པ་སྤངས་ཏེ་འགྱོད་བཤགས་མ་བྱས་ཕེན། ཡེ་ཤུས་ཡུལ་མི་དེ་ཀྱ་ལེ། 21ཀོ་ར་ཟིན་དིང་པེ་སད་དཱ་ཁྱེད་ཀྱ་ལེ་ཆགས་སྒོ་འོང་གྱི་དིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ལེ་བྱུང་བའི་ཡ་མཚན་གྱི་རྟགས་དེ། ངས་ཐཱ་ཨེར་དིང་ཚི་དོན་ཟེར་རི་རྒྱལ་ས་དེ་གཉིས་ལེ་བསྟན་པི་ཡིན་ནི། རྒྱལ་ས་དེའི་མི་ཀྱ་ཀྱིས་སྔོན་མ་ནས་སེམས་ཁུགས་ཏེ་འགྱོད་བཤག་བགྱིད་རྒྱུ་རྟགས་ལེ། ལུས་ལེ་གོས་རྩུབ་བོ་གྱོན་དི་དིང་། རང་གི་མགོ་ལེ་གོ་ཐལ་གྱི་ཐལ་བ་གཏོར་གྱི་དིག 22ཡིན་ནའང་། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྲིམས་གཅོད་བགྱིད་རྒྱ། ཐཱ་ཨེར་དིང་ཚི་དོན་རྒྱལ་ས་དེ་གཉིས་ལས་ཟང་ལྷག་ཚོད། ཁྱེད་ཀྱ་ལེ་བཟོད་མི་ཐུབ་པའི་ཉེས་པ་ཕོག་གྱི་དིག 23ཡང་ཁྱེད་ཀ་ཕར་ན་ཧུམ་ཀྱ་ལེ་ཟང་ཟེར་རི་ཡིན། ཁྱེད་ཀ་ཕར་ན་ཧུམ་ཀྱ་ནམ་མཁའ་ཞིང་ཁམས་ལེ་འདྲེན་གནང་གྱོ་འོད་དི་གས། འདྲེན་གནང་གྱི་མ་དིག ཁྱེད་ཀྱ་དམྱལ་བའི་ཡུལ་ལེ་གཡུག་གྱི་དིག ཅི་ལེ་ཟེར་ནི། ངས་ཁྱེད་ཀྱ་ཀྱི་མཐོང་ས་ལེ་བསྟན་པའི་ཡ་མཚན་ཆེ་བའི་དོན་དེ་ཀྱ། སཱ་དོམ་རྒྱལ་ས་ལེ་བྱུང་པི་ཡིན་ནི། རྒྱལ་ས་དེ་ད་ལྟ་བར་དུ་སྡོད་ཐུབ་ཉེན་འོད་དིག#11.23 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་བཀོད་པ་མདོ་དང་པོ་ལེའུ་ 19 ནང་ལེ་གཟིགས་རོགས། 24ང་ཁྱེད་ཀྱ་ལེ་ཟེར་རོ། ཁྲིམས་གཅོད་བགྱིད་རྒྱ། ཁྱེད་ཀྱ་ལེ་སཱ་དོམ་རྒྱལ་ས་ལས་ལྷག་ཚོད་བཟོད་ཐུབ་རྒྱུ་མེད་མེད་ཉེས་པ་ཆེན་པོ་ཕོག་གྱི་དིག་ཟིན་བཀའ་བཀྱོན་གནང་པི་དིག
ཡེ་ཤུས་རང་གི་ཡབ་ལེ་གསོལ་བ་སྨོན་ལམ་ཞུས་པ།
25ཡང་དེ་རྒྱ་ཡེ་ཤུས་ངའི་ཨ་ཀྱེ། གནམ་ས་གཉིས་ཀྱི་བདག་པོ། ཁྱེད་ཀྱིས་དོན་འདི་ཀྱ་ཤེས་བ་ཡོན་ཏན་འོད་ཡོད་མི་ཀྱ་ལེ་སྦས་གནང་སྟེ། ཕྲུ་གུ་ཅོག་འདྲ་མི་འདི་ཀྱ་ལེ་བསྟན་གནང་པི་དེ་ལེ། ངས་ཁྱེད་རང་ལེ་བསྟོད་པ་འབུལ་ལོ། 26ཨ་ཀྱེ། དེ་ནི་ཁྱེད་ཀྱི་ཐུགས་དགྱེས་པའི་ཆེད་དུ་ཡིན་དིག 27ངའི་ཨ་ཀྱིས་རང་ལེ་ཅི་འོད་ཚད་ཡེ་རེ་ང་ལེ་གཏད་བྱུང༌། ཨ་ཀྱིས་མ་གཏོགས་བི་ས་སུ་ཡིན་དི་སུས་ཟང་མི་ཤེས་འོད་དིག ཡང་བི་ས་དིང༌། བི་ས་ཀྱིས་སྟོན་འདོད་འོད་ཡོད་དེ། ཨ་ཀྱི་ཁྱེད་ཀྱིས་མ་གཏོགས་གཞན་སུས་ཟང་མི་ཤེས་འོད་དིག 28ཁྱེད་ཡིད་ཐང་ཆད་པ་ཀྱ་དིང་དཀའ་སྡུག་གི་ཁུར་པོ་ཆེན་པོས་འོག་ལེ་གནོན་འོད་ཡོད་མི་ཡེ་རེ་ངའི་རྩ་ལེ་ཤོག ངས་ཁྱེད་ཀྱ་ལེ་ངལ་གསོ་སྟེར་རོ། 29ཁྱེད་ཀྱ་ཀྱིས་ངའི་གཉའ་ཤིང་འཁུར་ཏེ་ང་ནས་སྦྱོངས་ཤིག ང་ནི་སེམས་དུལ་པོ་དིང་ཉམ་ཆུང་ཡིན། ཁྱེད་ཀྱ་ཀྱི་སེམས་ལེ་ངལ་གསོ་འཐོབ་ཀྱི་དིག 30ཅི་ལེ་ཟེར་ནི། ངའི་གཉའ་ཤིང་ནི་ལས་སླ་མོ་འོད་དི་མ་ཟད། ངའི་ཁུར་བོ་ཟང་ཡང་པོ་འོད་དིག་ཟིན་གསུངས་པི་དིག །
Nu markerat:
མད་ཐཱ། 11: DLPO
Märk
Dela
Kopiera
Vill du ha dina höjdpunkter sparade på alla dina enheter? Registrera dig eller logga in
© 2023 Wycliffe Bible Translators, Inc. All rights reserved.