1
ཡོ་ཧ་ནན། 1:12
New Tibetan Bible བོད་འགྱུར་གསར་མ།
ཁོང་ཉིད་བསུ་ཞིང་ཁོང་གི་མཚན་ལ་ནི།། དད་པའི་མི་རྣམས་དཀོན་མཆོག་བུ་ཕྲུག་ལ༎ འགྱུར་བར་མཛད་པའི་དབང་ཡང་ཁོང་གིས༌གནང༌།།
Jämför
Utforska ཡོ་ཧ་ནན། 1:12
2
ཡོ་ཧ་ནན། 1:1
ཐོག་མར་བཀའ་ནི་ཡོད་ཅིང་བཀའ་དེ༌ཉིད།། དཀོན་མཆོག་ཉིད་དང་ལྷན་ཅིག་ཉིད་དུ༌བཞུགས།། བཀའ་ཞེས་གྲགས་པ་དཀོན་མཆོག་ཡིན་ལགས༌ཤིང༌།།
Utforska ཡོ་ཧ་ནན། 1:1
3
ཡོ་ཧ་ནན། 1:5
གཟི་འོད་ཉིད་ནི་མུན་པར་འཕྲོ་བྱེད༌ཀྱང༌།། མུན་པ་དེ་ལས་རྒྱལ༌བར་མ་གྱུར་ཏོ།།
Utforska ཡོ་ཧ་ནན། 1:5
4
ཡོ་ཧ་ནན། 1:14
དེ་ཡང་བཀའ་དེ་མི་ཡི་གཟུགས་པོར་གྱུར།། ང་ཚོའི་ཁྲོད་དུ་ཁོང་ནི་བཞུགས་པ༌དང༌།། ཁོང་གི་གཟི་བརྗིད་ང་ཚོས་དངོས་སུ༌མཐོང༌།། དེ་ནི་ཡབ་ལས་བྱུང་བའི་སྲས་གཅིག་པུའི༎ གཟི་བརྗིད་ཡིན་ཞིང་སྲས་པོ་ཁོང་ལ་འང༎ ཐུགས་རྗེ་དང་ནི་བདེན་པ་ཉིད་ཀྱིས་ཁེངས༎
Utforska ཡོ་ཧ་ནན། 1:14
5
ཡོ་ཧ་ནན། 1:3-4
དེ་ཡང་འཇིག་རྟེན་སྣོད་བཅུད་མ་ལུས༌པ།། བཀའ་དེ་བརྒྱུད་ནས་དཀོན་མཆོག་ཉིད་ཀྱིས༌བསྐྲུན།། ཁོང་གིས་བཟོས་པའི་དངོས་པོ་མཐའ་དག༌ལས།། བཀའ་དེ་མ་བརྒྱུད་བསྐྲུན་པ་ཅི་ཡང༌མེད།། ཁོང་གི་ནང་དུ་ཚེ་སྲོག་བཞུགས་པ་དང༌།། ཚེ་སྲོག་དེ་ནི་མི་ཡི་གཟི་འོད་དོ།།
Utforska ཡོ་ཧ་ནན། 1:3-4
6
ཡོ་ཧ་ནན། 1:29
དེའི་ཕྱི༌ཉིན། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་རང་གི་གམ་དུ་ཕེབས་པ་མཐོང་སྟེ་འདི་སྐད༌དུ། ལྟོས༌དང༌། དཀོན་མཆོག་གི་ལུ་གུ་སྟེ་འཇིག་རྟེན་མི་རྣམས་ཀྱི་སྡིག་པ་སེལ་མཁན་ནི་ཁོང་ཉིད་ཡིན།
Utforska ཡོ་ཧ་ནན། 1:29
7
ཡོ་ཧ་ནན། 1:10-11
དེ་ཡང་ཁོང་ཉིད་འཇིག་རྟེན་འདིར་བཞུགས༌ཤིང༌།། ཁོང་ཉིད་བརྒྱུད་ནས་འཇིག་རྟེན་བསྐྲུན་ན༌ཡང༌།། འཇིག་རྟེན་མི་ཡིས་ཁོང་ཉིད་ཤེས་མ༌གྱུར།། ཁོང་ནི་རང་ཡུལ་ཕྱོགས་སུ་ཕེབས་ན༌ཡང༌།། རང་ཡུལ་མི་ཡིས་ཁོང་ལ་བསུ་བ༌མེད།།
Utforska ཡོ་ཧ་ནན། 1:10-11
8
ཡོ་ཧ་ནན། 1:9
གཟི་འོད་དེ་ཉིད་འོད་ཟེར་དངོས་མ༌སྟེ།། འཇིག་རྟེན་ཡོངས་སུ་འཕྲོས་ནས་མི་ཀུན༌གསལ།།
Utforska ཡོ་ཧ་ནན། 1:9
9
ཡོ་ཧ་ནན། 1:17
མོ་ཤེ་བརྒྱུད་ནས་བཀའ་ཁྲིམས༌གནང་བ་དང༌།། ཡེ་ཤུ་མཱ་ཤི་ཀ་ཉིད་བརྒྱུད༌ནས་ནི།། ཐུགས་རྗེ་དང་ནི་བདེན་པ་ཉིད་དེ༌བྱུང༌།།
Utforska ཡོ་ཧ་ནན། 1:17
Hem
Bibeln
Läsplaner
Videor