དེའི་ལན་ལུ་ཡེ་ཤུ་གིས་ ད་ལོག་སྟེ་སོང་ཞིནམ་ད་ ཁྱེད་ཀྱི་མིག་གིས་མཐོང་མི་དང་ རྣ་བ་གོ་མི་དེ་ཚུ་ ཡོ་ཧ་ནཱན་ལུ་སླབ་ མིག་ཏོ་ཞརཝ་ཚུ་གིས་མཐོང་ཚུགས་པས་ རྐངམ་ཞབོ་ཚུ་འགྱོ་ཚུགས་པས་ མཛེ་ནད་ན་མི་ཚུ་དྲགཔ་བཟོ་དེས་ རྣ་བ་མ་གོ་མི་ཚུ་ལུ་ རྣཝ་གོཝ་བཟོ་དེས་ ཤི་སོང་མི་ཚུ་ ཤི་ས་ལས་གསོན་པོ་སྦེ་ལོག་ལྷོང་དེས་ དེ་ལས་མི་སྤྱང་ཀ་ཚུ་ལུ་གཏམ་བཟང་བཤད་དེ་བྱིན་དེས་ཟེར་སླབ་བྱིན།