YouVersion လိုဂို
ရွာရန္ အိုင္ကြန္

ལུ་ཀ། 4

4
ཡེ་ཤུ་ལ་ཚོད་ལྟ།
(མད་ཐཱ། ༤:༡-༡༡; མར་ཀུ། ༡:༡༢-༡༣)
1ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་ཡོར་དན་གཙང་པོ་ནས་ལོག་སྟེ་ཕེབས་པ་ལགས། དེ་ནས་ཐུགས་ཉིད་ཀྱིས་ཁོང་པ་ལ་རི་སྟོང་ཕྱོགས་ལ་ཁྲིད་བ་མཛད་པ་ལགས། 2འོ་དུ་རུ་ཞག་མོ་བཞི་བཅུ་ཐུག་པའི་ཁོང་པ་ལ་བདུད་ཀྱིས་ཚོད་ལྟ་བྱས་བ་ལགས། འོ་དེ་ཞག་མོ་བཞི་བཅུ་གང་ལ་ཁོང་པ་ཡིས་ཞལ་ལག་གིན་ད་མ་བཞེས་བ། མཐའ་ལ་ཁོང་པ་བཀྲེས་བ་ལགས།
3བདུད་ཀྱིས་ཡེ་ཤུ་ལ་སྨྲས་བ་ལགས། ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན། འདི་རྡོ་གོང་དེ་ལ་གྱང་ག་ལ་འགྱུར་སྨྲས་རེ་བཀའ་གནང་ང་མཛད།
4དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། གསུང་རབ་ལ་མི་གྱང་ག་ཡིས་གཅིག་ཀ་མི་འཚོ་གི་ལགས།#བཀའ་ཁྲིམས། ༨:༣ སྨྲས་རེ་བྲིས་འོད་ད་ལགས།
5དེ་ནས་བདུད་ཀྱིས་ཁོང་པ་ལ་རི་མཐོ་བ་གཅིག་ལ་ཁྲིད་ཏེ་ལད་མོ་གཅིག་ལ་འཛམ་བུ་གླིང་གི་རྒྱལ་ཁབ་གི་རི་སྟོན་ཏེ་སྨྲས་བ་ལགས། 6ངས་ཁྱོད་རང་ལ་དེ་གི་རིའི་དབང་དང་དེ་ཀྱ་ཡི་གཟི་བརྗིད་སྟེར་རོ། གི་བྱས་རེ་སྨྲ་ན་དེ་གི་རི་ངའི་དབང་ལ་འོད། དེ་ནས་ངས་འཐད་ཀྱིན་མི་ལ་ང་སྟེར་ར་ཡིན། 7ཁྱེད་རང་གིས་ང་ལ་ཕྱག་འཚལ་ན། དེ་གི་རི་ཁྱེད་རང་གི་འབྱུང་གི་ལགས།
8དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། གསུང་རབ་ལ་ཁྱོད་ཁྱོད་རི་དཀོན་མཆོག་གཙོ་བོ་ལ་གཅིག་ཀ་ཕྱག་འཚོལ། དེ་ནས་ཁོང་པ་ལ་གཅིག་ཀ་ཞབས་ཕྱི་ཞུས་#བཀའ་ཁྲིམས། ༦:༡༣སྨྲས་རེ་བྲིས་འོད་ད་ལགས།
9དེ་ནས་བདུད་ཀྱིས་ཁོང་པ་ལ་ཡེ་རུ་ཤ་ལེམ་དུ་ཁྲིད་ཏེ་མཆོད་ཁང་གི་དབུ་རྩེར་ལ་ལངས་དུ་བཅུག་སྟེ་ཁོང་པ་ལ་སྨྲས་བ་ལགས། ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན། དེ་ནས་མ་ལ་མཆོངས། 10གི་བྱས་རེ་སྨྲ་ན་གསུང་རབ་ལ་བྲིས་འོད་ད་ལགས།
ཁོང་པ་ཡིས་ཁྱེད་རང་ལ་སྐྱོབ་ཡས་ལ།
ཁྱེད་རང་གི་ཕྱིར་ལ་རང་གི་བང་ཆེན་ཀྱ་ལ་བཀའ་གནང་ང་མཛད་ཀྱི་ལགས།
11དེ་ནས་རྡོ་གོང་ཁར་ལ་ཁྱེད་རང་གི་ཞབས་མེད་ཕོག་ཡས་ཀྱི་ཕྱིར་ལ།
ཁོང་ཀྱ་ཡི་ལག་པ་ཡིས་ཁྱེད་རང་ལ་ཟིམ་གྱི་ལགས།#གསུང་མགུར། ༩༡:༡༡,༡༢
12དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། གསུང་རབ་ལ་ཁྱོད་ཁྱེད་རི་དཀོན་མཆོག་གཙོ་བོ་ལ་ཚོད་ལྟ་མ་བྱེད་#བཀའ་ཁྲིམས། ༦:༡༦སྨྲས་རེ་བྲིས་འོད་ད་ལགས། 13དེ་ནས་བདུད་ཀྱིས་ཁོང་པ་ལ་ཚོད་ལྟ་གི་རི་ལེན་ཚར་ཏེ་ལྡབ་ལེ་གོ་སྐབས་མ་འཐོབ་ཀྱིན་ཐུག་པའི་ཁོང་པ་ལ་བོར་ཏེ་སོང་བ་ལགས།
ཡེ་ཤུ་ཡིས་ག་ལིལ་དུ་ཕྱག་ལས་འགོ་འཛུགས་བ།
(མད་ཐཱ། ༤:༡༢-༡༧; མར་ཀུ། ༡:༡༤-༡༥)
14དེ་ནས་ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་འབྱོར་ཏེ་ག་ལིལ་ལ་ལོག་སྟེ་ཕེབས་པ་ལགས། འོ་དུ་རུ་ཁོང་པ་ཡི་སྐོར་ལ་གཡས་གཡོན་གྱི་ཡུལ་གི་རི་ལ་ཁྱབ་པ་ལགས། 15དེ་ནས་ཁོང་པ་ཡིས་ཁོང་ཀྱ་ཡི་ཚོགས་ཁང་ཀྱ་ནང་དུ་ཆོས་སྟོན་མཛད་པ་ལགས། དེ་ནས་མི་གི་རི་ཡིས་ཁོང་པ་ལ་བསྟོད་སྒྲ་བཏང་བ་ལགས།
ན་ཙ་རེད་དུ་ཡེ་ཤུ་ལ་མ་བརྩིས་བ།
(མད་ཐཱ། ༡༣:༥༣-༥༨; མར་ཀུ། ༦:༡-༦)
16ཡེ་ཤུ་ཁོ་རང་འཚར་ཚ་ཡུལ་ན་ཙ་རེད་གོ་ལ་ལོག་སྟེ་ཕེབས་པ་ལགས། དེ་ནས་ཙོག་བའི་ཅོག་རེ་ཁོང་པ་ངལ་གསོ་གིན་ཉིན་མ་གོ་ལ་ཚོགས་ཁང་ལ་ཕེབས་ཏེ། དེ་ནས་དཀོན་མཆོག་གི་བཀའ་ཀློག་ཡས་ལ་བཞེངས་ང་མཛད་པ་ལགས། 17ཁོང་པ་ལ་ཡེ་ཤ་ཡཱ་མངོན་ཤེས་མཁན་གྱིས་བྲིས་བྲ་དེབ་གོ་སྒྲོག་ཡས་ལ་གནང་བ་ལགས། དེ་ནས་ཁོང་པ་ཡིས་དེབ་གོ་བཤིག་སྟེ་འདི་སྒྲོག་བ་མཛད་པ་ལགས།
18གཙོ་བོའི་ཐུགས་ཉིད་ངའི་ཁར་ལ་གནས་འོད་ད་ལགས།
གི་བྱས་རེ་སྨྲ་ན་དབུལ་སྤྲེ་ཀྱ་ལ་གཏམ་བཟང་བཤད་ཡས་ལ་ཁོང་པ་ཡིས་ང་ལ་བདམས་མ་མཛད་པ་ལགས།
དེ་ནས་བཙོན་པ་ཀྱ་ལ་རང་དབང་གི་ལན་གསལ་བསྒྲགས་བྱེད་ཡས།
དང་ཞ་ར་ཀྱ་ཡི་མིག་མཐོང་གིན་བཟོ་ཡས།
དང་བསྣེམས་ཏེ་བསྡད་ད་ཀྱ་ལ་རང་དབང་གནང་ཡས།
19དང་གཙོ་བོའི་ཐུགས་རྗེའི་ལོ་སླེབས་སོང་སྨྲས་རེ་གསལ་བསྒྲགས་བྱེད་ཡས་ཀྱི་ཕྱིར་ལ།
གཙོ་བོ་ཡིས་ང་ལ་མངགས་མཛད་པ་ལགས།#ཡེ་ཤ་ཡཱ། ༦༡:༡,༢;༥༨:༦
20དེ་ནས་ཡེ་ཤུ་ཡིས་དེབ་གོ་བསྒྲིལ་རེ་ཞབས་ཏོག་པ་གཅིག་ལ་རྩིས་བརྒྱབ་སྟེ་ཁོང་པ་བཞུགས་པ་ལགས། དེ་ནས་ཚོགས་ཁང་ནང་འོད་མཁན་གི་རི་ཡིས་ཁོང་པ་ལ་བལྟས་རེ་བསྡད་པ་ལགས། 21དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དི་རིང་གསུང་རབ་ཀྱི་བཀའ་དེ་ཁྱེད་ཀྱ་ཡིས་མཉན་ཏེ་གང་ལ་རང་གྲུབ་སོང་།
22མི་གི་རི་ཡིས་ཁོང་པ་ལ་བསྟོད་སྒྲ་བཏང་བ་ལགས། དེ་ནས་ཁོང་པ་ཡི་ཞལ་ནས་ཐོན་ད་གསུང་སྙན་པོ་ཀྱ་མཉན་ཏེ་ཧང་སངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་སྨྲས་བ་ལགས། འདི་ཡོ་སེབ་ཀྱི་བི་ཛ་གོ་མ་ལེ།
23དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ད་ཉན་རོགས་གནང། ཁྱེད་ཀྱ་ཡིས་ང་ལ་དཔེ་དེ་སྨྲ་གུ་ལགས། ཨེམ་རྗེ། ཁྱོད་རང་ལ་བཅོས་ག་བྱེད། དེ་ནས་ཡང་སྨྲ་གི་ལགས། ཀཱ་ཕར་ན་ཧུམ་དུ་ཁྱོས་གི་བྱེད་ཀྱིན་གོ་འི་ཀིས་གོ་གིན་ཅོག་རེ་རང་གི་ཡུལ་དུ་རུའང་བྱེད།
24ཡིན་ནའང་ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། མངོན་ཤེས་མཁན་སུ་ལའང་ཁོ་རི་ལུང་པ་དུ་ཁས་མེད་ལེན་ད་ལགས། 25དེ་ནས་ངས་དངོས་གནས་སྨྲ་ཡས་ཡིན་ན། མངོན་ཤེས་མཁན་ཨེ་ལི་ཡཱའི་དུས་ཚོད་ལ་ལོ་གསུམ་དང་ཟླ་བ་དྲུག་ཐུག་པའི་ཆར་བ་ཆད་དེ་ཡུལ་གི་རི་མུ་གེ་ཆེ་ལ་ཤོར་རི་གང་ལ། ཡིས་ར་ཨེལ་དུ་དམི་ཅིག་གི་མང་ང་ཡུགས་ས་མ་ཀྱ་འོད་ད་ལགས། 26ཡིན་ནའང་དཀོན་མཆོག་གིས་ཨེ་ལི་ཡཱ་ལ་དེ་ཀྱ་སུའང་རྩ་རུ་མིན་ད་སི་དཱོན་རྒྱལ་རབ་ལ་འོད་ཀྱིན་ས་རེབ་ཏཱ་ཡུལ་གྱི་ཡུགས་ས་མ་གཅིག་རྩ་རུ་གཅིག་ཀ་བརྫངས་བ་ལགས། 27ཡང་མངོན་ཤེས་མཁན་ཨེ་ལི་ཤཱའི་དུས་ལ་ཡིས་ར་ཨེལ་དུ་མཛེ་ནད་མང་ང་འོད་ན། སི་རི་ཡཱ་ཡི་ནཱ་ཨ་མན་མ་ན་གཞན་མ་ཁོང་ཀྱ་ནས་སུའང་གཙང་མ་མ་མཛད་པ་ལགས།
28དེ་ལབ་མཉན་ཏེ་ཚོགས་ཁང་ལ་འོད་མཁན་གི་རི་དམི་ཅིག་གི་ཁོང་ཁྲོ་ལངས་བ་ལགས། 29དེ་ནས་ཁོང་ཀྱ་ལངས་རེ་ཡེ་ཤུ་ལ་རྒྱལ་ས་ནས་ཕི་ལ་བཏོན་པ་ལགས། འདི་རྒྱལ་ས་དེ་རིའི་ཁར་ལ་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་རིའི་ཐོག་ནས་གཡུག་ཡས་བྱས་བ་ལགས། 30ཡིན་ནའང་ཁོང་པ་ཁོང་ཀྱ་ཡིས་ཁོག་ནས་ཐོན་ཏེ་ཕི་ལ་ཕེབས་པ་ལགས།
གནོད་པ་འཛུལ་ཛ་མི་དྲག་པ།
(མར་ཀུ། ༡:༢༡-༢༨)
31འོ་དེ་གཤམ་ནས་ཡེ་ཤུ་ག་ལིལ་ཡུལ་གྱི་ཀཱ་ཕར་ན་ཧུམ་དུ་ཕེབས་པ་ལགས། དེ་ནས་ངལ་གསོ་གིན་ཉིན་མ་ལ་ཁོང་པ་ཡིས་ཁོང་ཀྱ་ལ་ཆོས་སྟོན་མཛད་པ་ལགས། 32ཁོང་པ་ཡི་བཀའ་ལོབ་ལ་མི་གི་རི་ཧ་ལས་བ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡི་བཀའ་ལ་དབང་འོད་ད་ལགས།
33དེ་ནས་ཚོགས་ཁང་ནང་དུ་གནོད་པ་མེད་གཙང་ང་འཛུལ་ཛ་མི་གཅིག་འོད་ད་ལགས། ཁོས་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། 34ཀྱེ་ན་ཙ་རེད་ཀྱི་ཡེ་ཤུ། འི་ཀི་མུ་ལ་ཁྱེད་རང་གི་གི་བྲེལ་བ། འེ་ལ་མེད་ད་ལ་བཏང་ཡས་ལ་ཁྱེད་རང་ཕེབས་པ་ལེ། ཁྱེད་རང་དཀོན་མཆོག་གི་དམ་པའི་མི་གོ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད།
35དེ་ནས་ཡེ་ཤུ་ཡིས་འོ་དེ་ལ་བཀའ་བཀྱོན་མཛད་དེ་གསུངས་བ་ལགས། ཁ་པ་སྡོད། དེ་ནས་ཁོའི་ནང་ནས་ཐོན། དེ་ནས་མི་གི་རིའི་གདོང་དུ་འོ་དེ་གནོད་པ་ཡིས་མི་གོ་ལ་ས་ལ་བརྡབས་ཏེ་གནོད་གིའང་མ་བསྐྱལ་བ་ཐོན་ཏེ་སོང་བ་ལགས།
36དེ་ནས་མི་གི་རི་ཧ་ལས་རེ་ཁོ་རང་ཀྱ་ནང་དུ་སྨྲས་བ་ལགས། འདི་བཀའ་དེ་གི་ལེ། དབང་དང་ནུས་མཐུའི་ཐོག་ནས་ཁོས་གནོད་པ་ཨ་ཀྱ་ལ་བཀའ་གནང་བའི། དེ་ནས་དེ་ཀྱ་ཐོན་ཏེ་འགྲོའི། 37དེ་ནས་ཡེ་ཤུའི་ཕྱག་ལས་ཀྱི་སྐོར་ལ་འོ་དེ་ཡུལ་གྱི་ས་ཆ་གཡས་གཡོན་གི་རི་ལ་ཁྱབ་པ་ལགས།
ཡེ་ཤུ་ཡིས་མི་མང་ཆེ་ལ་བཅོས་ག་མཛད་བ།
(མད་ཐཱ། ༨:༡༤-༡༧; མར་ཀུ། ༡:༢༩-༣༤)
38ཡེ་ཤུ་ཚོགས་ཁང་ནས་ཐོན་ཏེ་སི་མོན་གྱི་ནང་ལ་ཕེབས་པ་ལགས། འོ་དེ་གང་ལ་སི་མོན་གྱི་སྐྱེད་དམན་གྱི་ཨ་མ་དམི་ཅིག་གི་ཚ་བ་ནད་རེ་བསྡད་འོད་ད་ལགས། དེ་ནས་ནང་གི་མི་ཀྱ་ཡིས་མོ་ལ་བཅོས་ག་མཛད་རོགས་གནང་སྨྲས་རེ་ཡེ་ཤུ་ལ་ཞུས་བ་ལགས། 39དེ་ནས་ཁོང་པ་མོའི་གདོང་དུ་བཞེངས་ང་མཛད་དེ་ཚ་བ་ན་ཚ་གོ་ལ་བཀའ་བཀྱོན་མཛད་པ་ལགས། དེ་ནས་ཚ་བ་ཡལ་བ་ལགས། དེ་ནས་ལམ་སང་མོ་ལངས་རེ་ཁོང་པ་ཀྱ་ལ་ཞབས་ཕྱི་ཞུ་ཡས་འགོ་བཙུགས་པ་ལགས།
40དེ་ནས་ཉིན་མ་ཕེབས་ཏེ་མི་ཀྱ་ཡི་ན་ཚ་སྣ་གཞན་མ་གཞན་མའི་ནད་པ་ཀྱ་ཡེ་ཤུ་རྩ་རུ་ཁྱེར་ཏེ་འོངས་བ་ལགས། དེ་ནས་ཁོང་པ་ཡིས་འོ་དེ་གི་རིའི་ཁར་ལ་ཕྱག་བཞག་མཛད་དེ་དྲག་གསོ་མཛད་པ་ལགས། 41མི་མང་ཆེ་ནས་གནོད་པ་ཀྱ་དེ་རེ་ཕེ་ར་བརྒྱབ་སྟེ་ཐོན་པ་ལགས། ཁྱེད་རང་དཀོན་མཆོག་གི་སྲས་ལགས། ཡིན་ནའང་ཡེ་ཤུ་ཡིས་འོ་དེ་གནོད་པ་ཀྱ་ལ་བཀའ་བཀྱོན་མཛད་དེ་ལབ་བཏང་དུ་མ་བཅུག་པ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་མཱ་ཤི་ཀ་གོ་ལགས་སྨྲས་རེ་ཁོང་ཀྱ་ལ་ཤེས་ཡས་འོད་ད་ལགས།
ཡེ་ཤུའི་ཕྱག་ལས།
(མར་ཀུ། ༡:༣༥-༣༩)
42དེ་ནས་སྔ་རོག་བྱུང་རེ་ཡེ་ཤུ་ས་ཚ་དབེན་སྟོང་གཅིག་ལ་ཕེབས་པ་ལགས། དེ་ནས་མི་ཀྱ་ཁོང་པ་ལ་བཙལ་རེ་རྒྱུག་པ་ལགས། དེ་ནས་ཁོང་ཀྱ་ཁོང་པ་འོད་ས་རུ་སླེབས་ཏེ་ཁོང་པ་ལ་ལོག་སྟེ་མེད་ཕེབས་ཡས་ལ་བཀག་ཡས་ཐབས་ཤེས་བྱས་བ་ལགས། 43ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གཏམ་བཟང་དེ་རྒྱལ་ས་གཞན་མ་ཀྱ་ལའང་བཤད་དགོས་གུ་ལགས། གི་བྱས་རེ་སྨྲ་ན་ང་དེའི་ཕྱིར་ལ་རང་བརྫངས་བ་ལགས། 44འོ་བྱས་རེ་ཁོང་པ་ཡུ་དེ་ཡཱའི་ཚོགས་ཁང་ཀྱ་ལ་ཕེབས་ཏེ་ཆོས་སྟོན་མཛད་པ་ལགས།།

လက္ရွိေရြးခ်ယ္ထားမွု

ལུ་ཀ། 4: LOY

အေရာင္မွတ္ခ်က္

မၽွေဝရန္

ကူးယူ

None

မိမိစက္ကိရိယာအားလုံးတြင္ မိမိအေရာင္ခ်ယ္ေသာအရာမ်ားကို သိမ္းဆည္းထားလိုပါသလား။ စာရင္းသြင္းပါ (သို႔) အေကာင့္ဝင္လိုက္ပါ