Logo ya YouVersion
Elilingi ya Boluki

མར་ཀུ། 16

16
ལེའུ་བཅུ་དྲུག
ཡེ་ཤུ་ཡང་དང་སྐུ་གསོན་པོ་བྱུང་བ།
1དེ་ནས་​ངལ་གསོ་བའི་​ཉིན་མོ་​དེ་རྫོགས་​པི་​རྗེས་​ལེ། མག་དལ་​ཡུལ་གྱི་མིར་ཡམ་​དིང་​། ཡ་ཀོབ་​ཀྱི་​ཨ་མ་​མིར་ཡམ། ཡང་མིང་ལེ་ས་ལོ་མེ་​ཟེར་རི་བུ་མའ་གསུམ་​པོ་དེས་ཡེ་ཤུའི་སྐུ་ཕུང་​ལེ་​འབྱུག་རྒྱུ་​ཆེད་དུ། སྤོས་​ཀྱི་དྲི་མ་​ཞིམ་རི་ཞིམ་ཚད་​ཉོས་​ཏེ། 2གཟའ་​ཉིན་མའི་​སྔ་དྲོ་​ཉི་མ་​མ་​ཤར་​ཚོད་​ལེ། ཁོང་གི་​ཕུང་​པོ་སྦས་འོད་ཡོད་བྲག་ཕུག་​ལེ་བུད་དི་དིག 3ཡིན་ནའང་། བུ་མའ་​གསུམ་པོ་​དེས་གཅིག་གིས་གཅིག་​ལེ་​བྲག་ཕུག་​གི་ཁ་ལེ་བཀག་སྟེ་བོར་འོད་ཡོད་​རྡོ་ཕོང་གན་ཆེན་པོ་དེ། མི་སུ་ཞིག་གིས་འུ་ཀྱ་ཀྱི་ཆེད་དུ་ཕ་​ལེ་​འཕུལ་རོགས་བགྱིད་མཁན་འབྱོར་རྒྱུ་ཟིན་ལབ་གླེང་བགྱིད་འོད་དིག 4ཡིན་ནའང་། བུ་མའ་​གསུམ་པོ་​ཀྱ་ཀྱིས་ཡེ་ཤུའི་ཕུང་པོ་སྦས་ས་ལེ་​མ་​སླེབ་​ཚོད། མིག་​ཡར་​ལེ་​ལྟ་​རྒྱ། བྲག་ཕུག་​གི་​ཁ་​ལེ་​བཀག་​སྟེ་བོར་འོད་ཡོད་རྡོ་ཕོང་གན་ཆེན་པོ་​དེ་​ཕ་​ལེ་​འཕུལ་​ཚར་ཏེ། སྒོ་​གདང་​ངེ་​འོད་​དི་​མཐོང་​པི་​དིག 5ཡང་བུ་མའ་དེ་ཀྱ་བྲག་ཕུག་​ནང་​ལེ་​འཛུལ་​རྒྱ། གོས་དཀར་པོ་​གྱོན་འོད་ཡོད་གཞོན་ནུ་ཞིག་​གཡས་ཕྱོགས་​ལེ་​བསྡད་​འོད་​དི་​མཐོང་​ཕེན་བུ་མའ་དེ་ཀྱ་འཇུ་གུ་​འཇིགས་པི་དིག 6ཡིན་ནའང་། གཞོན་ནུ་ཁོས་​ཁོང་ཀྱ་ལེ། ཁྱེད་ཀྱ་འཁྱར་སྣང་​མ་​བགྱིད་​ཅིག གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་སྲོག་ཐོག་བཏང་བའི་ནཱ་ཙ་རེལ་​གྱི་ཡེ་ཤུ་ཁོང་ལེ། ཁྱེད་ཀྱ་ཀྱིས་འཚོལ་དུ་འོངས་པི་ཡིན་དས། ཁོང་​སྐུ་​གསོན་པོ་​ལེ་བཞེངས་​ཏེ་​འདི་རུ་​མེད། ལྟོས་​དང་​། ཁོང་​གི་​སྐུ་ཕུང་འབོར་ས་​ནི་འདི་​ཡིན་དིག 7ད་​ཁྱེད་​ཀྱ་​ཕ་​ལེ་​ལོག་རྒྱུགས། ཁོང་​གི་​སློབ་མ་​གཞན་མ་​ཀྱ་དིང་​། ཡང་པེ་ཏྲོ་​ཁོ་ལེ་ཟང་། དེ་​སྔོན་​ཁོང་​གིས་​ཁྱེད་ཀྱ་ལེ་ཅི་གསུངས་པའི་​ཅོག་འདྲ། ཁོང་ནི་ཁྱེད་​ཀྱ་​ཀྱི་སྔོན་​ལེ་ག་ལིལ་ལུང་པ་​ཕེབས་ཚར་རི་​དིག ས་ཆ་འོ་​དེ་རུ་​ཁྱེད་​ཀྱ་​ལེ་​ཁོང་​མཇལ་​གྱི་​དིག་​སྨྲོས་ཤིག་​ཟིན་བརྫངས་པི་​དིག 8དེ་ནས་​བུ་མའ་​དེ་ཀྱ་​དངངས་སྐྲག་དིང་འདར་འཁྲུག་འཁྲུག་ངང་ནས་བྲག་ཕུག་ནས་ཕྱི་ལེ་བྲོས་ཏེ་མི་སུ་ལེ་ཟང་སྐད་ཆ་མ་བཤད་དི་དིག ཅི་ལེ་ཟེར་ནི་བུ་མའ་དེ་ཀྱ་འཇུ་གུ་འཁྱར་རི་དིག
(མར་ཀུས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔོན་ཤོས་དེ་ཀྱ་ནང་ལེ། ལེའུ་བཅུ་དྲུག་ནང་ལེ་བྲིས་འོད་ཡོད་ཨང་གྲངས་ 9 ནས་ 20 བར་དུ་བྲིས་མེད་དིག)
ཡེ་ཤུས་ཁོང་རང་མངོན་སུམ་མག་དལ་ཡུལ་གྱི་མིར་ཡམ་ལེ་བསྟན་པ།
9དེ་ནས་​ཡང་གཟའ་ཉིན་མའི་​སྔ་དྲོ་​ཡེ་ཤུ་​སྐུ་​གསོན་པོ་​བཞེངས་​ཏེ། དེ་​སྔོན་​ཁོང་​གིས་​གདོན་འདྲེ་​བདུན་​བཏོན་མྱོང་བའི་མག་དལ་​ཡུལ་གྱི་མིར་ཡམ་​ལེ། ཁོང་རང་​སྐུ་​གསོན་པོ་ཡིན་དི་མངོན་སུམ་​བསྟན་གནང་པི་དིག 10དེ་ནས་མོས་ལམ་ཟང་​ཡེ་ཤུའི་སློབ་མ་གཞན་མ་ཀྱ་​འོད་​ས་ལེ་ཕྱིན་དི་དིག དུས་དེ་རྒྱ་སློབ་མ་ཀྱ་མྱ་ངན་སྲུངས་ཏེ་བསྡད་​འོད་ཕེན། མོས་​ཅི་མཐོང་བའི་གནས་ཚུལ་​དེ་ཁོང་ཀྱ་ལེ་བཤད་​ནའང་​། 11ཁོང་​ཀྱ་​ཀྱིས་​ཡེ་ཤུ་ཡང་དང་སྐུ་​གསོན་པོ་དིང་། ཡང་མིར་ཡམ་གྱིས་ཟང་། ངས་ཁོང་མངོན་སུམ་​མཐོང་​བྱུང་​སྨྲས་པའི་ལབ་དེ་ལེ་ཡིད་​ཆེས་མ་བྱས་​པི་​དིག 12ཡང་​དེའི་​རྗེས་​ལེ། ཁོང་གི་རྗེས་འབྲང་​པ་ཀྱ་​ནང་​ནས་​མི་​གཉིས་​ཡུལ་​ལེ་​འགྲོ་​རྒྱ། ཡེ་ཤུས་རང་གི་སྐུ་གཟུགས་​རྣམ་པ་གཞན་ཞིག་ལེ་བརྒྱུར་གནང་སྟེ། ཁོང་​གཉིས་​ཀྱི་​མདུན་​དུ་​སྐུ་མངོན་སུམ་​ཕེབས་​འོངས་པི་དིག 13དེ་ནས་​མི་གཉིས་པོ་དེ་​ཕ་ལེ་​ལོག་​སྟེ། སློབ་མ་​གཞན་མ་​ཀྱ་​ལེ་​གནས་ཚུལ་​དེ་བཤད་ནའང་​། མི་སུ་ཞིག་གིས་ཟང་ཁོ་གཉིས་ལེ་ཡིད་ཆེས་​མ་བྱས་པི་​དིག 14ཡང་​གནས་ཚུལ་​དེའི་​རྗེས། སློབ་མ་​བཅུ་གཅིག་​ཀྱ་​ཟ་མ་​བཟའ་རྒྱ། ཡེ་ཤུ་ཡང་དང་​ཁོང་​ཀྱ་​ཀྱི་​མདུན་​དུ་​སྐུ་མངོན་སུམ་​ཕེབས་​འོང་སྟེ། ཁོང་​གྲོངས་​ཏེ་​ཡང་དང་​སྐུ་གསོན་པོ་​བཞེངས་​འོད་​དི་​མཐོང་​མཁན་​མི་ཀྱ་​ཀྱིས་​བཤད་དི་​ལབ་​དེ་ལེ་​ཡིད་ཆེས་​མི་​བགྱིད་​མཁན་​ཀྱ་ལེ། ཡེ་ཤུས་ཁྱེད་​ཀྱ་​ནི་དད་པ་མེད་མེད་དིང་སེམས་​གྱོང་པོ་དེ་གི་ཅི་ཡིན་གོ་​ཟིན་གསུངས་ཏེ་བཀའ་བཀྱོན་​གནང་​པི་​དིག 15དེ་ནས་ཡེ་ཤུས་ད་ཁྱེད་​ཀྱ་འཇིག་རྟེན་​ཀུན་​ལེ་​ཕྱིན་​ཏེ། ངའི་​གཏམ་བཟང་​དེ་​མི་​ཀྱ་​ལེ་​ཤོད་ལེད་​ཅིག 16ཡང་མི་སུ་ཞིག་གིས་དད་པ་​བྱས་​ཏེ་ཁྲུས་​གསོལ་​ལེན་མཁན་​དེ་ཀྱ་ལེ་ཐར་པ་​འཐོབ་​ཀྱི་​དིག ཡང་​དད་པ་​མི་​བགྱིད་​མཁན་དེ་ཀྱ་ལེ་​ཉེས་ཆད་ཕོག་གྱི་​དིག 17-18ཡང་ངས་ཁྱེད་ཀྱ་ལེ་ངོ་མཚར་ཆེ་བའི་རྟགས་​དེ་​ཀྱ་​སྟེར་གྱི་ཡིན། ངའི་​མིང་​གི་བརྒྱུད་ནས་ཁྱེད་​ཀྱ་​ཀྱིས་​གདོན་འདྲེ་​བཏུལ་​ཐུབ་​པི་​དིང་​། སྐད་​རིགས་​གཞན་གྱི་སྐད་ལེ་ལབ་ཟེར་རི་མ་ཟད། དུག་སྦྲུལ་ལེ་ལག་གས་འཇུས་ནའང་​། དུག་སྦྲུལ་དེས་ཁྱེད་ཀྱ་ལེ་གནོད་སྐྱེལ་​ཐུབ་ཀྱི་མ་དིག ཡང་དུག་​འཐུང་​ནའང་​། ཁྱེད་ཀྱ་ཀྱི་སྲོག་ལེ་སྐྱོན་​འོང་​གྱི་མ་དིག ཡང་ནད་པའི་​ལུས་ལྟག་ག་​ལག་ག་​འབོར་​ནི། ནད་པ་​དེ་ཀྱ་དྲག་གྱི་དིག་ཟིན་​གསུངས་​པི་​དིག 19ཁོང་​ཀྱ་​ལེ་​འོ་འདི་གི་བཀའ་མོལ་​གནང་ཚར་རི་​རྗེས་​ལེ། དཀོན་མཆོག་གིས་ཡེ་ཤུ་​ནམ་མཁའི་ཞིང་མཁས་ལེ་དྲངས་​ཏེ། ཁོང་རང་དཀོན་མཆོག་གི་​ཕྱག་​གཡས་​ལེ་​བཞུགས་པི་དིག 20དེ་ནས་​སློབ་མ་​ཀྱ་​ཡུལ་ཕྱོགས་​ཀུན་ལེ་​ཕྱིན་​ཏེ། གཏམ་བཟང་​བཤད་དི་དིག ཡང་ཇོ་བོ་ཁོང་རང་​ཟང་​ཁོང་​ཀྱ་​དིང་​སྐྱེན་​ལེ་​ཕྱག་ལས་གནང་སྟེ། ངོ་མཚར་ཆེ་བའི་​རྟགས་​བསྟན་གནང་པི་མ་ཟད། གཏམ་བཟང་​དེ་​བདེན་པ་​ཡིན་​དི་​ར་སྤྲོད་གནང་པི་​དིག ། ། །

Currently Selected:

མར་ཀུ། 16: DLPO

Tya elembo

Kabola

Copy

None

Olingi kobomba makomi na yo wapi otye elembo na baapareyi na yo nyonso? Kota to mpe Komisa nkombo