མར་ཀུ། 15
15
ལེའུ་བཅོ་ལྔ།
ཡེ་ཤུ་སྤྱི་དཔོན་པི་ལ་ཏིའི་མདུན་དུ་ཁྲིད་པ།
1དེ་ནས་སྔ་དྲོ་ནམ་ལངས་ལོང་མེད་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི། ཆོས་ཁྲིམས་མཁས་པ་ཀྱ་དིང་། ཡང་གྲོས་ཚོགས་ཀྱི་མི་ཡེ་རེས་སྐྱེན་ལེ་གྲོས་སྡུར་བྱས་ཏེ། ཡེ་ཤུའི་ཕྱག་བཀྱིགས་ཏེ་སྤྱི་དཔོན་པི་ལ་ཏིའི་མདུན་དུ་ཁྲིད་དེ་ཁོའི་ལག་ལེ་གཏད་དི་དིག#15.1 རོ་མཱ་གོང་མའི་རྒྱལ་པོས་སཱ་མ་རི་ཡ། ཨི་དུམ་ཡཱ་དིང་། ཡ་དཱ་ཟེར་རི་ལུང་པ་གསུམ་དེ་སྤྱི་དཔོན་པི་ལ་ཏི་བསྐོས་ཏེ་བརྫངས་པི་དིག དེ་རྒྱ་རོ་མཱ་གོང་མའི་རྒྱལ་པོ་ཁོའི་མིང་ལེ་ཏི་པོ་རིའུ་ཟིན་འོད་དིག 2པི་ལ་ཏི་ཁོས་ཡེ་ཤུ་ལེ། ཁྱོད་རང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་དས་ཟིན་དྲིས་ཏེ། ཁོང་གིས་ཁྱེད་རང་གིས་འོ་འདི་གི་ཟིན་འདུག་ཟིན་གསུངས་པི་དིག 3ཡང་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ཀྱིས་ཟང་། ཡེ་ཤུ་ལེ་ནག་ཉེས་མང་པོ་བཙུགས་ཕེན། 4པི་ལ་ཏི་ཁོས། ལྟོས་དང་། མི་འདི་ཀྱ་ཀྱིས་ཁྱོད་ལེ་ནག་ཉེས་མང་པོ་འཛུག་གི་འདུག ཁྱོད་ལེ་ལན་རྒྱག་རྒྱུ་ཅི་གང་མེད་དས་ཟིན་དྲིས་ནའང་། 5ཡེ་ཤུས་ལན་ཅི་གང་མ་བརྒྱབ་ཕེན། པི་ལ་ཏི་ཁོང་རང་ཟང་ཧ་ལས་པི་དིག 6ཡང་ཡ་ཧུ་དཱ་པའི་སྲོག་ཐར་རི་དུས་ཆེན་དེ་ལེ། སྤྱི་དཔོན་པི་ལ་ཏི་ཁོས་མི་ཚོགས་ཀྱི་འདོད་པ་ཅོག་འདྲ་བཙོན་པ་གཅིག་གློད་གྲོལ་གཏོང་གི་ལུགས་སྲོལ་འོད་དིག 7ཡང་མིང་ལེ་པཱ་རབ་པཱ་ཟེར་མཁན་མི་ཞིག་འོད་དིག ཁོས་གཞུང་ལེ་ཟིང་འཁྲུག་སློང་མཁན་ཀྱ་ཀྱི་སྐྱེན་ལེ་མི་བསད་དི་རྐྱེན་གྱིས་དེ་རྒྱ། ཁོ་རང་བཙོན་པ་གཞན་མ་དིང་སྐྱེན་ལེ་བཙོན་ཁང་ལེ་འོད་དིག 8ཡང་མི་ཚོགས་ཀྱ་ཀྱིས་པི་ལ་ཏིའི་རྩ་ལེ་འཛོམས་འོངས་ཏེ། སྔོན་མའི་ལུགས་སྲོལ་ཅོག་འདྲ་བགྱིད་རོགས་ཟིན་ཞུ་བ་ཕུལ་ལི་དིག 9-10ཡིན་ནའང་། པི་ལ་ཏི་ཁོས་མཆོད་པ་འབུལ་མཁན་ཀྱ་ཀྱིས་ཡེ་ཤུ་ལེ་ཕྲག་དོག་བྱས་ཏེ། རང་ལེ་གཏད་དི་ཧ་གོ་ཕེན། འོ་ནེ། ངས་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཟེར་མཁན་འདི་གློད་གྲོལ་བཏང་ནི། ཁྱེད་ཀྱ་འདོད་པ་འོད་དས་ཟིན་སྐད་ཆ་དྲིས་པི་དིག 11ཡིན་ནའང་། མཆོད་པ་འབུལ་མཁན་ཀྱ་ཀྱིས་མི་ཚོགས་ལེ་ངན་བསྐུལ་བྱས་ཏེ་པཱ་རབ་པཱ་ཁོ་གློད་གྲོལ་གཏོང་རོགས་ཟིན་ཟེར་དུ་བཅུག་པི་དིག 12ཡང་དང་པི་ལ་ཏི་ཁོས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་དིག་ཟེར་མཁན་འདི་ལེ་ངས་ཅི་བགྱིད་རྒྱུ་ཟིན་དྲིས་ཕེན། 13མི་ཚོགས་དེ་ཀྱ་ཀྱིས་སྐད་ཆེན་པོ་བརྒྱབ་སྟེ། ཁོ་གདུང་མ་ཀུ་རུ་ཁ་ལེ་བརྒྱང་སྟེ་སོད་ཅིག་ཟིན་སྨྲས་པི་དིག 14ཡང་པི་ལ་ཏི་ཁོས། མི་ཚོགས་དེ་ཀྱ་ལེ། ཅི་ལེ། ཁོས་ལས་ངན་ཅི་བྱས་འདུག་གོ་ཟིན་དྲིས་ནའང་། མི་ཚོགས་ཀྱ་ཀྱིས་ས་ཁོ་གདུང་མ་ཀུ་རུ་ཁ་ལེ་བརྒྱང་སྟེ་སོད་ཅིག་ཟིན་སྔོན་མ་ལས་ལྷག་ཚོད་སྐད་ཆེན་པོ་རྒྱག་གྱོ་འོད་དིག 15ཡིན་ནའང་། པི་ལ་ཏི་ཁོས་མི་ཚོགས་ཞི་འཇམ་པོ་འོང་རྒྱུ་ཆེད་དུ། པཱ་རབ་པཱ་ཁོ་གློད་གྲོལ་བཏང་སྟེ། ཡེ་ཤུ་ལེ་ལྕག་ཚན་གཞུ་དུ་བཅུག་གི་མ་ཟད། གདུང་མ་ཀུ་རུ་ཁ་ལེ་སྲོག་ཐོག་གཏོང་རྒྱུ་ཆེད་དུ་དམག་མི་ཀྱ་ཀྱི་ལག་ལེ་གཏད་དི་དིག
དམག་མི་ཀྱ་ཀྱིས་ཡེ་ཤུ་ལེ་འཕྱམ་ཆ་བཏང་བ།
16དེ་ནས་དམག་མི་ཀྱ་ཀྱིས་སྤྱི་དཔོན་གྱི་ཕོ་བྲང་གི་དྭངས་རའི་ནང་ལེ་ཡེ་ཤུ་ཁྲིད་འོངས་པི་མ་ཟད། དམག་མི་གཞན་མ་ཡེ་རེ་ལེ་ཟང་དྭངས་ར་དེའི་ནང་ལེ་ཤོག་ཟིན་སྨྲས་པི་དིག#15.16 གེ་རིག་གི་ཟེར་ལུགས་ནང་ལེ་དྭངས་ར་དེའི་མིང་ལེ་ཕཱ་ཐོ་རམ་ཟིན་འོད་དིག 17དེ་ནས་དམག་མི་དེ་ཀྱ་ཀྱིས་ཡེ་ཤུའི་ལུས་ལེ། མདོག་རྒྱ་སྨུག་གི་ནམ་བཟའ་ཞིག་བསྐོན་པི་མ་ཟད། ཚེར་རྒྱུག་གིས་བསླས་པའི་རྒྱལ་པོའི་གཙུག་རྒྱན་ཅོག་འདྲ་ཞིག་ཁོང་གི་དབུ་ལེ་བསྐོན་པི་དིག#15.17 ཡ་ཧུ་དཱ་པའི་རྒྱལ་པོ་ཀྱ་ཀྱིས་ཁ་གྱོན་མདོག་རྒྱ་སྨུག་ཞིག་གྱོན་གྱོ་འོད་དིག 18ཡང་དམག་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ་ཕྱག་རྒྱལ་བགྱིད་མདོག་མདོག་བྱས་ཏེ། ཡ་ཧུ་དཱ་པའི་རྒྱལ་པོ་ཁྱེད་ལེ་ཕྱག་འཚལ་ལོ་ཟིན་འཕྱམ་ཆ་བཏང་པི་མ་ཟད། 19ཁོང་གི་དབུ་ལེ་རྒྱུག་པ་གཞུ་ལས་གཞུ་ལས་བྱས་ཏེ། ངོ་གདོང་ལེ་མཆིལ་མ་གཏོར་པི་དིག ཡང་མི་དེ་ཀྱ་ཀྱིས་པུས་མོ་ས་ལེ་བཙུགས་ཏེ་ཁོང་ལེ་ཕྱག་རྒྱལ་བགྱིད་མདོག་མདོག་བྱས་པི་དིག 20ཁོང་ལེ་འོ་འདི་གི་བརྙས་བཅོས་དིང་འཕྱམ་ཆ་བཏང་ཚར་རི་རྗེས་ལེ། ཁོང་ལེ་བསྐོན་པའི་ནམ་བཟའ་རྒྱ་སྨུག་དེ་ཐེན་ཏེ་བུད་དི་མ་ཟད། ཁོང་གིས་གྱོན་པའི་ནམ་བཟའ་དེ་གྱོན་དུ་བཅུག་པི་མ་ཟད། གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་གཟེར་རྒྱག་རྒྱུ་ཆེད་དུ་ཕ་ལེ་ཁྲིད་དི་དིག
ཡེ་ཤུ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བཀྲོངས་པ།
21དུས་དེ་རྒྱ་ཨ་ལིག་ཟན་ཌེར་དིང་རུ་ཕུ་སུ་ཟེར་མཁན་བི་ས་སྤུན་གཉིས་ཀྱི་ཨ་ཀྱི་སི་མོན་ཁོ་རང་ནི་ཀི་རེ་ནེ་ཟེར་རི་རྒྱལ་ས་ནས་ཡིན་དིག དུས་དེ་རྒྱ་ཁོ་རང་གྲོང་གསེབ་ནས་འོངས་ཏེ། ས་ཆ་འདིའི་བརྒྱུད་ནས་འགྲོ་འོད་ཕེན། དམག་མི་དེ་ཀྱ་ཀྱིས་ཁོ་ལེ་བཙན་དབང་བཏང་སྟེ། ཡེ་ཤུ་དགྲོང་སའི་ གདུང་མ་ཀུ་རུ་ཁ་ འདི་ཁོ་ལེ་འཁུར་དུ་བཅུག་པི་དིག 22ཡང་དེའི་རྗེས་ལེ་ཁོང་ཀྱ་ཀྱིས་གོལ་གོ་ཐ ་ཟེར་རི་ས་ཆ་དེ་ཡེ་ཤུ་འཁྲིད་དེ་སླེབས་པི་དིག ཡང་ཡུལ་མི་ཀྱ་ཀྱིས་ས་ཆ་དེའི་མིང་ལེ་ཀ་པཱ་ལི་ཟིན་འོད་དིག#15.22 ཀ་པཱ་ལི་ས་ཆ་ཟེར་རི་དོན་དེ་ནི། མི་མཁས་པ་ཁ་ཤས་ཀྱིས་ཟེར་ཚུལ་ལེ་ལྟས་ནི། ས་ཆ་དེ་ནི་བྲག་རོངས་ཡིན་དི་དིང་། ཡང་ས་ཆ་དེའི་དབྱིབ་དེ་ནི། ཀ་པཱ་ལི་ཅོག་འདྲ་འོད་ཕེན། ཀ་པཱ་ལི་ས་ཆ་ཟིན་མིང་བཏགས་པི་ཡིན་དིག་ཟིན་འདུག ཡང་ཨིབ་རུ་ཟེར་ལུགས་ནང་ལེ་ཀ་པཱ་ལི་ས་ཆ་དེ་ལེ། གོལ་གོ་ཐ་ཟིན་འོད་དིག 23དེ་ནས་དམག་མི་ཀྱ་ཀྱིས་ཡེ་ཤུ་ལེ་གུ་གུལ་ཟེར་རི་རྩྭ་སྨན་བསྲེས་འོད་ཡོད་རྒུན་ཆང་ཞིག་ཟུག་ཆོག་ཐུབ་རྒྱུ་ཆེད་དུ་བྱིན་ནའང་། ཁོང་གིས་དེ་བཞེས་མ་གནང་པི་དིག 24དེ་ནས་དམག་མི་ཀྱ་ཀྱིས་ཡེ་ཤུ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་པི་དིག ཡང་དམག་མི་ཀྱ་ཀྱིས་ཡེ་ཤུའི་ནམ་བཟའ་དེ་མི་སུ་སུ་ལེ་ཐོབ་གྱོ་འོད་མེད་རྒྱན་བརྒྱབ་ཏེ་བགོས་པི་དིག 25དམག་མི་ཀྱ་ཀྱིས་ཡེ་ཤུ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་ཏེ་བོར་རི་དུས་ཚོད་དེ་ནི། ཞོགས་པའི་ཆུ་ཚོད་དགུ་པ་ཡིན་དིག 26ཡང་དམག་མི་ཀྱ་ཀྱིས་ཤིང་ལེབ་ཞིག་གི་ལྟག་ག་ལེ། ཡ་ཧུ་དཱ་པའི་རྒྱལ་པོ་ཟིན་བྲིས་ཏེ། གདུང་མ་ཀུ་རུ་ཁའི་རྩེ་ལེ་གཟེར་བརྒྱབ་སྟེ་བོར་འོད་དིག 27ཡང་ཡེ་ཤུའི་གཡས་གཡོན་ལེ་ཇག་པ་གཉིས་ཟང་གདུང་མ་ཀུ་རུ་ཁ་རེ་རེ་ལྟག་ག་ལེ་བརྒྱངས་ཏེ་བོར་འོད་དིག 28ཡང་གསུང་རབ་ནང་ལེ་ཟང་། ཁོང་ནི་ནག་ཉེས་ཀྱི་གྲས་ལེ་བརྩིས་ཀྱི་དིག་ཟིན་གསུངས་པི་ཅོག་འདྲ་གྲུབ་པི་དིག 29-30ས་ཆ་དེའི་བརྒྱུད་ནས་ཡར་འགྲོ་མར་འགྲོ་བགྱིད་མཁན་མི་ཀྱ་ཀྱིས་ཁོང་ལེ་འཕྱམ་ཆ་གཏོང་གི་མ་ཟད། མགོ་བོ་གཡུག་གཡུག་བྱས་ཏེ། ཧ་ཧ་ཧ། མཆོད་ཁང་ཆེན་པོ་དེ་བཤིག་སྟེ་ཉིན་གསུམ་གྱི་ནང་ལེ། ཡང་དང་གསར་པ་རྩིག་གི་ཡིན་ཟེར་མཁན་ཁྱོད་ཀྱིས་ད་ལྟ་རང་གིས་རང་ལེ་སྐྱོབས་དང་། གདུང་མ་ཀུ་རུ་ཁ་ནས་མར་བོབས་ལེད་ཟེར་རི་མ་ཟད། 31-32ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པའི་མི་ཀྱ་ཀྱིས་ཟང་། མི་དེ་ཀྱ་དིང་སྐྱེན་ལེ་ཡེ་ཤུ་ལེ་འཕྱམ་ཆ་གཏང་སྟེ། ཁོས་མི་གཞན་ལེ་སྐྱོབ་ཐུབ་ནའང་། རང་གིས་རང་ལེ་སྐྱོབ་མི་ཐུབ་འོད་དིག་ཟིན་ཕན་ཚུན་བར་ལབ་གླེང་བགྱིད་དི་དིང་། ཡང་ཡི་སི་ར་ཨེལ་གྱི་རྒྱལ་པོ་དིང་སྐྱབས་མགོན་ཡིན་ཟེར་མཁན་ཁྱོད་རང་ད་ལྟ་རང་གདུང་མ་ཀུ་རུ་ཁ་ནས་མར་བོབས་ལེད། གནས་ཚུལ་དེ་ཉེད་ཀྱ་ཀྱི་མིག་གིས་མངོན་སུམ་མཐོང་ནི། ཁྱོད་ལེ་ཡིད་ཆེས་བགྱིད་ཀྱི་ཡིན་ཟིན་འོད་དིག ཡང་ཡེ་ཤུའི་སྐྱེན་ལེ་གདུང་མ་ཀུ་རུ་ཁ་རེ་རེ་ལེ་ལྟག་ག་ལེ་བརྒྱངས་ཏེ་བོར་འོད་ཡོད་ཇག་པ་དེ་གཉིས་ཀྱིས་ཟང་ཡེ་ཤུ་ལེ་འོ་དེ་གི་ཅོག་འདྲ་སྨྲས་པི་དིག
ཡེ་ཤུ་སྐུ་གྲོངས་པ།
33དེ་ནས་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ནས་དགོང་མོའི་ཆུ་ཚོད་གསུམ་པ་བར་དུ་ལུང་པ་ཡེ་རེ་མུན་ནག་བྱུང་སྟེ། 34ཆུ་ཚོད་གསུམ་པ་ལེ་ཡེ་ཤུས་གསུང་སྐད་ཆེན་པོས་ངང་ནས། ཨེ་ལོ་ཨི། ཨེ་ལོ་ཨི། ལཱ་མཱ་སཱ་པཱག་ཐཱ་ནེ་ཟིན་གསུངས་པི་དིག དོན་དག་དེ་ནི། ངའི་དཀོན་མཆོག ངའི་དཀོན་མཆོག ཁྱེད་ཀྱིས་ང་གཅིག་རང་ལེ་ཅི་ལེ་གཡུགས་གནང་གི་ཡིན་དོ་ཟེར་རི་དིག#15.34 ཟེར་ལུགས་འདི་ནི་ཡེ་ཤུ་ཁོང་རང་གི་ཡུལ་སྐད་ཨ་རཱ་མེག་ཟེར་ལུགས་ཡིན་དིག (ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 22 ཨང་ 1 ནང་ལེ་གཟིགས་རོགས།) 35དེ་ནས་ཁོང་གི་ཉེ་འགྲམ་ལེ་འོད་ཡོད་མི་ཁ་ཤས་ཞིག་གིས། ལྟོས་དང་། ཁོས་ལུང་སྟོན་པ་ཨེ་ལི་ཡཱ་སྐད་གཏོང་གི་འདུག་ཟིན་གོ་ནོར་ཐེབ་པི་དིག 36ཡང་མི་གཅིག་ཕར་རྒྱུགས་ཕྱིན་ཏེ། བལ་ཞིག་རྒུན་ཆང་སྐྱུར་མའི་ནང་ལེ་སྤངས་པའི་རྗེས་ལེ། རྒྱུག་པའི་རྩེ་ལེ་བཀལ་ཏེ་ཡེ་ཤུ་ལེ་འཇིབ་ཏུ་འཇུག་རྒྱ། ཁོས་རང་གིས་རང་ལེ། ཅུང་མ་ཞིག་སྒུག་ཅིག ཨེ་ལི་ཡཱ་འོང་སྟེ་ཁོང་རང་གདུང་མ་ཀུ་རུ་ཁ་ནས་མར་འབེབས་དུ་ཕེབས་མི་ཕེབས་ལྟ་འོ་ཟིན་གཅིག་ལབ་རྒྱག་གྱོ་འོད་དིག 37དེ་ནས་ཡེ་ཤུས་གསུང་སྐད་ཆེན་པོ་ཞིག་བསྐྱོན་ཏེ་ཁོང་དབུགས་ཆད་དི་དིག 38ཡང་དེ་རྒྱ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་སྒོ་ཡོལ་དེ་ཟང་རྩེ་ནས་མཇུག་ཐུབ་དུམ་བུ་གཉིས་ལེ་རལ་བུད་དི་དིག 39དེ་ནས་ཁོང་གི་ཕུང་པོའི་ཁབ་གཏད་ནས་ཡར་ལངས་ཏེ་བསྡད་འོད་ཡོད་དམག་མི་བརྒྱ་དཔོན་ཁོས་ཡེ་ཤུ་ཅི་གི་བྱས་ཏེ་གྲོངས་པི་དེ་མཐོང་སྟེ། མི་འདི་ནི་བདེན་པ་ངོ་ཐོག་དཀོན་མཆོག་གི་སྲས་ཡིན་དིག་ཟིན་སྨྲས་པི་དིག 40ཡང་རྒྱང་ནས་ཁོང་གི་ཕུང་པོ་ལེ་བལྟས་ཏེ་བསྡད་འོད་ཡོད་བུ་མའ་ཀྱ་ཀྱི་ནང་ནས་མག་དལ་ཡུལ་གྱི་མིར་ཡམ་དིང་། ཡ་ཀོབ་ཆུང་ང་དིང་། ཡོ་སེབ་ཁོ་གཉིས་ཀྱི་ཨ་མ་མིར་ཡམ། ཡང་ས་ལོ་མེ་ཟེར་རི་བུ་མའ་གསུམ་པོ་དེ་ཀྱ་ཟང་དེ་རུ་འོད་དིག 41བུ་མའ་གསུམ་པོ་དེ་ཀྱ་ནི་ཡེ་ཤུ་ག་ལིལ་ལུང་པ་ལེ་བཞུགས་གནང་རྒྱ། ཁོང་གི་རྗེས་ལེ་འབྲངས་ཏེ་ཞབས་ཕྱི་ཞུ་མཁན་ཀྱ་ཡིན་དིག ཡང་དེ་སྔོན་ཡེ་ཤུ་ཡེ་རུ་ས་གླིང་རྒྱལ་ས་ལེ་འགྲོ་རྒྱ། ཁོང་གི་སྐྱེན་ལེ་འགྲོ་མཁན་བུ་མའ་གཞན་མ་ཀྱ་ཟང་ཆ་ས་དེ་རུ་འོད་དིག
ཡེ་ཤུའི་སྐུ་ཕུང་བྲག་ཕུག་ནང་ལེ་སྦས་པ།
42-43ཡང་དུས་དེ་རྒྱ་སྲོད་རུབ་འགྲོ་འོད་དི་མ་ཟད། ཉིན་མ་དེ་ནི་གྲ་སྒྲིགས་ཀྱི་ཉིན་མོ་ཡིན་དི་དིང་། ཡང་ངལ་གསོ་བའི་ཉིན་མོ་ཡིན་དིག ཡང་ཉིན་མ་འདི་ལེ་ཡུལ་ཨ་རི་མ་ཐཱ་ནས་ཡིན་དི་མིའི་མིང་ལེ་ཡོ་སེབ་ཟེར་མཁན་ཞིག་འོད་དིག ཁོ་རང་ཡ་ཧུ་དཱ་པའི་ཆོས་ཀྱི་གྲོས་ཚོགས་ཀྱི་ཁོངས་མི་ཞིག་ཟང་ཡིན་དི་མ་ཟད། ཁོ་ནི་དཀོན་མཆོག་གི་རྒྱལ་ཁབ་འོང་རྒྱུ་དེ་ལེ་སྒུག་སྟེ་སྡོད་མཁན་ཞིག་ཟང་ཡིན་དིག དེ་ནས་ཁོས་བློ་ཁོག་ཆེན་པོ་བྱས་ཏེ། པི་ལ་ཏིའི་དྲུང་དུ་ཕྱིན་ཏེ། ཡེ་ཤུའི་སྐུ་ཕུང་ང་ལེ་གནང་རོགས་ཟིན་ཞུས་པི་དིག 44དེ་ནས་པི་ལ་ཏི་ཁོས་ཡེ་ཤུ་གྲོངས་ཚར་རི་ལབ་དེ་ཐོས་ཏེ་ཡ་མཚན་སྐྱེས་ཏེ། དམག་མི་བརྒྱ་དཔོན་ཁོ་ཤོག་སྨྲས་ཏེ། ཁོ་ཤི་ཚར་དིང་མ་ཚར་སྐོར་ལེ་སྐད་ཆ་དྲིས་པི་དིག 45དེ་ནས་བརྒྱ་དཔོན་ཁོས་པི་ལ་ཏི་ལེ། ཡེ་ཤུ་གྲོངས་ཚར་རི་གནས་ཚུལ་དེ་བཤད་དི་རྗེས་ལེ། པི་ལ་ཏི་ཁོས་ཡེ་ཤུའི་སྐུ་ཕུང་དེ་ཡོ་སེབ་ལེ་གཏོད་རྒྱུ་ཆོག་མཆན་གནང་པི་དིག 46དེ་ནས་ཡོ་སེབ་ཀྱིས་ཡེ་ཤུའི་སྐུ་ཕུང་གདུང་མ་ཀུ་རུ་ཁ་ནས་མར་བླངས་ཏེ། ཁོས་ཉོས་པའི་འབུ་རས་དེ་ལེ། ཡེ་ཤུའི་སྐུ་ཕུང་བསྒྲིལ་ལི་རྗེས་ལེ། བྲག་ལེ་བརྐོས་བརྒྱབ་པའི་བྲག་ཕུག་ཞིག་གི་ནང་ལེ་སྦས་ཏེ། ཕོང་གན་ཆེན་པོ་ཞིག་གི་བྲག་ཕུག་དེའི་ཁ་བཀག་སྟེ་བོར་རི་དིག 47ཡང་མག་དལ་ཡུལ་གྱི་མིར་ཡམ་དིང་། ཡོ་སེབ་གྱི་ཨ་མ་མིར་ཡམ་ཁོ་གཉིས་ཀྱིས་ཡོ་སེབ་ཀྱི་རྗེས་ལེ་འབྲང་འོང་སྟེ། ཡེ་ཤུའི་སྐུ་ཕུང་དེ་བྲག་ཕུག་ག་ན་ལེ་སྦས་འོད་མེད་མཐོང་པི་དིག །
Currently Selected:
མར་ཀུ། 15: DLPO
Tya elembo
Kabola
Copy

Olingi kobomba makomi na yo wapi otye elembo na baapareyi na yo nyonso? Kota to mpe Komisa nkombo
© 2023 Wycliffe Bible Translators, Inc. All rights reserved.