མར་ཀུ། 12
12
ལེའུ་བཅུ་གཉིས།
རྒུན་འབྲུམ་སྡོང་པོའི་དཔེ་སྐོར།
1དེ་ནས་ཡང་ཡེ་ཤུས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པ་ཀྱ་ལེ་དཔེའི་བརྒྱུད་ནས་མི་ཞིག་གིས་རྒུན་འབྲུམ་སྡོང་པོ་མང་པོ་བཙུགས་པི་དིག ཡང་རྒྱུན་འབྲུམ་གྱི་ཞིང་དེའི་ཕྱོགས་བཞི་ལེ་གྱང་བསྐོར་རི་མ་ཟད། ས་བྲུས་ཏེ་དེ་ལེ་ཞལ་ལ་བརྒྱབ་སྟེ་རྒུན་འབྲུམ་འཚིར་ས་དོང་ཆེན་པོ་ཞིག་ཟང་བཟོས་པི་དིག ཡང་ཁོས་གྱང་དེའི་ཕྱི་ལེ་སོ་རྒྱག་མཁན་སྡོད་ས་ཐོག་ཁང་ཞིག་ཟང་བརྒྱབ་པི་དིག དེ་ནས་རྒུན་འབྲུམ་བཙུགས་པི་ཞིང་དེ་མི་གཞན་མ་ལེ་ཕྱེད་འདེབས་བཏང་སྟེ། ཁོ་རང་ལུང་པ་གཞན་མ་ཞིག་ལེ་བུད་དི་དིག 2དེ་ནས་རྒུན་འབྲུམ་སྨིན་པའི་དུས་དེ་སླེབས་ཕེན། དག་པོ་ཁོས་རང་ལེ་ཐོབ་འོད་ཡོད་ཕྱེད་འདེབས་དེ་ལེན་དུ། གཡོག་པོ་ཞིག་བརྫངས་པི་དིག 3ཡིན་ནའང་། མི་དེ་ཀྱ་ཀྱིས་ཕྱེད་འདེབས་ལེན་དུ་འོང་མཁན་གཡོག་པོ་ཁོ་ལེ་རྡུངས་ཏེ། ལག་པ་སྟོང་པོ་ཕ་ལེ་ལོག་བརྫངས་པི་དིག 4ཡང་ཁོང་གིས་གཡོག་པོ་གཞན་མ་ཞིག་བརྫངས་ཕེན། ཁོ་ལེ་ཟང་མི་དེ་ཀྱ་ཀྱིས་མཐོང་ཆུང་བྱས་པི་མ་ཟད། ཁོའི་མགོ་ལེ་རྨས་སྐྱོན་ཆེན་པོ་བཟོས་ཏེ་ལོག་བརྫངས་པི་དིག 5ཡང་ཁོང་གིས་གཡོག་པོ་གཞན་མ་ཞིག་བརྫངས་ཕེན། ཁོ་ལེ་ཟང་མི་དེ་ཀྱ་ཀྱིས་རུབ་སྟེ་བསད་དི་དིག དེ་ནས་ཁོས་གཡོག་པོ་དེ་མིན་པ་མང་པོ་ཞིག་བརྫངས་ནའང་། མི་དེ་ཀྱ་ཀྱིས་གཡོག་པོ་ལ་ལ་ལེ་བརྡུངས་པི་མ་ཟད་ཡང་ལ་ལ་བསད་དི་དིག 6ཁོང་ལེ་ད་རུང་གཅེས་པོ་བགྱིད་ས་བི་ས་གཅིག་རང་གཅིག་འོད་དིག མཇུག་མཐའ་མ་ཁོང་གིས་ངའི་བི་ས་འདི་བརྫངས་པི་ཡིན་ནི། མི་དེ་ཀྱ་ཀྱིས་ངའི་བི་ས་ལེ་བརྩི་བཀུར་བགྱིད་ཀྱི་དིག་ཟིན་བརྫངས་པི་དིག 7-8ཡིན་ནའང་། མི་དེ་ཀྱ་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལེ། བི་ས་དེ་ནི་ཨ་ཀྱིའི་ཤུལ་འཛིན་མཁན་ཡིན་དིག ད་ཁོ་བསད་བོར་རི་ཡིན་ནི། ཤུལ་གྱི་རྒྱུ་ནོར་དིང་རྒུན་འབྲུམ་གྱི་ཞིང་འདི་ཡེ་རེ་འུ་ཀྱ་ལེ་འཐོབ་ཀྱི་དིག་ཟིན་བི་ས་དེ་ཟང་བསད་དེ། ཁོའི་རོ་རྩིག་པའི་ཕྱི་ལེ་གཡུགས་བོར་རི་དིག 9ད་རྒུན་འབྲུམ་གྱི་ཞིང་གི་བདག་པོ་ཁོས་ཅི་བགྱིད་འོད་དིག་སེམས་ཀྱི་གོ། ཁོང་རང་ཕེབས་ཏེ་ཕྱེད་འདེབས་གཏོང་སའི་མི་དེ་ཀྱ་རྩ་མེད་བཏང་སྟེ། རྒུན་འབྲུམ་གྱི་ཞིང་དེ་མི་གཞན་མ་ཞིག་ལེ་ཕྱེད་འདེབས་གཏོང་གྱི་དིག 10-11དཀོན་མཆོག་གི་གསུང་རབ་ནང་ལེ།
རྩིག་དཔོན་ཀྱ་ཀྱིས་མ་ལོས་པའི་རྡོ། །
ཁང་པའི་རྨང་རྡོར་ལེ་གྱུར་བ་འདི། །
ཇོ་བོ་ཁོང་རང་གིས་མཛད་པ་ཡིན། །
ཉེད་ཀྱ་ཀྱིས་མིག་ལེ་ངོ་མཚར་ཆེའོ། །
ཟིན་བྲིས་པི་དེ་ཁྱེད་ཀྱ་ཀྱིས་བསྒྲོགས་མྱོང་མེད་དས་ཟིན་གསུངས་པི་དིག#12.10-11 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 118 ཨང་ 22-23 ནང་ལེ་གཟིགས་རོགས། 12ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པ་དིང་། ཡང་རྒན་མི་ཀྱ་ཀྱིས་ཕྱེད་འདེབས་ཀྱི་དཔེ་དེ་ནི། ཁོང་ཀྱ་ཀྱི་སྐོར་ལེ་ཟེར་རི་ཡིན་དི་ཧ་གོ་སྟེ། ཡེ་ཤུ་ལེ་འཛིན་བཟུང་བགྱིད་དགོས་བསམས་ནའང་། མི་ཚོགས་ཀྱ་ལེ་འཇིགས་ཕེན། ཡེ་ཤུ་དིང་ཁ་བྲལ་ཏེ་ལོག་བུད་དི་དིག
ཁྲལ་མཇལ་ལི་སྐོར།
13ཡང་ཡ་ཧུ་དཱ་པའི་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ་ཁྲིམས་དིང་འགལ་ལི་སྐད་ཆ་ཤོད་དུ་འཇུག་རྒྱུ་ཆེད་དུ། ཕཱ་རུ་ཤི་པ་དིང་ཧེ་རོ་དཱེའི་མི་ཁ་ཤས་ཞིག་ཁོང་གི་དྲུང་དུ་བརྫངས་པི་དིག 14མི་དེ་ཀྱ་ཡེ་ཤུ་དྲུང་དུ་འོངས་ཏེ། སློབ་དཔོན། ཁྱེད་ནི་རང་གཤིས་དྲང་པོ་དིང་། ཁྱེད་ཀྱིས་མིའི་ཕྱིའི་རྣམ་པ་ལེ་གཟིགས་མི་གནང་འོད་དི་མ་ཟད། མི་ཀུན་ལེ་ཕྱོགས་རིས་མེད་དི་བརྒྱུད་ནས་དཀོན་མཆོག་གི་ལམ་ཡང་དག་པར་སྟོན་གནང་གྱོ་འོད་དི་ནི་ཉེད་ཀྱ་ཀྱིས་ཧ་གོ་བྱུང་། འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་ཆོས་ཁྲིམས་ཅོག་འདྲ་བྱས་ནི། ད་ལྟ་ཉེད་ཀྱ་ཀྱིས་རྒྱལ་པོ་སེ་བཟིར་ལེ་ཁྲལ་འབུལ་དགོས་འོད་དི་གོ་མེད་དི་གོ། 15ཉེད་ཀྱ་ཀྱིས་ཁོང་ལེ་ཁྲལ་འབུལ་རྒྱུ་ཡང་ནི། མི་འབུལ་རྒྱུ་ཟིན་དྲིས་པི་དིག ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ཀྱི་ཁྲམ་གཡོ་སྒྱུ་དེ་མཁྱེན་ཏེ། ཁྱེད་ཀྱ་ཀྱིས་ཅི་ལེ་ང་ལེ་ཉམས་ཚོད་ལེན་དི་ཡིན་དོ། དངུལ་ཊང་གཅིག་འདི་རུ་ཁྱེར་ལེད་དང་། ངས་བལྟ་བོ་ཟིན་གསུངས་ཕེན། 16མི་དེ་ཀྱ་ཀྱིས་དངུལ་ཊང་གཅིག་ཁྱེར་འོངས་ཏེ་ཁོང་ལེ་གཏད་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། ཊང་ཀ་འདི་ལེ་བྲིས་པའི་རི་མོ་དིང་ཡི་གེ་འདི་སུའི་ཡིན་གོ་ཟིན་དྲིས་ཏེ། མི་དེ་ཀྱ་ཀྱིས་རྒྱལ་པོ་སེ་བཟིར་གྱི་ཡིན་དིག་སྨྲས་པི་དིག 17ཡང་ཡེ་ཤུས་རྒྱལ་པོའི་ཡིན་དི་དེ་རྒྱལ་པོ་ལེ་ཕུལ། དཀོན་མཆོག་གི་ཡིན་དི་དེ་དཀོན་མཆོག་ལེ་ཕུལ་ཅིག་ཟིན་གསུངས་ཕེན། མི་དེ་ཀྱ་ཀྱིས་ཁོང་ལེ་ངོ་མཚར་ཆེན་པོ་སྐྱེས་པི་དིག
འཆི་བ་ནས་ཡང་དང་གསོན་པའི་སྐོར།
18དེ་ནས་ཡང་གཤིན་པོ་ཀྱ་ཡང་དང་གསོན་རྒྱུ་མེད་ཟེར་མཁན་སཱ་ཅུ་སེ་པའི་ཆོས་ལུགས་ཀྱི་མི་ཁ་ཤས་ཞིག་ཡེ་ཤུ་དྲུང་དུ་འོངས་ཏེ། 19སློབ་དཔོན། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ནང་ལེ། གལ་སྲིད་སྐྱེས་པ་ཞིག་ལེ་བུ་ཕྲུག་མ་བྱུང་སྟེ་ཤི་རེ་ཁོའི་བུད་མེད་དེ་གཅིག་རང་ལེ་ལུས་ནི། ཤི་མཁན་ཨ་ཇོའི་ཆེད་དུ་བུད་མེད་དེ་ནུ་བོས་མནའ་མ་བླངས་ཏེ། ཨ་ཇོའི་ཚབ་ལེ་རིགས་རྒྱུད་སྤེལ་དགོས་འོད་དིག་ཟིན་གསུངས་འོད་དིག 20དཔེར་ན། ད་བི་ས་སྤུན་བདུན་འོད་དི་ཡིན་ནི། ཨ་ཇོ་ཆེ་ཤོས་ཀྱིས་མནའ་མ་བླངས་པི་དིག ཡིན་ནའང་། ཨ་ཇོ་ཁོ་རང་ལེ་བུ་ཕྲུག་གཅིག་ཟང་མ་སྐྱེས་ཏེ་ཤི་པི་དིག 21ཡང་ནུ་བོ་ཁོས་ཟང་ཨ་ཇོའི་བུད་མེད་དི་རང་གི་མནའ་མ་བླངས་པི་དིག ཡིན་ནའང་། ནུ་བོ་ཁོ་ལེ་ཟང་བུ་ཕྲུག་གཅིག་ཟང་མ་སྐྱེས་ཏེ་ཤི་པི་དིག ཡང་ནུ་བོ་བར་ཀ་ཁོས་ཟང་ཨ་ཇོའི་བུད་མེད་དི་རང་གི་མནའ་མ་ལེ་བླངས་པི་དིག ཡིན་ནའང་། ཁོ་རང་ལེ་ཟང་བུ་ཕྲུག་གཅིག་ཟང་མ་སྐྱེས་ཏེ་ཤི་པི་དིག 22ད་འོ་དེ་གི་ཅོག་འདྲ་བྱས་ཏེ། བི་ས་སྤུན་བདུན་ཀ་ཀྱིས་བུད་མེད་གཅིག་གི་ཐོག་ལེ་བསྡད་ནའང་། བི་ས་སྤུན་བདུན་ཀ་ལེ་བུ་ཕྲུག་གཅིག་ཟང་མ་སྐྱེས་ཏེ་ཤི་པི་མ་ཟད། མཇུག་མཐའ་མ་བུད་མེད་མོ་རང་ཟང་ཤི་པི་དིག 23ད་གཤིན་པོ་ཀྱ་ཡང་དང་གསོན་པོ་འོང་རྒྱ། བུད་མེད་དེ་ནི་སྤུན་བདུན་ཀ་ཀྱི་མནའ་མ་བྱས་ཕེན། ད་སྤུན་བདུན་པོའི་དེ་ཀྱ་ཀྱི་ནང་ནས་མོ་རང་སུའི་མནའ་མ་ཡིན་གོ་ཟིན་དྲིས་ཕེན། 24ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་གསུང་རབ་ཀྱི་དོན་དེ་ཧ་མ་གོ་པི་མ་ཟད། དཀོན་མཆོག་ལེ་གཤིན་པོ་ཀྱ་ཡང་དང་གསོན་དུ་འཇུག་རྒྱུ་ནུས་པ་འོད་དི་ཟང་། ཁྱེད་ཀྱ་ཀྱིས་མ་ཤེས་པི་མ་གས། 25ཅི་ལེ་ཟེར་ནི། གཤིན་པོ་ཀྱ་ཡང་དང་གསོན་པོ་འོང་རྒྱ། མི་ཀྱ་ཀྱིས་མནའ་མ་ཟང་མི་ལེན་འོད་དིག ཡང་སློང་ཆང་ཟང་མི་བསྐྱལ་འོད་ཕེན། དེ་ཀྱ་ནི་དཀོན་མཆོག་གི་ཕོ་ཉ་ཀྱ་དིང་ཅོག་འདྲ་ཡིན་དིག 26ཡིན་ནའང་། གཤིན་པོ་ཀྱ་ཡང་དང་གསོན་པོ་འོང་རྒྱ། དཀོན་མཆོག་གིས་མེ་རླབས་སྡོང་པོའི་ནང་ནས། ང་ནི་ཁྱེད་ཀྱ་ཀྱི་མེས་མེས་ཨབ་ར་ཧམ་གྱི་དཀོན་མཆོག་དིང་། ཨི་སཱག་ཀྱི་དཀོན་མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཟིན་གསུངས་པི་དེ། ཁྱེད་ཀྱ་ཀྱིས་མོ་ཤེས་བྲིས་པའི་མདོ་ནང་ལེ་བསྒྲོགས་མྱོང་མེད་དས།#12.26 ཚིགས་བཅད་འདི་ནི་མོ་ཤེས་བྲིས་པའི་མདོ་གཉིས་པ་སྡེབ་ཐོན་ལེའུ་། 3 ཨང་ 6 ནང་ལེ་གཟིགས་རོགས། 27ཁོང་ནི་གཤིན་པོ་ཀྱ་ཀྱི་དཀོན་མཆོག་མ་དིག ཡིན་ནའང་། གསོན་པོ་ཀྱ་ཀྱི་དཀོན་མཆོག་ཡིན་དིག ཁྱེད་ཀྱ་ཀྱིས་གོ་བ་ནོར་པི་དིག་ཟིན་གསུངས་པི་དིག
ཆོས་ཁྲིམས་ནང་ནས་གལ་ཆེ་ཤོས་ཀྱི་སྐོར།
28དེ་རྒྱ་ཡ་ཧུ་དཱ་པའི་ཆོས་ཁྲིམས་མཁས་པའི་མི་ཞིག་གིས་ཟང་ཡེ་ཤུས་མི་དེ་ཀྱ་ལེ་ལན་དགའ་མོ་རྒྱག་གི་ཐོས་པི་དིག དེ་ནས་ཆོས་ཁྲིམས་མཁས་པ་ཁོ་ཡེ་ཤུའི་དྲུང་དུ་འོངས་ཏེ། ཁོས་ཡེ་ཤུ་ལེ་ཆོས་ཁྲིམས་ནང་ནས་གལ་ཆེ་ཤོས་དེ་ཅི་ཡིན་གོ་ཟིན་དྲིས་པི་དིག 29དེ་ནས་ཡེ་ཤུས་ཁོ་ལེ། ངའི་མི་རིགས་ཡི་སི་ར་ཨེལ་པ་ཀྱ་དགའ་མོ་བྱས་ཏེ་ཉོན་ཅིག ཆོས་ཁྲིམས་ནང་ནས་གལ་ཆེ་ཤོས་དང་པོ་དེ་ནི། ཇོ་བོ་དཀོན་མཆོག་ནི་གཅིག་མ་གཏོགས་མེད་དིག ཁོང་ནི་འུའི་ཇོ་བོ་དཀོན་མཆོག་ཡིན་དིག 30ཁྱེད་ཀྱ་ཀྱིས་རང་གི་ཇོ་བོ་དཀོན་མཆོག་ལེ་ལུས་ངག་ཡིད་གསུམ་ངང་ནས་བྱམས་དིང་བརྩི་བཀུར་གྱིས་ཤིག#12.30 ཚིགས་བཅད་འདི་ནི་མོ་ཤེས་བྲིས་པའི་མདོ་ལྔ་པ་ཆོས་ཁྲིམས་ལེའུ་ 6 ཨང་ 5 ནང་ལེ་གཟིགས་རིགས། 31ཆོས་ཁྲིམས་གཉིས་པ་དེ་ནི། ཁྱེད་ཀྱ་ཀྱིས་རང་གིས་རང་ལེ་གཅེས་པོ་བགྱིད་དི་ཅོག་འདྲ། རང་གི་ཁྱིམ་མཚེས་ལེ་གཅེས་པོ་གྱིས་ཤིག དེ་གཉིས་ལས་གལ་ཆེ་བ་ཆོས་ཁྲིམས་ནང་ལེ་མེད་ཟིན་གསུངས་པི་དིག#12.31 ཚིགས་བཅད་འདི་ནི་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 19 ཨང་ 18 ནང་ལེ་གཟིགས་རོགས། 32ཡང་ཆོས་ཁྲིམས་མཁས་པ་ཁོས་ཡེ་ཤུ་ལེ། སློབ་དཔོན། ཁྱེད་ཀྱིས་གསུངས་པི་དེ་བདེན་པ་འཇུ་གུ་ཡིན་དིག དཀོན་མཆོག་ནི་གཅིག་མ་གཏོགས་གཞན་མ་མེད་དིག 33ཁོང་ལེ་རང་གི་ལུས་ངག་ཡིད་གསུམ་གྱིས་བྱམས་དིང་བརྩི་བཀུར་བགྱིད་རྒྱུ་དིང་། རང་གིས་རང་ལེ་གཅེས་པོ་བགྱིད་དི་ཅོག་འདྲ། རང་གི་ཁྱིམ་མཚེས་ལེ་གཅེས་པོ་བགྱིད་རྒྱུ་དེ་ནི། སྦྱིན་སྲེག་དིང་ཕྱག་མཆོད་པ་ཡེ་རེའི་ནང་ནས་གཙོ་ཆེ་ཤོས་ཡིན་དིག་ཆེ་ཟིན་ཞུས་པི་དིག 34ཡེ་ཤུས་ཆོས་ཁྲིམས་མཁས་པ་ཁོས་བློ་ཤེས་རབ་བརྒྱུད་ནས་ལན་བསློགས་པི་དེ་ལེ་གཟིགས་ཏེ། ད་ཁྱོད་རང་དཀོན་མཆོག་གི་རྒྱལ་ཁབ་དིང་རྒྱང་ཐག་རིང་པོ་མི་འདུག་ཟིན་གསུངས་ཕེན། མི་སུ་ཞིག་གིས་ཟང་ཡེ་ཤུ་ལེ་དྲི་བ་ཅི་གང་དྲིས་མ་ཕོད་པི་དིག
རྒྱལ་པོ་དཱ་བིད་ཀྱི་རིགས་རྒྱུད་ཀྱི་སྲས་སྐོར།
35དེ་ནས་ཡེ་ཤུས་མཆོད་ཁང་གི་དྭངས་རའི་ནང་ལེ་མི་ཀྱ་ལེ་ཆོས་གསུང་གནང་རྒྱ། ཁོང་གིས་ཆོས་ཁྲིམས་མཁས་པའི་མི་ཀྱ་ཀྱིས་སྐྱབས་མགོན་དེ་ཅི་གི་བྱས་ཏེ། གནའ་སྔ་མོའི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་དིག་ཅི་ལེ་ཟེར་རི་དིག་ཟེར་ནི། 36དམ་པའི་ཐུགས་ཉིད་ཀྱིས་གསུངས་པི་ཅོག་འདྲ། རྒྱལ་པོ་དཱ་བིད་ཀྱིས་བྲིས་པའི་མདོ་ནང་ལེ།
དཀོན་མཆོག་གིས་ངའི་ཇོ་བོ་ལེ། །
ཁྱེད་ཀྱི་དགྲ་བོ་ཀྱ་ཁྱེད་ཀྱི་ཞབས་འོག་ལེ། །
ངས་བཅུག་མ་གནང་བར་དུ་ཁྱེད་རང་། །
ངའི་གཡས་ཕྱོགས་ལེ་བཞུགས་རོགས། །
ཟིན་གསུངས་འོད་དིག#12.36 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 110 ཨང་ 1 ནང་ལེ་གཟིགས་རོགས། 37དཱ་བིད་ཀྱིས་རང་གིས་རང་ལེ་ངའི་ཇོ་བོ་ཟིན་ཞུས་ཕེན། ད་ཇོ་བོ་ཁོང་རང་ནི་དཱ་བིད་ཀྱི་སྲས་ཅི་གི་བྱས་ཏེ་འོང་སྲིད་རྒྱུ་ཟིན་གསུངས་པི་དིག ཡང་མི་ཚོགས་ཀྱ་ཀྱིས་ཡེ་ཤུས་གསུང་ལེ་དགའ་རི་ངང་ནས་ཉན་གྱོ་འོད་དིག
ཆོས་ཁྲིམས་མཁས་པ་ཀྱ་ལེ་དོགས་ཟོན་བགྱིད་དགོས་པའི་སྐོར།
38དེ་ནས་ཡེ་ཤུས་ཆོས་གསུང་རྒྱ། ཆོས་ཁྲིམས་མཁས་པའི་མི་ཀྱ་ལེ་དོགས་ཟོན་གྱིས་ཤིག ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་མཆོད་གོས་རིང་པོ་གྱོན་ཏེ། རང་གིས་རང་ལེ་རྩལ་ཆེན་པོ་ཡིན་འདོག་འདོག་བྱས་ཏེ། ཁྲོམ་ལམ་ལེ་ཕར་འགྲོ་ཚུར་འགྲོ་བགྱིད་དི་མ་ཟད། མི་ཀྱ་ཀྱིས་རང་ལེ་གུས་ཞབས་བྱས་པི་དེ་ལེ་དགའ་རི་བགྱིད་འོད་དིག 39མི་དེ་ཀྱ་ཀྱིས་ཡ་ཧུ་དཱ་པའི་ཚོགས་ཁང་ནང་གི་ཁྲི་མཐོ་ས་ལེ་སྡོད་རྒྱུ་ལེ་དགའ་རི་དིང་། ཡང་ཕོ་ལེ་བགྱིད་རྒྱ་གྲལ་མགོ་ལེ་སྡོད་རྒྱུ་དགའ་རི་བགྱིད་འོད་དིག 40མི་དེ་ཀྱ་ཀྱིས་ཡུགས་མོ་ཀྱ་ཀྱི་ས་ཞིང་དིང་རྒྱུ་ནོར་ཧམ་ཕྲོག་བགྱིད་དི་མ་ཟད། མི་ཀྱ་ལེ་རང་དྲང་བདེན་ཡིན་ཁུལ་བྱས་ཏེ། སྨོན་ལམ་ཡུན་རིང་པོ་འདེབས་གྱོ་འོད་དིག འོ་དེ་གི་བགྱིད་མཁན་ཀྱ་ལེ་འཛེན་ཉེས་ཆད་ཆེན་པོ་ཕོག་གྱི་དིག་ཟིན་གསུངས་པི་དིག
ཡུགས་མོ་སྤྲང་སློང་ཞིག་གིས་ཞལ་འདེབས་ཕུལ་བ།
41དེ་ནས་ཡེ་ཤུས་མཆོད་ཁང་གི་ཞལ་འདེབས་དངུལ་སྒམ་དིང་ཁ་གཏད་ལེ་བཞུགས་ཏེ། མི་མང་པོས་དངུལ་འབུལ་ལི་དེ་ལེ་གཟིགས་གནང་རྒྱ། མི་ཕྱུག་པོ་ཀྱ་ཀྱིས་ཟང་དངུལ་མང་པོ་ཕུལ་ལི་དིག 42ཡིན་ནའང་། ཡུགས་མོ་སྤྲང་སློང་ཞིག་འོངས་ཏེ། ཟངས་ཀྱི་ཊང་ཀ་ཆུང་མ་གཉིས་ཕུལ་ལི་དེ་ཡེ་ཤུས་གཟིགས་ཕེན།#12.42 ཟངས་ཀྱི་ཊང་ཀ་དེ་ནི། སྒོར་མོ་གཅིག་གི་རིན་ཐང་ཡིན་དིག 43ཁོང་གིས་སློབ་མ་ཀྱ་རང་གི་མདུན་དུ་ཤོག་གསུངས་ཏེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཞལ་འདེབས་འབུལ་མཁན་འདི་ཡེ་རེའི་ནང་ནས་ཡུགས་མོ་སྤྲང་སློང་མོས་མང་ཤོས་ཕུལ་སོང་། 44ཅི་ལེ་ཟེར་ནི། ཕྱུག་པོ་ཀྱ་རྒྱུ་ནོར་མང་པོའི་ནང་ནས་དུམ་བུ་གཅིག་ཕུལ་ལི་དིག ཡིན་ནའང་། ཡུགས་མོ་སྤྲང་སློང་མོས་རང་གི་ཚོ་བ་ལེ་མི་འདང་འོད་ནའང་། རང་ལེ་ཅི་འོད་ཡོད་ཡེ་རེ་ཕུལ་ལི་དིག་ཟིན་གསུངས་པི་དིག །
Currently Selected:
མར་ཀུ། 12: DLPO
Tya elembo
Kabola
Copy

Olingi kobomba makomi na yo wapi otye elembo na baapareyi na yo nyonso? Kota to mpe Komisa nkombo
© 2023 Wycliffe Bible Translators, Inc. All rights reserved.