Logo YouVersion
Icona Cerca

ལུ་ཀ། 21

21
ཡུགས་ས་མ་ཡིས་ཊམ་ཀ་འབུལ་གྱིན།
(མར་ཀུ། ༡༢:༤༡-༤༤)
1དེ་ནས་ཡེ་ཤུ་ཡིས་ཡར་གཟིགས་བའི་གང་ལ་མི་ཕྱུག་པོ་ཀྱ་ཡི་དངུལ་སྒམ་དུ་ཁོ་རི་དངུལ་འབུལ་གྱིན་གོ་ཁོང་པ་ཡིས་གཟིགས་པ་ལགས། 2དེ་ནས་ཁོང་པ་ཡིས་ཡུགས་ས་མ་དབུལ་སྤྲེ་གཅིག་གིས་ཟངས་ཀྱི་ཊམ་ཀ་གཉིས་འབུལ་གྱིན་གོའང་གཟིགས་པ་ལགས། 3དེ་ནས་ཁོང་པ་ཡིས་གསུངས་བ་ལགས། བདེན་པ་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདི་དབུལ་སྤྲེ་ཡུགས་ས་མ་ཡིས་གི་རི་ནས་མང་ང་འབུལ་འདུག། 4གི་བྱས་རེ་སྨྲ་ན་མི་དེ་ཀྱ་གི་རི་ཡིས་ཁོ་རི་རྒྱུ་ནོར་མང་ང་ནས་ཕུལ་བ་ལགས། ཡིན་ནའང་མོས་མོ་རི་དཀོན་དའི་ནང་ནས་མོ་རི་མི་ཚེ་བསྐྱལ་ཡས་ལ་འོད་ཀྱིན་གི་རི་ཕུལ་བ་ལགས།
མཆོད་ཁང་མེད་ད་ལ་འགྲོ་གིན་གྱི་སྐོར་ལ་མངོན་ཤེས།
(མད་ཐཱ། ༢༤:༡-༡༤; མར་ཀུ། ༡༣:༡-༡༣)
5ད་མི་རིང་འགའ་ཡིས་རྡོ་གོང་ཁག་ཆེ་ཀྱ་དང་མཆོད་པ་ལ་ཕུལ་པ་ཀྱ་ཡི་མཆོད་ཁང་དམི་ཅིག་གི་མཛེས་བ་མཐོང་གིན་གྱི་སྐོར་ལ་ལབ་བཏང་བའི་གང་ལ་ཡེ་ཤུ་ཡིས་གསུངས་བ་ལགས། 6ཁྱིད་ཀྱིས་ད་ལྟ་མཐོང་གིན་ནས་རྡོ་གོང་གཅིག་གི་ཁར་ལ་གཞན་མ་གཅིག་འང་མ་ལས་བ་གི་རི་གཏིབ་ཀྱིན་གྱི་དུས་ཚོད་གོ་སླེབ་ཀྱི་ལགས།
7ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། སློབ་དཔོན་ལགས། དེ་གི་རི་ནམ་འབྱུང་གི་ལེ། དེ་ནས་དེ་གི་རི་འབྱུང་ཡས་ཀྱི་ཨེན་ལ་རྟགས་གོ་གི་འོང་གི་ལེ།
8དེ་ནས་ཁོང་པ་ཡིས་གསུངས་བ་ལགས། སྤྱང་རྗེ་བྱེད། ཁྱེད་ཀྱ་ལ་སུས་འང་མ་བསླུ་བར་ཤོག། གི་བྱས་རེ་སྨྲ་ན་མི་མང་ང་ཡིས་ངའི་མིང་ཁྱེར་ཏེ་ང་ཁོ་རང་ཡིན་སྨྲས་རེ་འོང་གི་ལགས། དེ་ནས་དུས་ཚོད་ཉེ་རུ་སླེབས་ཚར་འདུག་སྨྲས་རེ་སྨྲ་གི་ལགས། ཁྱེད་ཀྱ་ཁོང་ཀྱ་ཡི་གཤམ་པ་ལ་མ་འབྲང་། 9དེ་ནས་ཁྱེད་ཀྱ་ཡིས་དམག་འཁྲུག་དང་ཟིང་འཁྲུག་གི་ལབ་ཀྱ་གོ་གི་ལགས། འོ་དེ་གང་ལ་འཇིགས་སྐྲག་མ་བྱེད། དེ་གི་རི་ཨེན་ལ་འབྱུང་དགོས་ཀྱི་ལགས། ཡིན་ནའང་མཐའ་གོ་ལམ་སང་འབྱུང་གི་མ་ལགས།
10ཁོང་པ་ཡིས་གསུངས་བ་ལགས། མི་རིགས་དང་མི་རིགས་འཁྲུག་གི་ལགས། དེ་ནས་རྒྱལ་ཁབ་དང་རྒྱལ་ཁབ་འཁྲུག་གི་ལགས། 11ས་གཡོམ་ཆེ་ཀྱ་བརྒྱབ་ཀྱི་ལགས། དེ་ནས་ས་ཆ་མང་ཆེ་ལ་མུ་གེ་དང་ན་ཚ་ཀྱ་འབྱུང་གི་ལགས། དེ་ནས་འཇིགས་སྣང་དང་གནམ་ནས་ཧང་སང་གིན་རྟགས་ཀྱ་མཐོང་གི་ལགས། 12ཡིན་ནའང་དེ་གི་རི་འབྱུང་ཡས་ཨེན་ལ་ངའི་མིང་གི་རྐྱེན་གྱི། ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ཟིམ་ཏེ་སྡུག་པོ་བཏང་གི་ལགས། དེ་ནས་ཁྱེད་ཀྱ་ལ་ཚོགས་ཁང་ཀྱ་དང་བཙོན་ཁང་ཀྱ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་རྒྱལ་བོ་ཀྱ་དང་སྤྱི་ཁྱབ་ཀྱ་ཡི་གདོང་དུ་འཁྲིད་ཀྱི་ལགས། 13དེ་ནི་ཁྱེད་ཀྱ་ལ་དཔང་པོ་བྱེད་ཡས་ཀྱི་གོ་སྐབས་འབྱུང་གི་ལགས། 14འོ་བྱས་རེ་འོ་དེ་གང་ལ་ལན་གི་སྟེར་ཡས་སྨྲས་རེ་ཨེན་དུ་རུ་སྡུང་ང་མི་བྱེད་ཡས་ལ་རང་གི་སེམས་གྲ་སྒྲིག་བྱེད། 15གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་དེ་རེ་ཚིག་ཀྱ་དང་ཤེས་རབ་སྟེར་ཡས་ཡིན། དེ་ནས་ཁྱེད་རི་དགྲ་ཀྱ་ནས་སུའི་ཁྱོད་ལ་ལེན་སློོག་ཐུབ་ཀྱི་མ་ལགས། དེ་ནས་དགག་པ་བརྒྱབ་མི་ཐུབ་ཀྱི་ལགས། 16ཁྱིད་ཀྱི་ཕ་མ་དང་ཨ་ཇོ་ནུ་བོ་དང་སྤུན་ཀྱ་དང་རོགས་བ་ཀྱ་ཡིས་འང་། ཁྱེད་ཀྱ་ལ་དགྲའི་ལག་པ་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁྱེད་རིང་འགའ་ལ་ཁོང་ཀྱ་ཡིས་བསད་དུ་བཅུག་གི་ལགས། 17ངའི་མིང་གི་བྱས་རེ་གི་རི་ཡིས་ཁྱེད་ཀྱ་ལ་སྡང་ང་བྱེད་ཀྱི་ལགས། 18ཡིན་ནའང་ཁྱིད་ཀྱི་མགོ་ཡི་སྐྲ་རྐང་གཅིག་འང་མེད་ད་ལ་འགྲོ་གི་མ་ལགས། 19དེ་ནས་ཁྱིད་ཀྱི་བཟོད་པ་ཡིས་བྱས་རེ་ཁྱེད་རི་མི་ཚེ་སྐྱོབ་ཀྱི་ལགས།
ཡེ་རུ་ཤ་ལེམ་མེད་ད་ལ་བཏང་གིན་གྱི་སྐོར་ལ།
(མད་ཐཱ། ༢༤:༡༥-༢༡; མར་ཀུ། ༡༣:༡༤-༡༩)
20ཡེ་རུ་ཤ་ལེམ་རྒྱལ་ས་ལ་དམག་མི་ཀྱ་ཡིས་སྐོར་ཏེ་བསྡད་ཀྱིན་ཁྱེད་ཀྱ་ཡིས་མཐོང་བའི་གང་ལ། ད་དེ་མེད་ད་ལ་བཏང་གིན་གྱི་དུས་ཚོད་གོ་སླེབས་སོང་སྨྲས་རེ་ཤེས་ལ་བྱེད། 21འོ་དེ་གང་ལ་ཡུ་དེ་ཡཱ་ལ་འོད་མཁན་ཀྱ་རི་ཀྱ་ཕྱོགས་ལ་འབྲོས་རེ་འགྲོ་བར་ཤོག། དེ་ནས་རྒྱལ་ས་ནང་དུ་འོད་མཁན་ཀྱ་ཕི་ལ་ཐོན་ད་ཤོག། དེ་ནས་ཡུལ་ཕི་ལ་འོད་མཁན་ཀྱ་རྒྱལ་ས་ནང་དུ་མ་འཛུལ་བར་ཤོག། 22གི་བྱས་རེ་སྨྲ་ན་གསུང་རབ་ལ་བྲིས་འོད་ཀྱིན་གི་རི་འགྲུབ་ཡས་ཀྱི་ཕྱིར་ལ། དེ་ཉིན་མ་ཀྱ་ཆད་པ་བཀལ་གྱིན་ཉིན་མ་ཀྱ་ལགས། 23འོ་དེ་གང་ལ་ཕྲུ་ཕོ་བ་རུ་འོད་ཀྱིན་སྐྱེས་དམན་དང་འོ་མ་སྟེར་གྱིན་ཨ་མ་ཀྱ་མྱངས་བ་ལི། གི་བྱས་རེ་སྨྲ་ན་འཛམ་བུ་གླིང་དུ་སྡུག་པོ་ཆེ་འབྱུང་གི་ལགས། དེ་ནས་དེ་མི་ཀྱ་ཡི་ཁར་ལ་དཀོན་མཆོག་གི་ཐུགས་ཁྲོ་བབ་ཀྱི་ལགས། 24ཁོང་ཀྱ་རལ་གྲི་ཡིས་བསད་ཀྱི་ལགས། དེ་ནས་བཙོན་པ་བཟོས་རེ་མི་རིགས་གི་རིའི་ནང་ནས་འཁྲིད་ཀྱི་ལགས། དེ་ནས་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་དུས་ཚོད་མ་རྫོགས་ཀྱིན་ཐུག་པའི། ཡེ་རུ་ཤ་ལེམ་དེ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་རྐང་པའི་འོག་ལ་ལད་དེ་བཞག་གི་ལགས།
མིའི་བུ་ཕེབས་ཀྱིན་གྱི་སྐོར་ལ།
(མད་ཐཱ། ༢༤:༢༩-༣༡; མར་ཀུ། ༡༣:༢༤-༢༧)
25ཉི་མ། ཟླ་བ་དང་། སྐར་མ་ཀྱ་ལ་རྟགས་ཀྱ་མཐོང་གི་ལགས། རྒྱ་མཚོ་དང་རྦ་རླབས་ཀྱི་འུར་ཆེ་ཀྱ་ཡིས་བྱས་རེ། འདི་འཛམ་བུ་གླིང་གི་མི་རིགས་ཀྱ་དམི་ཅིག་གི་འཇིགས་སྟེ་དངངས་སྐྲག་སྐྱེད་ཀྱི་ལགས། 26ནམ་མཁའི་དབང་ཀྱ་འཁྲུག་སྟེ་འཇིག་རྟེན་དུ་གི་འོང་ཡས་ཡིན་གྱིན་གོ་མཐོང་རེ་འཇིགས་སྐྲག་གི་རྒྱལ་རེ་བསྡད་ཀྱི་ལགས། 27དེ་ནས་ཁོང་ཀྱ་ཡིས་སྲིང་གི་ཁར་ལ་མིའི་བུ་དབང་དང་གཟི་བརྗིད་ཆེའི་ཐོག་ནས་ཕེབས་ཀྱིན་གོ་མཇལ་གྱི་ལགས། 28དེ་ནས་དེ་ཀྱ་འབྱུང་ཡས་འགོ་བཙུགས་བའི་གང་ལ་ཀྲོང་བྱས་རེ་ལངས་རེ་མགོ་བཏག་བྱེད། གི་བྱས་རེ་སྨྲ་ན་ཁྱིད་ཀྱི་ཐར་པ་ཉེ་རུ་སླེབས་བ་ལགས།
སེ་ཡབ་ཀྱི་སྡོང་པོའི་དཔེ།
(མད་ཐཱ། ༢༤:༣༢-༣༥; མར་ཀུ། ༡༣:༢༨-༣༡)
29དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་དཔེ་དེ་གསུངས་བ་ལགས། སེ་ཡབ་ཀྱི་སྡོང་པོ་དང་གཞན་མ་སྡོང་པོ་གི་རི་ལ་ལྟོས། 30འོ་དེ་ཀྱ་ལ་ལོ་མ་སྐྱེས་ཀྱིན་གོ་མཐོང་ན། དབྱར་ཁ་ཤར་སོང་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་ལགས། 31འོ་དེ་རེ་རང་བྱས་རེ་དེ་ལབ་གི་རི་འབྱུང་གིན་གོ་མཐོང་བའི་གང་ལ། དཀོན་མཆོག་གི་རྒྱལ་སྲིད་ཉེ་རུ་འདུག་སྨྲས་རེ་ཁྱེད་ཀྱ་ཤེས་ལ་བྱེད། 32བདེན་པ་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། དེ་གི་རི་མ་འགྲུབ་ཀྱིན་ཐུག་པའི་དེ་མི་རབས་ཡལ་གྱི་ལགས། 33གནམ་ས་གཉིས་ཡལ་གྱི་ལགས། ཡིན་ནའང་ངའི་བཀའ་ཀྱ་ནམ་མའང་ཡལ་རེ་འགྲོ་གི་མ་ལགས།
སྤྱང་རྗེ་བྱེད།
34ཡིན་ནའང་ཁྱེད་ཀྱ་སྤྱང་རྗེ་བྱས་རེ་སྡོད། མིན་ན་ཁྱིད་ཀྱི་སེམས་ཉམ་བཏང་ཡས་དང་བཟི་རེ་བསྡད་ཡས་དང་མི་ཚེའི་སྡུང་ང་ཡིས་བསྣེམ་གྱི་ལགས། དེ་ནས་འོ་དེ་ཉིན་མ་གོ་ཧ་ཏག་པ་ལ་རྙི་ལ་འཐེམ་གྱིན་ཅོག་རེ་འོང་གི་ལགས། 35གི་བྱས་རེ་སྨྲ་ན་འོ་དེ་ཉིན་མ་དེ་འཛམ་བུ་གླིང་ཁར་ལ་གནས་ཀྱིན་གི་རི་ལ་བབ་ཀྱི་ལགས། 36ཡིན་ནའང་འོང་ཡས་བྱེད་ཀྱིན་དེ་གི་རི་ནས་ཐར་ཡས་དང་། མིའི་བུའི་དྲུང་དུ་ལངས་རེ་བསྡད་ཐུབ་ཡས་ཀྱི་ཕྱིར་ལ་ཙོག་བའི་གསོལ་བ་བརྒྱབ་སྟེ་སྤྱང་རྗེ་བྱས་རེ་སྡོད།
37དེ་ནས་ཉིན་མ་ཏེན་ཀྱ་ཡེ་ཤུ་ཡིས་མཆོད་ཁང་དུ་ཆོས་སྟོན་མཛད་པ་ལགས། ཡིན་ནའང་དགོང་མོ་གོ་ཁོང་པ་འོ་དེ་ནས་ཐོན་ཏེ་སྐྱུར་རུ་ཤིང་གི་རི་ལ་མཚན་བསྐྱལ་ལ་ལགས། 38དེ་ནས་སྔ་རོག་སྔ་ཏི་མི་གི་རི་ཁོང་པ་ཡི་བཀའ་ཉན་ཡས་ལ་མཆོད་ཁང་དུ་འོང་ང་ལགས།།

Attualmente Selezionati:

ལུ་ཀ། 21: LOY

Evidenziazioni

Condividi

Copia

None

Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi