ཡོ་ཧ་ནན། 2
2
ཀ་ནཱ་ལུང་པ་རུ་གཉེན་སྒྲིག།
1དེ་ནས་ཉིན་གསུམ་གོ་ལ་ག་ལིལ་ཡུལ་གྱི་ཀ་ནཱ་རུ་གཉེན་སྒྲིག་གཅིག་འོད་ད་ལགས། དེ་ནས་ཡེ་ཤུ་ཡི་ཡུམ་གོའང་འོ་དུ་རུ་ཕེབས་འོད་ད་ལགས། 2ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་ལའང་འོ་དེ་གཉེན་སྒྲིག་ལ་གདན་འདྲེན་ཞུས་འོད་ད་ལགས།
3རྒུན་ཆང་གོ་རྫོགས་ཏེ་ཡེ་ཤུ་ཡི་ཡུམ་གྱིས་ཁོང་པ་ལ་ཁོང་ཀྱ་ལ་རྒུན་ཆང་མིན་འདུག་སྨྲས་རེ་ཞུས་བ་ལགས།
4དེ་ནས་ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཨ་མ། ངས་གི་བྱེད་དགོས་གུ་ལེ་སྨྲས་རེ་ང་ལ་མ་གསུངས། ངའི་དུས་ཚོད་དོ་རང་འང་སླེབས་མིན་འདུག།
5ཁོང་པ་ཡི་ཡུམ་གྱིས་གཡོག་པོ་ཀྱ་ལ་ཁོང་པ་ཡིས་གི་གསུངས་ཀྱིན་གོ་བྱེད་སྨྲས་རེ་སྨྲས་བ་ལགས།
6ད་འོ་དུ་རུ་ཡ་ཧུ་དཱ་པ་ཀྱ་ཡིས་གཙང་མ་བྱེད་ཀྱིན་ལུགས་སྲོལ་གྱི་ཕྱིར་ལ་མ་ནཱ་བརྒྱ་ཚོད་ཤོང་གིན་རྫ་མ་དྲུག་འོད་ད་ལགས། 7ཡེ་ཤུ་ཡིས་གཡོག་པོ་ཀྱ་ལ་རྫ་མ་ཀྱ་ཆུ་ཡིས་སྐོངས་གསུངས་རེ་གསུངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་རྫ་མ་ཀྱ་ཁ་ཐུག་པའི་བསྐངས་བ་ལགས།
8དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ད་འོ་དེ་ནས་ཏི་ཏེ་གཅིག་བཏོན་ཏེ་མགྲོན་གྱི་གཉེར་པ་རྩ་རུ་ཁྱེར།
འོ་བྱས་རེ་ཁོང་ཀྱ་ཡིས་ཁྱེར་ཏེ་སོང་བ་ལགས། 9མགྲོན་གྱི་གཉེར་པ་ཡིས་འོ་དེ་རྒུན་ཆང་ལ་གྱུར་གྱུ་བ་ཆུ་ཡི་བྲོ་བ་ལེན་ཏེ་འོ་དེ་ག་ནས་འོངས་བ་ལེ་སྨྲས་རེ་ཁོ་ལ་ཤེས་ཡས་མེད་ད་(ཡིན་ནའང་ཆུ་བསྐངས་ཀྱིན་གཡོག་པོ་ཀྱ་ལ་ཤེས་ཡས་འོད་ད་ལགས།)གཉེར་པ་ཡིས་མག་པ་གོ་ལ་བོས་རེ། 10སྨྲས་བ་ལགས། མི་གི་རི་ཨེན་ལ་རྒུན་ཆང་བཟང་ང་གོ་བཏགས་བ་ལགས། དེ་ནས་མི་ཀྱ་བཟི་ཚར་ན་རྒུན་ཆང་ཕལ་བ་གོ་བཏགས་བ་ལགས། ཡིན་ནའང་ཁྱོས་རྒུན་ཆང་བཟང་ང་གོ་ད་ལྟ་ཐུག་པའི་བཞག་འདུག།
11འདི་རྟགས་དང་པོ་དེ་ཡེ་ཤུ་ཡིས་ག་ལིལ་གྱི་ཀ་ནཱ་ཡུལ་དུ་མཛད་དེ་རང་གི་གཟི་བརྗིད་མངོན་དུ་མཛད་པ་ལགས། དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་དད་པ་བྱས་བ་ལགས། 12འོ་དེ་གཤམ་ནས་ཁོང་པ་རང་གི་ཡུམ་དང་། ནུ་བོ་ཀྱ་དང་། ཉེ་གནས་ཀྱ་མུ་ལ་ཀཱ་ཕར་ན་ཧུམ་དུ་ཕེབས་པ་ལགས། དེ་ནས་འོ་དུ་རུ་ཞག་མོ་ཏི་ཏེ་བཞུགས་བ་མཛད་པ་ལགས།
མཆོད་ཁང་གཙང་མ་མཛད་པ།
(མད་ཐཱ། ༢༡:༡༢-༡༣; མར་ཀུ། ༡༡:༡༥-༡༧; ལུ་ཀ། ༡༩:༤༥-༤༦)
13ཡ་ཧུ་དཱ་པ་ཀྱ་ཡིས་པེ་སག་གི་དུས་ཆེན་ཉེ་འོད་དེ་གང་ལ་ཡེ་ཤུ་ཡེ་རུ་ཤ་ལེམ་དུ་ཕེབས་པ་ལགས། 14མཆོད་ཁང་ནང་དུ་ཁོང་པ་ཡིས་གླུང་དང་། ལུག་དང་། ཕུག་རོན་ཀྱ་བཙོངས་མཁན། དེ་ནས་དངུལ་རྗེ་མཁན་ཀྱ་བསྡད་ད་གཟིགས་པ་ལགས། 15དེ་ནས་ཁོང་པ་ཡིས་ཐག་པ་ཡི་རྟ་ལྕག་གཅིག་བཟོས་མཛད་དེ་ལུག་དང་། གླུང་ཀྱ་མུ་ལ་དངུལ་རྗེ་མཁན་གྱ་ཡི་དངུལ་ཀྱ་ས་ལ་གཏོར་ཏེ་ཁོང་ཀྱ་ཡི་ཅོག་ཙེ་གོ་ལོག་མཛད་དེ་གི་རི་ལ་མཆོད་ཁང་ནས་ཕི་ལ་བཏོན་ཏེ་བརྫངས་ང་མཛད་པ་ལགས། 16དེ་ནས་ཕུག་རོན་བཙོངས་མཁན་ཀྱ་ལ་ཁོང་པ་ཡིས་གསུངས་བ་ལགས། དེ་ཀྱ་དེ་ནས་ཧ་ལ་ཁྱེར། ངའི་ཡབ་ཀྱི་ཕོ་བྲང་ལ་ཚོང་ཁང་མ་བཟོས།
17ཁོང་པ་ཡི་ཉེ་གནས་ཀྱ་ཡིས་གསུང་རབ་ལ་དེ་རེ་བྲིས་བྲ་གོ་དྲན་གསོས་བ་ལགས། ཁྱེད་རང་གི་ཕོ་བྲང་གི་ཕྱིར་ལ་ངས་བརྩེ་བ་འདི་ཡིས་ང་ལ་མེད་ད་ལ་བཏང་གི་ལགས།#གསུང་མགུར། ༦༩:༩
18ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་ལ་དེ་ཀྱ་མཛད་ཀྱིན་དབང་འོད་ན། འེ་ཀྱ་ལ་སྟོན་ཡས་རྟགས་གོ་གི་འོད་དོ།
19ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། མཆོད་ཁང་འདི་གཏོར་བཤིག་གཏོང་། དེ་ནས་ཉིན་མ་གསུམ་ལ་ང་འདི་ལངས་ཡས་ཡིན།
20དེ་ནས་ཡ་ཧུ་དཱ་པ་ཀྱ་ཡིས་སྨྲས་བ་ལགས། མཆོད་ཁང་འདི་བཞེངས་ཡས་ལ་ལོ་བཞི་བཅུ་ཞེ་དྲུག་འགོར་པ་ལགས། དེ་ནས་ཁྱོད་འདི་ཉིན་གསུམ་ལ་བཞེངས་ཐུབ་ཀྱི་ལེ།
21ཡིན་ནའང་ཁོང་པ་ཡིས་མཆོད་ཁང་གི་སྐོར་ལ་གསུངས་བའི་གང་ལ་རང་གི་ལུས་ཀྱི་སྐོར་ལ་གསུངས་བའི་འོད་ད་ལགས། 22དེ་ནས་ཁོང་པ་འཆི་བ་ནས་གསོན་པོ་བཞེངས་བའི་གང་ལ་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ཡི་གསུང་འདི་དྲན་པ་ལགས། དེ་ནས་ཁོང་ཀྱ་ཡིས་གསུང་རབ་དང་ཡེ་ཤུ་ཡིས་གསུངས་ཀྱིན་བཀའ་ལ་དད་པ་བྱས་བ་ལགས།
23ད་ཁོང་པ་ཡེ་རུ་ཤ་ལེམ་དུ་པེ་སག་གི་དུས་ཆེན་ལ་འོད་དེ་གང་ལ་མི་མང་ཆེ་ཡིས་ཁོང་པ་ཡི་ཕྱག་ལས་ཀྱི་རྟགས་ཀྱ་མཐོང་རེ་ཁོང་པ་ཡི་མཚན་ལ་དད་པ་བྱས་བ་ལགས། 24ཡིན་ནའང་ཡེ་ཤུ་ཡིས་གི་རི་ལ་མཁྱེན་ད་མཛད་དེ་ཁོང་ཀྱ་ལ་བློ་གཏད་མ་མཛད་པ་ལགས། 25གི་བྱས་རེ་སྨྲ་ན་མིའི་སེམས་ནང་དུ་གི་འོད་ཀྱིན་གོ་ཁོང་པ་མཁྱེན་ད་མཛད་ད་ལགས། དེ་ནས་མིའི་སྐོར་ལ་སུས་འང་ཁོང་པ་ལ་ཞུ་དགོས་ཡས་མེད་ད་ལགས།།
Attualmente Selezionati:
ཡོ་ཧ་ནན། 2: LOY
Evidenziazioni
Condividi
Copia
Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi
© 2023, Wycliffe Bible Translators, Inc. and Nepal Bible Society