ཡོ་ཧ་ནན། 16
16
1ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་ཀྱ་ཡི་དད་པ་མི་ཉམས་ཡས་ཀྱི་ཕྱིར་ལ། དེ་གི་རི་ངས་བཤད་པ་ཡིན། 2ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ཚོགས་ཁང་ཀྱ་ནས་བུད་ཀྱི་ལགས། དེ་ནས་ཁྱེད་ཀྱ་ལ་བསད་མཁན་ཀྱ་ཡིས་དེ་རེ་ལས་ཀ་བྱས་རེ། ཁོང་ཀྱ་ཡིས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ད་ཡིན་སྨྲས་རེ་བསམ་གྱིན་དུས་ཤར་གྱི་ལགས། 3ཁོང་ཀྱ་ཡིས་ཡབ་ལ་ངོ་མེད་ཤེས། དེ་ནས་ང་ལའང་ངོ་མེད་ཤེས་ཀྱིན་བྱས་རེ། དེ་རེ་ལས་ཀ་ཀྱ་བྱེད་ཀྱི་ལགས། 4ཡིན་ནའང་འོ་དེ་དུས་ཤར་རི་གང་ལ། ངས་ཁྱེད་ཀྱ་ལ་བཤད་ཀྱིན་གོ་ཁྱེད་ཀྱ་ཡིས་དྲན་གསོ་བྱེད་ཡས་ཀྱི་ཕྱིར་ལ། ངས་དེ་ལབ་ཀྱ་ཁྱེད་ཀྱ་ལ་བཤད་པའི།
དམ་པའི་ཐུགས་ཉིད་ཀྱི་མཛད་པ།
ང་ཁྱེད་ཀྱི་མུ་ལ་བྱས་རེ་ངས་དེ་ལབ་ཀྱ་ཁྱེད་ཀྱ་ལ་ཨེན་ལ་མ་བཤད། 5ད་ང་ང་ལ་མངགས་མཁན་གྱི་དྲུང་དུ་འགྲོའི་འོད། ཡིན་ནའང་ཁྱེད་ཀྱ་སུས་འང་ང་ལ་ག་རུ་འགྲོ་ཡས་ཡིན་ནོ་སྨྲས་རེ་མི་འདྲི་ལ་ལགས། 6གི་ཡིན་ན་ངས་ཁྱེད་ཀྱ་ལ་དེ་ལབ་ཀྱ་བཤད་དེ་ཁྱེད་ཀྱི་སེམས་སྡུག་ང་གིས་ཁངས་འདུག། 7ཡིན་ནའང་ངས་ཁྱེད་ཀྱ་ལ་བདེན་པ་གོ་བཤད་ད་ཡིན། ང་འགྲོ་ན་རང་ཁྱེད་ཀྱ་ལ་ཕན་ཐོག་བ་འོད་ད་ལགས། གི་བྱས་རེ་སྨྲ་ན་ང་མེད་འགྲོ་ན། རོགས་བ་མཛད་མཁན་གོ་ཁྱེད་ཀྱི་རྩ་རུ་མེད་ཕེབས་ཀྱི་ལགས། ཡིན་ནའང་ང་འགྲོ་ན་ང་ཁོང་ལ་ཁྱེད་ཀྱི་རྩ་རུ་བཏང་ཡས་ཡིན། 8དེ་ནས་ཁོང་པ་ཕེབས་བའི་གང་ལ། ཁོང་གིས་འཇིག་རྟེན་གྱི་མི་ཀྱ་ལ་སྡིག་པ་དང་། དྲང་བདེན་དང་། ཁྲིམས་གཅོད་ཀྱི་སྐོར་ལ་ཁོང་ཀྱ་ཡི་བསམ་ཞིབ་ཀྱི་སྐྱོན་གོ་སྟོན་ད་མཛད་ཀྱི་ལགས། 9སྡིག་པ་ཡི་སྐོར་ལ་མི་ཀྱ་ཡི་སྐྱོན་ནི། ཁོང་ཀྱ་ཡིས་ང་ལ་དད་པ་མི་བྱེད་ད་ལགས། 10དེ་ནས་དྲང་བདེན་གྱི་སྐོར་ལ་སྨྲ་ན། ཁྱེད་ཀྱ་ཡིས་ང་ལ་ཡང་ནམ་མའང་མེད་མཐོང་གིན་ཡབ་ཀྱི་དྲུང་དུ་ང་འགྲོ་ཡས་ཡིན། 11དེ་ནས་ཁྲིམས་གཅོད་ཀྱི་སྐོར་ལ་སྨྲ་ན། འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་ལ་ཁྲིམས་ཕོག་ཚར་ར་ལགས།
12ང་ལ་དོ་རང་འང་ཁྱེད་ཀྱ་ལ་དམི་ཅིག་གི་མང་ང་སྨྲས་ཡས་འོད། ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡིས་དེ་བཟོད་སྒོམ་བྱེད་ཐུབ་ཀྱི་མ་ལགས། 13དེ་ནས་བདེན་པ་ཡི་ཐུགས་ཉིད་ཕེབས་བའི་གང་ལ་ཁོང་གིས་ཁྱེད་ཀྱ་ལ་བདེན་པ་གི་རི་ནང་དུ་འཁྲིད་བ་མཛད་ཀྱི་ལགས། ཁོང་པ་ཡིས་རང་གི་ཐོག་ནས་གསུངས་ཀྱི་མ་ལགས། ཡིན་ནའང་ཁོང་གིས་གི་གསན་གྱིན་གོ་གསུང་བར་མཛད་ཀྱི་ལགས། དེ་ནས་མ་འོངས་པར་གྱི་དོན་ཀྱ་ཁྱེད་ཀྱ་ལ་བཤད་ཀྱི་ལགས། 14ཁོང་གིས་ངའི་གཟི་བརྗིད་མངོན་དུ་མཛད་ཀྱི་ལགས། གི་བྱས་རེ་སྨྲ་ན་ངས་གི་ཡིན་གྱིན་གོ་ཁོང་གིས་ང་ནས་ལེན་ཏེ་ཁྱེད་ཀྱ་ལ་སྟོན་ད་མཛད་ཀྱི་ལགས། 15ཡབ་ལ་འོད་ཀྱིན་གི་རི་ང་རང་གི་ཡིན། འོ་བྱས་རེ་ཐུགས་ཉིད་ཀྱིས་ངའི་ཡིན་གྱིན་གོ་ལེན་ཏེ་ཁྱེད་ཀྱ་ལ་སྟོན་ད་མཛད་ཀྱི་ལགས་སྨྲས་རེ་ང་བཤད་ད་ཡིན།
སྡུང་ང་ནི་དགའ་སྤྲོ་ལ་འགྱུར་བ།
16ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མེད་མཐོང་གི་ལགས། དེ་ནས་ཡང་ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མཐོང་གི་ལགས།
17ཁོང་པ་ཡི་ཉེ་གནས་རིང་འགའ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། ཁོང་པ་ཡིས་འོ་རང་ལ་ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མེད་མཐོང་གི་ལགས། དེ་ནས་ཡང་ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མཐོང་གི་ལགས། དེ་ནས་གི་བྱས་རེ་སྨྲ་ན་ང་ཡབ་ཀྱི་དྲུང་དུ་འགྲོའི་འོད་གསུངས་ཀྱིན་དེ་གི་ལེ།
18ཁོང་ཀྱ་ཡིས་སྨྲས་བ་ལགས། ཁོང་པ་ཡིས་དེ་ཏི་ཏེ་གཅིག་ནས་གསུངས་ཀྱིན་གྱི་དོན་དག་གོ་གི་ཡིན་གྲོའི། ཁོང་པ་ཡིས་གི་བཤད་ཀྱིན་གྱི་དོན་འོ་རང་ཧ་མེད་གོ་ར་ལགས།
19ཁོང་ཀྱ་ཡིས་ཡེ་ཤུ་ལ་འདྲི་བ་སྐུལ་ཉིད་འདོད་ཀྱིན་གོ་ཁོང་པ་ཡིས་མཁྱེན་ད་མཛད་དེ་ཁོང་ཀྱ་ལ་གསུངས་བ་ལགས། ངས་ཁྱེད་ཀྱ་ལ་ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མེད་མཐོང་གི་ལགས། དེ་ནས་ཡང་ཏི་ཏེ་གཅིག་ནས་ཁྱེད་ཀྱ་ཡིས་ང་ལ་མཐོང་གི་ལགས་སྨྲ་གིན་གྱི་དོན་གོ་ཁྱེད་རང་ཀྱ་ནང་དུ་དྲི་ལ་ལེ། 20ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ཁྱེད་ཀྱ་ངུས་རེ་མྱ་ངན་བྱེད་ཀྱི་ལགས། ཡིན་ནའང་འཇིག་རྟེན་གྱི་མི་ཀྱ་ཉམས་མོ་བཏང་གི་ལགས། ཁྱེད་ཀྱ་སྡུང་ང་ཡིས་ཁངས་ཀྱི་ལགས། ཡིན་ནའང་ཁྱེད་ཀྱི་སྡུང་ང་དགའ་སྤྲོ་ལ་འགྱུར་གྱི་ལགས། 21སྐྱེས་དམན་གཅིག་ལ་ཕྲུ་སྐྱེ་ལི་གང་ལ། མོ་ལ་སྡུག་ང་འོང་ང་ལགས། གི་བྱས་རེ་སྨྲ་ན་མོའི་སྐྱེ་ཟུག་གི་དུས་གོ་སླེབས་པ་ལགས། ཡིན་ནའང་མོའི་ཕྲུ་གོ་སྐྱེས་ཚར་ཏེ་འཇིག་རྟེན་དུ་མོའི་ལུས་གསར་པ་གཅིག་བྱུང་གིན་གྱི་དགའ་སྤྲོ་ཡིས་བྱས་རེ། མོའི་སྐྱེ་ཟུག་གོ་མེད་དྲན་ད་ལགས། 22དེ་རེ་བྱས་རེ་རང་ད་ལྟ་ཁྱེད་ཀྱ་ལ་སྡུང་ང་འོད་ད་ལགས། ཡིན་ནའང་ང་ཁྱེད་ཀྱ་ལ་ལྡབ་ལེ་ཐུག་ཡས་ཡིན། དེ་ནས་ཁྱེད་ཀྱི་སེམས་དགའ་སྤྲོ་ཡིས་ཁངས་ཀྱི་ལགས། དེ་ནས་ཁྱེད་ཀྱི་དགའ་སྤྲོ་གོ་སུས་འང་འཕྲོག་ཐུབ་ཀྱི་མ་ལགས། 23འོ་དེ་ཉིན་མོ་གོ་ལ་ཁྱེད་ཀྱ་ཡིས་ང་ལ་གིའང་མི་དྲི་གི་ལགས། ང་བདེན་པ་བདེན་ཀྱང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ཡིས་ངའི་མིང་གི་ཐོག་ནས་ཡབ་ལ་གི་ཞུ་ན། ཁོང་པ་ཡིས་འོ་དེ་ཁྱེད་ཀྱ་ལ་གནང་གི་ལགས། 24ད་ལྟ་ཐུག་པའི་ཁྱེད་ཀྱི་ངའི་མིང་གི་ཐིག་ནས་མ་ཞུས་འོད་ད་ལགས། ད་ཁྱེད་ཀྱི་དགའ་སྤྲོ་ཁངས་ཡས་ཀྱི་ཕྱིར་ལ་ཞུས། དེ་ནས་ཁྱེད་ཀྱ་ལ་འཐོབ་ཀྱི་ལགས།
25ངའི་ཁྱེད་ཀྱ་ལ་དེ་ཀྱ་དཔེའི་སྒོ་ནས་བཤད་འོད། ཡིན་ནའང་ཡབ་ཀྱི་སྐོར་ལ་ཁྱེད་ཀྱ་ལ་དཔེའི་སྒོ་ནས་མིན་ད་གསལ་བོ་བཤད་ཡས་ཀྱི་དུས་གོ་ཤར་གྱི་ལགས། 26འོ་དེ་ཉིན་མོ་གོ་ཁྱེད་ཀྱ་ཡིས་ངའི་མིང་ལ་ཞུ་གི་ལགས། དེ་ནས་ཁྱེད་ཀྱི་ཚབ་ལ་ང་ཡབ་ལ་ཞུ་ཡས་ཡིན་སྨྲས་རེ་ང་སྨྲ་མིན། 27གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ང་ལ་བྱམས་པ་བྱས་བ་ལགས། དེ་ནས་ང་ཡབ་ནས་འོངས་ཀྱིན་གོ་ལ་ཁྱེད་ཀྱིས་དད་པ་བྱས་རེ། ཡབ་རང་གིས་ཁྱེད་ཀྱ་ལ་བྱམས་པ་མཛད་ད་ལགས། 28ང་ཡབ་ནས་བྱུང་རེ་འཇིག་རྟེན་དུ་འོངས་བ་ཡིན། ད་ང་འཇིག་རྟེན་ནས་བྲལ་རེ་ཡབ་ཀྱི་དྲུང་དུ་ལོག་བ་ཡིན།
29ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཞུས་བ་ལགས། ད་ཁྱེད་རང་དཔེའི་ཐོག་ནས་མིན་ད་གསལ་བོ་གསུངས་བ་མཛད་འདིག། 30ད་འི་ཀིས་ཧ་གོ་སོང་། ཁྱེད་རང་གི་རི་མཁྱེན་ད་ལགས། དེ་ནས་སུས་འང་ཁྱེད་རང་ལ་ཞུ་དགོས་ཀྱི་མ་ལགས། འོ་བྱས་རེ་འེ་ཀྱ་ཁྱེད་རང་དཀོན་མཆོག་ནས་བྱུང་གིན་གོ་ལ་དད་པ་བྱེད་འདིག་འོད།
31ཡེ་ཤུ་ཡིས་བཀའ་ལན་དུ་གསུངས་བ་ལགས། ད་ཁྱེད་ཀྱ་དད་པ་བྱེད་འདིག་འོད་དེ། 32ལྟོས། དངོས་གནས་བྱེད་ན་ཁྱེད་ཀྱ་རང་རང་གི་ས་ཆ་ལ་ཐོར་ཏེ་སོང་རེ་ང་ལ་གཅིག་ཀ་འབོར་གྱིན་དུས་གོ་སླེབས་བའི་འོད་ད་ལགས། དེ་ནས་དུས་གོ་སླེབས་ཚར་འདུག། གི་ཡིན་ན་ཡབ་ངའི་མུ་ལ་བྱས་རེ་ང་གཅིག་ཀ་མེད། 33ང་ནས་ཁྱེད་ཀྱ་ལ་ཞི་བདེ་ཐོབ་ཡས་ཀྱི་ཕྱིར་ལ་ངས་ཁྱེད་ཀྱ་ལ་དེ་ཀྱ་བཤད་པའི། འཇིག་རྟེན་དུ་ཁྱེད་ཀྱ་ལ་སྡུག་པོ་མྱངས་ཀྱི་ལགས། ཡིན་ནའང་སེམས་ལྷོད་བྱེད། ངའི་འཇིག་རྟེན་ལ་རྒྱལ་འོད།།
Attualmente Selezionati:
ཡོ་ཧ་ནན། 16: LOY
Evidenziazioni
Condividi
Copia
Vuoi avere le tue evidenziazioni salvate su tutti i tuoi dispositivi?Iscriviti o accedi
© 2023, Wycliffe Bible Translators, Inc. and Nepal Bible Society