མད་ཐཱ། 3
3
ལེའུ་གསུམ་པ།
ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱིས་ཆོས་བཤད་པ།
1ཡང་དུས་དེ་རྒྱ་ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་ཁོ་རང་ཡ་ཧུ་དཱ་ལུང་པའི་དབེན་སྟོང་ཞིག་ལེ་ཕེབས་ཏེ། 2དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་ཉེ་མོ་སླེབས་འདུག ཁྱེད་ཀྱ་ཀྱིས་རང་གི་སྤྱོད་ངན་དེ་ཀྱ་སྤངས་ཏེ་འགྱོད་བཤགས་གྱིས་ཤིག་ཟིན་ཆོས་བཤད་དི་དིག 3ཡང་ལུང་སྟོན་པ་ཡེ་ཤ་ཡཱ་ཟེར་མཁན་གྱིས།
དབེན་སྟོང་ལུང་པའི་ནང་ནས་བརྒྱབ་པི་སྒྲ་དེས། །
ཇོ་བོའི་ཕེབས་ལམ་གྲ་སྒྲིག་གྱིས་ཤིག །
ལམ་དེ་བདེ་མོ་བཟོས་ཤིག་ཟིན་གསུངས་པ་དེ་ནི། །
ཁྲུས་གསོལ་བགྱིད་མཁན་ཡོ་ཧ་ནན་གྱི་སྐོར་ལེ་ཟེར་རི་ཡིན་དིག#3.3 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 40 ཨང་ 3 ནང་ལེ་གཟིགས་རོགས། 4ཡོ་ཧ་ནན་གྱིས་རྔ་མོང་གི་རྩིད་པ་ནས་བཟོས་པའི་ཕྱུ་པ་གྱོན་གྱོ་འོད་དི་དིང་། རྐེད་པ་ལེ་ཀོ་བའི་སྐ་བོ་བཅིངས་གྱོ་འོད་དི་མ་ཟད། ཟ་མ་ལེ་འབུ་ཨ་ཚག་ཚག་པ་དིང་། རི་ལེ་འོད་ཡོད་སྦྲང་རྩི་ཟ་འོད་དིག 5ཡེ་རུ་ས་གླིང་རྒྱལ་ས་དིང༌། ཡ་ཧུ་དཱ་ལུང་པ། ཡོར་དན་གཙང་པོའི་མཐའ་འཁོར་གྱི་ཡུལ་ལེ་སྡོད་མཁན་མི་མང་པོ་ཞིག་ཡོ་ཧ་ནན་གྱི་དྲུང་དུ་འགྲོ་འོད་དིག 6མི་དེ་ཀྱ་ཀྱིས་རང་གི་བྱས་པའི་སྡིག་པ་ཁས་ལེན་བྱས་ཕེན། ཡོ་ཧ་ནན་གྱིས་མི་དེ་ཀྱ་ལེ་ཡོར་དན་གཙང་པོའི་ནང་ལེ་ཁྲུས་གསོལ་བྱས་པི་དིག 7ཡིན་ནའང་། ཡོ་ཧ་ནན་གྱིས་ཕཱ་རུ་ཤི་པ་དིང་སཱ་ཅུ་སེ་པ་ཟེར་རི་ཆོས་ལུགས་ནས་ཡིན་དི་མི་མང་པོ་འཇུ་གུ་ཁོང་གི་རྩ་ལེ་ཁྲུས་གསོལ་ལེན་ཏུ་འོང་གི་མཐོང་ཕེན། ཡོ་ཧ་ནན་གྱིས་མི་དེ་ཀྱ་ལེ། དུག་སྦྲུལ་གྱི་རིགས་རྒྱུད་ཁྱེད་ཀྱ་ལེ་སྡིག་པའི་ཆད་པ་ཕོག་འོད་ཕེན། མ་འོང་བའི་དུས་ལེ་ཐུགས་ཁྲོ་རྒྱ། དེ་ནས་བྲོས་རྒྱུགས་ཟིན་མི་སུས་ཁྱེད་ལེ་བརྡ་གཏོང་མཁན་འབྱོར་རྒྱུ། 8ཁྱེད་ཀྱ་ཀྱིས་རང་གི་སྤྱོད་པ་ངན་པ་དེ་ཀྱ་སྤངས་ཏེ་འགྱོད་བཤགས་བྱས་ཏེ་འབྲས་བུ་དགའ་མོ་སྐྱེད་རུ་ཆུག་ཅིག 9ཡང་ཨབ་ར་ཧམ་ཁོང་ནི། འུའི་མེས་མེས་ཡིན་དིག་མ་སེམས་ཤིག ང་ཁྱེད་ཀྱ་ལེ་ཟེར་རོ། དཀོན་མཆོག་གིས་རྡོ་འདི་ལས་ཟང་། ཨབ་ར་ཧམ་གྱི་བུ་རྒྱུད་བཟོས་ཐུབ་ཀྱི་དིག 10ད་ལྟ་སྟ་རེ་ཞིག་སྡོང་པོའི་རྩ་བ་ལེ་འོད་དི་དིང་། འབྲས་བུ་བཟང་པོ་མི་སྐྱེས་མཁན་སྡོང་པོ་དེ་ཀྱ་རེ་རེ་བྱས་ཏེ་བཅད་དེ་མེ་ལེ་གཡུག་གྱི་དིག 11ཁྱེད་ཀྱིས་སྤྱོད་པ་ངན་པ་དེ་ཀྱ་སྤངས་ཏེ་འགྱོད་བཤགས་བགྱིད་རྒྱུ་ཆེད་དུ། ངས་ཁྱེད་ཀྱ་ལེ་ཆུ་པ་རྐྱང་གིས་ཁྲུས་གསོལ་བགྱིད་འོད། ཡིན་ནའང་། ངའི་རྗེས་ལེ་ང་ལེ་ཟང་ལྷག་གི་མཐུ་སྟོབས་ཆེ་བ་ཞིག་ཕེབས་འོང་རྒྱུ་ཡིན་དི་མ་ཟད། ཁོང་གིས་ཁྱེད་ཀྱ་ལེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དིང་མེའི་བརྒྱུད་ནས་ཁྲུས་གསོལ་གནང་གྱི་དིག ང་ནི་ཁོང་གི་ཞབས་མཐིལ་ལེ་ཟང་སླེབ་ཀྱི་མ་དིག#3.11 གེ་རིག་གི་ཟེར་ལུགས་ནང་ལེ། ང་ནི་ཁོང་གི་ལྷམ་སྒྲོག་ཟང་འགྲོལ་མི་འོས་འོད་ཟིན་འོད་དིག 12ཁོང་གིས་རང་གི་འབྲུ་སྒམ་ནང་ལེ་འབྲུ་རིགས་བསྡུ་རྒྱུ་ཆེད་དུ། ཕྱག་ལེ་ཁྲོ་མ་དིང་ལྕགས་ཁེམ་བསྣམ་སྟེ་གཡུལ་ལས་བགྱིད་དི་མ་ཟད། གཡུལ་ས་གཙང་མ་དགའ་མོ་བཟོས་གནང་སྟེ། ཕན་ཐོགས་མེད་མེད་སྤུན་མ་དེ་ནི། མེ་ཐག་ཆོད་རྒྱུ་མེད་མེད་མེའི་ནང་ལེ་གཡུག་གྱི་དིག་ཟིན་སྨྲས་པི་དིག
ཡེ་ཤུས་ཁྲུས་གསོལ་བླངས་པ།
13དེའི་དུས་ལེ་ཡེ་ཤུ་ཁྲུས་གསོལ་ལེན་རྒྱུ་ཆེད་དུ། ག་ལིལ་ལུང་པ་ནས་ཡོར་དན་གཙང་པོའི་འགྲམ་ལེ་ཡོ་ཧ་ནན་གྱི་དྲུང་དུ་ཕེབས་ནའང་། 14ཡོ་ཧ་ནན་གྱིས་འགེག་དགོས་བསམས་ཏེ། ཁྱེད་ཀྱིས་ང་ལེ་ཁྲུས་གསོལ་གནང་དགོས་འོད་དིག ཡིན་ནའང་། ཁྱེད་རང་ངའི་རྩ་ལེ་ཕེབས་པི་ཡིན་དས་ཟིན་ཞུས་པི་དིག 15ཡེ་ཤུས་ཁོ་ལེ། ད་ལྟ་འོ་འདི་གི་བགྱིད་དུ་ཆུག ཅི་ལེ་ཟེར་ནི། འུ་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ཡེ་རེ་སྒྲུབ་དགོས་འོད་དིག་ཟིན་གསུངས་ཕེན། ཡོ་ཧ་ནན་གྱིས་ཁོང་ལེ་ཁྲུས་གསོལ་བྱས་པི་དིག 16དེ་ནས་ཡེ་ཤུས་ཁྲུས་གསོལ་བྱས་ཏེ་ཆུའི་ནང་ནས་ཡར་བཞེངས་ལོང་མེད། ནམ་མཁའ་ཁ་ཕྱེ་སྟེ་དཀོན་མཆོག་གི་ཐུགས་ཉིད་ནི། བྱ་ཕུག་མོ་བབས་འོང་གི་ཅོག་འདྲ། ཁོང་གིས་རང་གི་ལུས་ལྟག་ག་ལེ་བབས་འོང་གི་གཟིགས་པི་དིག 17ཡང་དཀོན་མཆོག་གི་ཞིང་ཁམས་ནས་གསུང་སྐད་ཞིག་གིས་འདི་ནི་ངའི་བརྩེ་བའི་བི་ས་དིང་། ངའི་དགའ་སྤྲོ་སྐྱེ་ས་དེ་ཡིན་ཟིན་གསུངས་པི་དིག །
Nke Ahọpụtara Ugbu A:
མད་ཐཱ། 3: DLPO
Mee ka ọ bụrụ isi
Kesaa
Mapịa
Ịchọrọ ka echekwaara gị ihe ndị gasị ị mere ka ha pụta ìhè ná ngwaọrụ gị niile? Debanye aha gị ma ọ bụ mee mbanye
© 2023 Wycliffe Bible Translators, Inc. All rights reserved.