མད་ཐཱ། 10
10
ལེའུ་བཅུ་པ།
སློབ་མ་བཅུ་གཉིས་བརྫངས་པ།
1ཡང་ཡེ་ཤུས་སློབ་མ་བཅུ་གཉིས་ཀྱ་རང་གི་མདུན་དུ་ཤོག་སྨྲས་ཏེ། ཁོང་ཀྱ་ལེ་གདོན་འདྲེ་བཏུལ་རྒྱུ་དིང་། ནད་རིགས་ཡེ་རེ་དྲག་ཏུ་འཇུག་རྒྱུ་ལེ་དབང་ཆ་གནང་པི་དིག 2སྐུ་ཚབ་བཅུ་གཉིས་ཀྱ་ཀྱི་མིང་ནི། སི་མོན་པེ་ཏྲོ་ཟེར་མཁན་དིང༌། ཁོའི་ནུ་བོ་ཨན་དྲི་ཡཱ། ཟེ་བད་ཡཱ་ཟེར་མཁན་གྱི་བི་ས་ཡ་ཀོབ། ཁོའི་ནུ་བོ་ཡོ་ཧ་ནན། 3ཕི་ལིབ། པཱར་ཐོ་ལོ་མཱ། ཐོ་མཱ། ཁྲལ་སྡུད་མཁན་མད་ཐཱ། ཨལ་ཕཱ་ཟེར་མཁན་གྱི་བི་ས་ཡ་ཀོབ་དིང༌། ཐཱ་ཨད་དེ་ཨ་སི། 4ཡང་རང་དབང་གི་ཆབ་སྲིད་ཀྱི་ཕྱོགས་ཁག་གི་ཁོངས་མི་ཡིན་མཁན་སི་མོན་དིང༌། ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཨི་སི་ཀར་རེ་ཟེར་མཁན་དེ་ཀྱ་ཡིན་དིག 5དེ་ནས་ཡེ་ཤུས་བཀའ་དེ་ཀྱ་གསུངས་ནུས་པའི་རྗེས་ལེ། སློབ་མ་བཅུ་གཉིས་ཀྱ་ཕྱི་ལེ་རྫོང་རྒྱ། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་དཀྱིལ་ལེ་དིང་། སཱ་མར་ཡཱ་ལུང་པ་ག་ན་ལེ་ཟང་མ་འགྲོ་ཅིག 6ཡིན་ནའང་། ལུག་བསྐྱུར་རི་ཅོག་འདྲ་ཡིན་མཁན་ཡི་སི་ར་ཨེལ་གྱི་ཁྱིམ་ནང་ལེ་རྒྱུགས་ཤིག 7ཡང་ལམ་ལེ། དཀོན་མཆོག་གི་ཞིང་ཁམས་ཀྱི་རྒྱལ་ཁབ་དེ་ཉེ་མོ་སླེབས་འདུག་ཟིན་གཏམ་བཟང་དེ་ཁྱབ་བསྒྲགས་གྱིས་ཤིག 8ནད་པ་དྲག་ཏུ་ཆུག་ཅིག གཤིན་པོ་ཀྱ་ཡང་དང་གསོན་དུ་ཆུག་ཅིག མཛེ་ནད་ཕོག་འོད་ཡོད་ཀྱ་དྲག་ཏུ་ཆུག་ཅིག གདོན་འདྲེ་ཀྱ་ཐོན་ཞིག ཁྱེད་ཀྱ་ལེ་རིན་པ་མེད་དི་ཐོབ་འོད་ཡོད་དེ་ཀྱ། རིན་པ་མེད་དི་གཏོད་ཅིག 9ཁྱེད་ཀྱ་ཀྱི་སྐེད་པ་ལེ་གསེར་དིང་། དངུལ། ཟངས་ཀྱི་ཊང་ཀ་མ་ཁྱེར་ཅིག 10ཡང་ལམ་ལེ་འགྲོ་རྒྱ། ཁུག་མ་དིང་། འཁར་རྒྱུག གོས་སྤོས་རྒྱུ་ཡར་རན། ཟོམ་པ་ཡར་རན་མ་ཁྱེར་ཅིག ཅི་ལེ་ཟེར་ནི། ལས་ཀ་བགྱིད་མཁན་ལེ་ཟ་མ་འཐོབ་འོས་པ་ཞིག་ཡིན་དིག 11ཁྱེད་ཀྱ་རྒྱལ་ས་དིང་། ཡུལ་ག་ན་ལེ་སླེབས་ནའང་། མི་ཚང་ཞི་བདེ་འཐོབ་འོས་པའི་ཁྱིམ་ཞིག་བཙལ་ཏེ། དེའི་ནང་ལེ་གནས་ཚང་གཡར་ཏེ། ས་ཆ་གཞན་ལེ་མ་སྤོས་བར་དུ་ཁྱིམ་དེ་རང་ནང་ལེ་སྡོད་ཅིག 12ཁྱིམ་ནང་ལེ་འཛུལ་རྒྱ། ནང་མི་དེ་ཀྱ་ལེ་འཚམས་འདྲི་ཞུས་ཤིག 13གལ་སྲིད་གནས་ཚང་དེ་ལེ་ཞི་བདེ་འཐོབ་འོས་པ་ཞིག་ཡིན་ནི། ཞི་བདེ་འོང་བར་ཤོག་ཟེར་དགོས་འོད་དིག ཡང་གལ་སྲིད་ཞི་བདེ་འཐོབ་མི་འོས་པ་ཞིག་ཡིན་ནི། ཞི་བདེ་དེ་ཁྱེད་ཀྱ་འོད་ས་ལེ་ལོག་འོང་དུ་ཆུག 14ཡང་མི་སུས་ཁྱེད་ཀྱ་ལེ་གནས་ཚང་མི་གཡོར་འོད་དི་དིང་། ཁྱེད་ཀྱ་ཀྱིས་ཆོས་བསྟན་པི་དེ་ལེ་ཟང་མི་ཉན་འོད་ནི། ཁྱིམ་དེ་ནས། ཡང་ནི། རྒྱལ་ས་གཞན་ཞིག་ལེ་འགྲོ་རྒྱ། མི་དེ་ཀྱ་ལེ་དཀོན་མཆོག་གིས་ཉེས་པ་དེ་རང་ལེ་ཕོག་རྒྱུ་ཡིན་དི་འགན་ཁུར་དེ། ཉེད་ཀྱ་ཀྱི་མགོ་ལེ་མེད་དི་རྟགས་ལེ། རང་གི་རྐང་པ་ལེ་གོས་པའི་ཐལ་བ་དེ་སྤྲུགས་སྤྲུགས་ཐོང་ཞིག 15ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྲིམས་གཅོད་པའི་ཉིན་མོ་དེ་ལེ། སཱ་དོམ་དིང་། གཱ་མོ་ར་རྒྱལ་ས་ལེ་ཕོག་པའི་ཉེས་པ་དེ་ལས་ལྷག་ཚོད་རྒྱལ་ས་དེ་ལེ་ཕོག་གྱི་དིག
16ད་ཉོན་དང་། ངས་ཁྱེད་ཀྱ་སྤྱང་རྐུ་དཀྱིལ་ལེ་ལུག་རྫོང་གི་ཅོག་འདྲ་རྫོང་གྱོ་འོད། ད་ཁྱེད་ཀྱ་ཀྱིས་སྦྲུལ་ཅོག་འདྲ་སྤྱང་པོ་དིང་། ཡང་གནོད་མི་སྐྱེལ་མཁན་བྱ་ཕུག་མོ་ཅོག་འདྲ་གྱིས་ཤིག 17མི་ཀྱ་ལེ་དོགས་ཟོན་གྱིས། མི་དེ་ཀྱ་ཀྱིས་ཁྱེད་ཀྱ་ཁྲིམས་ཁང་ལེ་འཁྲིད་དེ། ཡ་ཧུ་དཱ་པའི་ཚོགས་ཁང་རུ་ཁྱེད་ཀྱ་ལེ་ལྕག་ཚན་གཞུ་གྱི་དིག 18ཡང་ཡ་ཧུ་དཱ་པ་དིང་། ཡང་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་ལེ། ཁྱེད་ཀྱ་ཀྱིས་དཔང་པོ་བགྱིད་རྒྱུ་ཆེད་དུ། ངའི་དོན་ལེ་ཁྱེད་ཀྱ་ས་གནས་དཔོན་པོ་དིང་། རྒྱལ་པོ་ཀྱ་ཀྱི་དྲུང་དུ་འཁྲིད་འགྲོ་གྱི་དིག 19ཁྱེད་ཀྱ་མི་དེ་ཀྱ་ཀྱི་ལག་ལེ་གཏོད་རྒྱ། ཁྱེད་ཀྱ་ཀྱིས་ཅི་གི་ཟེར་རྒྱུ་ཟིན་སེམས་ཁྲལ་བགྱིད་དགོས་མེད་དིག ཁྱེད་ཀྱ་ཀྱིས་ཅི་གི་ཟེར་དགོས་འོད་མེད་དེ་དུས་དེ་རང་ལེ་གནང་གྱི་དིག 20ཅི་ལེ་ཟེར་ནི། དེ་རྒྱ་ལབ་ཟེར་མཁན་ནི་ཁྱེད་ཀྱ་མ་དིག ཁྱེད་ཀྱི་སེམས་ནང་ལེ་བཞུགས་མཁན་ཡབ་ཀྱི་དམ་པའི་ཐུགས་ཉིད་ཀྱིས་གསུང་གནང་གྱི་དིག 21ཡང་སྤུན་གཅིག་གིས་གཅིག་ལེ་གསོད་དུ་འཇུག་གི་དིང་། ཨ་ཀྱིས་རང་གི་ཕྲུ་གུ་གསོད་རྒྱུ་དོན་ལེ་གཏོད་དི་དིང་། ཕྲུ་གུས་ཟང་ཕ་མ་ལེ་དགྲ་ཟིན་ཏེ་གསོད་ཀྱི་དིག 22ཡང་ངའི་མིང་གི་དོན་ལེ། མི་ཀུན་གྱི་ཁྱེད་ཀྱ་ལེ་དགྲ་སྡང་པོ་བགྱིད་ཀྱི་དིག ཡིན་ནའང་། མཐའ་མའི་མཇུག་བར་དུ་བཟོད་སྒོམ་བགྱིད་མཁན་མི་དེ་ཀྱ་ལེ་ཏན་ཏན་ཐར་པ་འཐོབ་ཀྱི་དིག 23མི་དེ་ཀྱ་ཀྱིས་ཁྱེད་ཀྱ་ལེ་རྒྱལ་ས་ཞིག་ལེ་གནོད་པ་སྐྱེལ་རྒྱ། ཁྱེད་ཀྱ་ས་ཆ་གཞན་མ་ཞིག་ལེ་བྲོས་ཤིག ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཁྱེད་ཀྱ་ཀྱིས་ཡི་སི་ར་ཨེལ་གྱི་རྒྱལ་ས་ཡེ་རེ་འཁོར་མ་ཚར་རི་སྔོན་ལེ། མིའི་བི་ས་ཁོང་རང་སླེབས་འོང་གྱི་དིག 24ཡང་སློབ་མ་རང་གི་སློབ་དཔོན་ལས་ཆེ་བ་མ་དིག ཡང་གཡོག་པོ་རང་གི་བདག་པོ་ལས་ཟང་གལ་ཆེ་བ་མ་དིག 25ཡང་སློབ་མ་རང་གི་སློབ་དཔོན་ལས་ཆེ་བ་དིང་། གཡོག་པ་རང་གི་དཔོན་པོ་ལས་གལ་ཆེ་བ་འོང་སྲིད། ཡིན་ནའང་། ཁྱིམ་གྱི་བདག་པོ་དེ་ལེ། པེ་ཨིལ་བཟི་པད་སྨྲས་ནི། ནང་མི་ཀྱ་ལེ་དེ་ལས་ལྷག་གི་སྨད་ར་གཏོང་གྱི་དིག#10.25 པེ་ཨིལ་བཟི་པད་ཟེར་ནི་བདུད་ཀྱི་རྒྱལ་པོ་ཡིན་དིག ཡང་མིང་གཞན་ལེ་བདུད་ཀྱི་རྒྱལ་པོ་སཱ་ཏན་ཟང་ཟིན་འོད་དིག 26འོ་དེ་ལེ་བརྟེན་ཏེ། མི་དེ་ཀྱ་ལེ་འཁྱར་སྣང་མ་བགྱིད་ཅིག ཅི་ལེ་ཟེར་ནི། སྦས་འོད་ཡོད་དེ་ཡེ་རེ་འཐོན་འོང་གྱི་དིག ཡང་གསང་བ་ཡེ་རེ་ཟང་ཧ་གོ་གྱི་དིག 27ངས་ཁྱེད་ཀྱ་ལེ་མུན་ནག་ནང་ལེ་ཅི་བཤད་པི་དེ། ཁྱེད་ཀྱ་ཀྱིས་འོད་ཀྱི་ནང་ལེ་ཤོད་དགོས་འོད་དིག ཡང་ཁྱེད་ཀྱ་ཀྱིས་རང་གི་རྣ་མཆོག་ནང་ལེ་ཤུབ་ལབ་ཅི་ཐོས་པི་དེ། ཁང་པའི་ཁང་ཐོག་ནས་མི་ཀུན་ལེ་ཤོད་ཅིག 28ལུས་རྩ་མེད་བཏང་ནུས་ནའང་། སེམས་རྩ་མེད་གཏོང་མི་ཐུབ་མཁན་ལེ་འཁྱར་སྣང་མ་བགྱིད་ཅིག ལུས་དིང་སེམས་གཉིས་ཀ་དམྱལ་ཁམས་ནང་ལེ་རྩ་མེད་གཏོང་ཐུབ་མཁན་དཀོན་མཆོག་ཁོང་ལེ་འཁྱར་སྣང་གྱིས་ཤིག 29ཟངས་ཀྱི་སྒོར་མོ་གཅིག་ལེ་འཚོང་བའི་བྱ་མཆིལ་པ་དེ་ཀྱ་ལེ་ཟང་། ཁྱེད་ཀྱ་ཀྱི་ཡབ་དཀོན་མཆོག་གི་ཆོག་མཆན་མེད་ནི། བྱ་དེ་ཀྱ་ནང་ནས་གཅིག་ཟང་ཤི་གྱི་མ་དིག 30ཁྱེད་ཀྱི་མགོའི་སྐྲ་རྐང་ཟང་རེ་རེ་བྱས་ཏེ་གྲངས་ཀ་བརྒྱབ་འོད་ཕེན། 31འཁྱར་སྣང་མ་བགྱིད་ཅིག བྱ་མཆིལ་པ་ཀྱ་ལས་ལྷག་ཚོད་ཁྱེད་ཀྱ་རིན་ཐང་ཆེ་བ་ཡིན་དིག 32འོ་དེ་ལེ་བརྟེན་ཏེ། མི་སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་ལེ་ཁས་ལེན་བྱས་ནི། ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱི་མདུན་དུ་ངས་ཟང་མི་དེ་ཀྱ་ཁས་ལེན་བགྱིད་ཀྱི་ཡིན། 33ཡིན་ནའང་། མི་སུ་ཞིག་གིས་མི་གཞན་གྱི་མདུན་དུ་ང་ལེ་ཁས་ལེན་མ་བྱས་ནི། ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱི་མདུན་དུ་ངས་ཟང་མི་དེ་ཀྱ་ལེ་ཁས་ལེན་བགྱིད་ཀྱི་མན། 34ཁྱེད་ཀྱ་ཀྱིས་ང་ནི་འཇིག་རྟེན་ལེ་ཞི་བདེ་འཁྱེར་ཏེ་འོངས་པི་དིག་མ་སོམས་ཤིག ངས་ཞི་བདེ་འཁྱེར་ཏེ་འཇིག་རྟེན་ལེ་འོངས་པི་མན། རལ་གྲི་འཁྱེར་ཏེ་འོངས་པི་ཡིན།
35བི་ས་དིང་ཨ་ཀྱི། བུ་མོ་དིང་ཨ་མ། །
མནའ་མ་དིང་བི་སའི་ཨ་མ་ཕན་ཚུན། །
བར་དགྲ་ལང་རྒྱུ་ཆེད་དུ་འོངས་པི་ཡིན། །
36མི་རང་སོ་སོ་དགྲ་བོ་དེ་ནི། །
རང་གི་ཁྱིམ་གྱི་ནང་ནས་འོང་། །
ཟིན་གསུངས་འོད་དིག#10.36 ཚིགས་བཅད་འདི་ནི་ལུང་སྟོན་པ་མི་ཀཱས་བྲིས་པའི་མདོ་ལེའུ་ 7 ཨང་ 6 ནང་ལེ་གཟིགས་རོགས། 37མི་སུ་ཞིག་ཡིན་ནའང་། ང་ལས་ལྷག་ཚོད་རང་གི་ཕ་མ་ལེ་གཅེས་པོ་བགྱིད་མཁན་མི་དེ། ང་ལེ་དགོས་མི་འོས་པ་ཞིག་ཡིན་དིག ཡང་ང་ལས་ལྷག་ཚོད་རང་གི་བི་ས་དིང་བུ་མོ་ལེ་གཅེས་པོ་བགྱིད་མཁན་མི་དེ། ང་ལེ་དགོས་མི་འོས་པ་ཞིག་ཡིན་དིག 38ཡང་མི་སུ་ཞིག་གིས་རང་གི་གདུང་མ་ཀུ་རུ་ཁ་མ་འཁུར་ཏེ། ངའི་རྗེས་ལེ་འབྲངས་འོང་མཁན་མི་དེ་ང་ལེ་དགོས་མི་འོས་པ་ཞིག་ཡིན་དིག 39ཡང་མི་སུ་ཞིག་གིས་རང་གི་སྲོག་སྐྱོབ་མཁན་དེ་ནི། རང་གི་སྲོག་ཤོར་འགྲོ་གྱི་དིག ཡང་མི་སུ་ཞིག་གིས་ངའི་ཆེད་དུ་རང་སྲོག་བློས་གཏོང་མཁན་དེ་ནི། རང་གི་སྲོག་སྐྱོབ་ཀྱི་དིག 40ཡང་མི་སུ་ཞིག་གིས་ཁྱེད་ཀྱ་ལེ་ཕེབས་བསུ་ཞུ་ནི། མི་དེས་ང་ལེ་ཟང་ཕེབས་བསུ་ཞུས་པི་མ་ཟད། ང་ལེ་ཕེབས་བསུ་ཞུ་མཁན་དེས། ང་རྫོངས་མཁན་ཁོང་ལེ་ཟང་ཕེབས་བསུ་ཞུ་འོད་དིག 41ཡང་མི་སུ་ཞིག་གིས་ལུང་སྟོན་པ་ཡིན་དི་ཧ་གོ་སྟེ་ཕེབས་བསུ་ཞུ་ནི། མི་དེ་ལེ་ལུང་སྟོན་པ་ལེ་འཐོབ་འོས་པའི་བྱ་དགའ་དེ་རིང་ཅོག་འདྲ། ཁོ་ལེ་དཀོན་མཆོག་ནས་འཐོབ་ཀྱི་དིག ཡང་མི་སུ་ཞིག་གིས་དྲང་བདེན་ཡིན་དི་ཧ་ག་སྟེ་ཕེབས་བསུ་ཞུ་ནི། མི་དེ་ལེ་དྲང་བདེན་ལེ་འཐོབ་འོས་པའི་བྱ་དགའ་དེ་རིང་ཅོག་འདྲ། ཁོ་ལེ་དཀོན་མཆོག་ནས་འཐོབ་ཀྱི་དིག 42ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་གིས་ཁྱེད་ཀྱ་ནི། ངའི་སློབ་མ་ཡིན་དི་ཆ་ནས། ཆུང་ཤོས་དེ་ཀྱ་ནང་ནས། མི་གཅིག་ལེ་ཆུ་གྲང་མོ་ཕོར་རུ་གང་བྱིན་ནི། མི་དེ་ལེ་འཐོབ་འོས་པའི་བྱ་དགའ་དེ། སྟོང་པ་འགྲོ་སྲིད་ཀྱི་མ་དིག་ཟིན་གསུངས་པི་དིག །
Trenutno odabrano:
མད་ཐཱ། 10: DLPO
Istaknuto
Podijeli
Kopiraj
Želiš li svoje istaknute stihove spremiti na sve svoje uređaje? Prijavi se ili registriraj
© 2023 Wycliffe Bible Translators, Inc. All rights reserved.