མར་ཀུ། 4

4
ལེའུ་བཞི་པ།
ས་ངོན་​འདེབས་པའི་​དཔེ་​སྐོར།
1དེ་ནས་​ཡང་​ཡེ་ཤུས་​ག་ལིལ་​མཚོ་​འགྲམ་​ནས་​མི་​དེ་ཀྱ་​ལེ་​ཆོས་སྟོན་རྒྱུ་འགོ་བཙུགས་རྒྱ། མི་ཚོགས་​མང་པོ་ཞིག་ཟང་ས་ཆ་དེ་རུ་​འཛོམས་​འོང་ཕེན། ཁོང་​རང་གྲུའི་​ནང་​ལེ་​བཞུགས་པི་མ་ཟད། མི་ཚོགས་དེ་ཀྱ་​ཟང་མཚོའི་​འགྲམ་​ལེ་བསྡད་​དི་​དིག 2དེ་ནས་​ཁོང་​གིས་​དཔེའི་​བརྒྱུད་ནས་ཆོས་མང་པོ་​བསྟན་ཏེ་​མི་​དེ་ཀྱ་​ལེ། 3ད་ཁྱེད་​ཀྱ་​ཀྱིས་ང་ལེ་ཉོན་​ཅིག ཞིང་པ་​ཞིག་གིས་​ཞིང་​ལེ་ས་​ངོན་​འདེབས་​དུ་​བུད་​དི་​དིག 4དེ་ནས་ས་ངོན་འདེབས་​རྒྱ། ས་ངོན་ལ་ལ་​ལམ་​ལེ་​འཐོར་​ཕེན་​བྱ་​འོངས་ཏེ་​བཟས་​པི་​དིང་​། 5ཡང་​ས་ངོན་​ལ་ལ་​ནི་​ས་མང་པོ་མེད་མེད་རྡོ་རོབ་ནང་​ལེ་​འཐོར་ཕེན་​མགྱོགས་པོ་​ཡར་​སྐྱེས་​ནའང་​། 6རྩ་བ་​གཏིང་​རིང་པོ་​མེད་​ཕེན་ཉི་མ་​ཚ་པོ་​ཤར་​ཏེ་​བསྐམས་​པི་​དིག 7ཡང་​ས་ངོན་​ལ་ལ་​ཚེར་མའི་​ནང་ལེ་​འཐོར་​ཕེན་​ཚེར་མ་སྐྱེས་ཏེ་​མར་མནན་​ཕེན་​འབྲས་བུ་​སྨིན་​མ་ཐུབ་པི་​དིག 8ཡིན་ནའང་། ས་ངོན་​ལ་ལ་​ས་​དགའ་མོའི་​ནང་ལེ་​འཐོར་​ཕེན་​འབྲས་བུ་​སྨིན་​ཏེ། འབྲས་བུ་​ལ་ལ་​ལྡབ་​སུམ་ཅུ་​དིང་​། ལ་ལ་​ལྡབ་​དྲུག་ཅུ། ལ་ལ་​ལྡབ་བརྒྱ་སྨིན་པི་​དིག 9ཡང་ཡེ་ཤུས་རྣ་མཆོག་​འོད་མཁན་གྱིས་ལབ་​འདི་​དགའ་མོ་​བྱས་ཏེ་ཉོན་​ཅིག་​ཟིན་གསུངས་​པི་​དིག 10ཡང་​ཁོང་རང་​སྐུ་​རྐྱང་​ལེ་​བཞུགས་པའི་​དུས་ཞིག་ལེ། ཁོང་​གི་​སློབ་མ་​བཅུ་གཉིས་​དིང་​། ཁོང་གི་རྗེས་​འབྲང་པ་གཞན་མ་​ཀྱ་​ཀྱིས་​དཔེ་​དེའི་​དོན་དག་​ཅི་​ཟེར་​རི་​གོ་​ཟིན་​ཁོང་ལེ་ཞུས་པི་དིག 11ཁོང་​གིས་དཀོན་མཆོག་​གི་​རྒྱལ་ཁབ་​ཀྱི་​གསང་བ་​ནི་​ཁྱེད་​ཀྱ་​ལེ་​བསྟན་​གནང་པི་དིག ཡིན་ནའང་། ཕྱིའི་​མི་​ཀྱ་​ལེ་​དཔེའི་བ​རྒྱུད་ནས་​གསུངས་​པི་​དིག 12གསུང་རབ་ཀྱི་མདོ་ནང་ལེ།
མི་​དེ་ཀྱ་​ཀྱིས་མཐོང་​ནའང་​ངོ་མ་ཤེས་པི་​མ་ཟད། །
རྣ་མཆོག་​གིས་ཐོས་​ནའང་ཡང་​དོན་​ཧ་མ་གོ །
དེ་མན་ནི་མི་དེ་ཀྱ་ཀྱིས་ཁོང་གི་​ཕྱོགས་​ལེ་​སེམས་​ཁུགས་​ཏེ། །
ཁོང་གིས་ཟང་མི་དེ་ཀྱ་ཀྱི་སྡིག་ཉེས་དེ་སེལ་གནང་གྱི་དིག །
ཟིན་​གསུངས་​པི་​དིག#4.12 ཚིགས་བཅད་འདི་ནི་ཡེ་ཤ་ཡཱས་བྲིས་པའི་ལེའུ་ 6 ཨང་ 9-10 ནང་ལེ་གཟིགས་རོགས། 13ཡང་ཁོང་གིས་ཁྱེད་ཀྱ་ཀྱིས་དཔེ་​འདིའི་​དོན་དག་​ཟང་​ཧ་​མ་​གོ་​ཕེན། ད་དཔེ་​གཞན་གྱི་དོན་​དེ་ཅི་གི་​བྱས་​ཏེ་​ཧ་གོ་​ཐུབ་​རྒྱུ་​ཟིན་གསུངས་​པི་​དིག 14ཞིང་པ་ཞིག་གིས་ཞིང་ལེ་ས་ངོན་བཏབ་པའི་​དཔེ་དེའི་དོན་​དེ་ནི། དཀོན་མཆོག་​གི་​བཀའ་​ཅོག་འདྲ་​ཡིན་དིག 15ས་ངོན་​ལམ་​ལེ་​འཐོར་​རི་​དཔེ་དེའི་དོན་​དེ་ནི། མི་​ལ་ལས་​དཀོན་མཆོག་​གི་​བཀའ་​ཐོས་​ལོང་​མེད་​བདུད་​སཱ་ཏན་​འོངས་ཏེ། ཁོའི་​སེམས་​ནང་​ལེ་འོད་ཡོད་བཀའ་​དེ་​ཕྲོགས་​ཏེ་​ཁྱེར་​འགྲོ་བ་​དིང་ཅོག་འདྲ་​ཡིན་​དིག 16ཡང་དེ་ཅོག་འདྲ་​རྡོ་རོབ་​ནང་​ལེ་​འཐོར་རི་​ས་ངོན་​གྱི་དཔེ་དེའི་དོན་​དེ་ནི། མི་​ལ་ལས་​དཀོན་མཆོག་​གི་​བཀའ་​ཐོས་​ལོང་​མེད་​སེམས་​དགའ་སྣང་​ཆེན་པོའི་ངང་ལེ་​དད་པ་​བྱས་​ནའང་​། 17རང་གི་སེམས་​ནང་​ལེ་​དད་པའི་རྩ་བ་དེ་གཏིང་རིང་པོ་ཚུགས་མེད་ཕེན། བཀའ་​དེའི་​དོན་​ལེ་​དཀའ་ངལ་དིང་​གནོད་ཚེ་​བྱུང་རྒྱ། དད་པ་ཉམས་​འགྲོ་བ་​དིང་ཅོག་འདྲ་​ཡིན་དིག 18ཡང་​ཚེར་མའི་​ནང་​ལེ་​འཐོར་​རི་​ས་ངོན་​གྱི་​དཔེ་དེའི་དོན་​དེ་ནི། མི་​ལ་ལས་​དཀོན་མཆོག་​གི་​བཀའ་​ཐོས་​ནའང་​། 19འཇིག་རྟེན་འཚོ་བའི་​སྐོར་​ལེ་​སེམས་ཁྲལ་​དིང་​། རྒྱུ་ནོར་​གྱི་བསླུ་བྲིད་དིང་། འདོད་པ་​སྣ་མིན་སྣ་ཚོགས་​ཀྱིས་མནན་ཏེ། དཀོན་མཆོག་​གི་​བཀའ་​དེ་ལེ་འབྲས་བུ་​སྨིན་​མ་ཐུབ་པི་དིང་ཅོག་འདྲ་​ཡིན་དིག 20ཡང་​ས་​བཟང་པོའི་ནང་​ལེ་​འཐོར་རི་​ས་ངོན་​གྱི་དཔེ་དེའི་དོན་​དེ་ནི། ཡང་​མི་​ལ་ལས་​དཀོན་མཆོག་​གི་​བཀའ་​ཐོས་​ཏེ་​སེམས་གཏིང་ནས་ཁས་ལེན་བྱས་ཕེན། བཀའ་དེ་ལེ་འབྲས་བུ་​བཟང་པོ་​སྨིན་ཐུབ་​ཏེ། འབྲས་བུ་​ལ་ལ་​ལྡབ་​སུམ་ཅུ་​དིང་​། ལ་ལ་​ལྡབ་​དྲུག་ཅུ། ལ་ལ་​ལྡབ་​བརྒྱ་​སྨིན་པི་ཅོག་འདྲ་​ཡིན་དིག་ཟིན་​གསུངས་​པི་​དིག
མཆོད་མེ་དིང་ས་ངོན་གྱི་དཔེ་​སྐོར།
21ཡང་དང་​ཡེ་ཤུས་མཆོད་མེ་​སྤར་​ཏེ་​རྐོན་པའི་འོག་​དིང་​། ཡང་ནི་ཉལ་ཁྲིའི་​འོག་ལེ་མི་​བོར་འོད་དིག མཆོད་མེ་དེ་མི་ཡེ་རེའི་མཐོང་ས་ལེ་སྤར་ཏེ་མི་འབོར་འོད་དི་གས། 22འོ་དེ་ཅོག་འདྲ། མི་ཀྱ་ཀྱིས་དོན་རྟོགས་མ་ཐུབ་དིང་། ཡང་སྦས་པའི་གསང་བ་ཡེ་རེ་དཀོན་མཆོག་གིས་མངོན་སུམ་དུ་སྟོན་གནང་གྱི་དིག 23ཁྱེད་​རྣ་མཆོག་​འོད་ཡོད་​ཡེ་རེས་དགའ་མོ་བྱས་ཏེ་ཉོན་​ཞིག་ཟིན་གསུངས་​པི་​དིག 24ཡང་​ཁོང་​གིས་​ཁྱེད་​ཀྱ་​ཀྱིས་ཅི་​ཐོས་པི་དེ་​ཀྱ་​གཟབ་གཟབ་​གྱིས་​ཤིག ཅི་ལེ་ཟེར་ནི། ཁྱེད་​ཀྱ་​ཀྱིས་​སྣོད་ཅི་གི་ཚད་བརྒྱབ་སྟེ་མི་གཞན་ལེ་བྱིན་ནི། ཁྱེད་ཀྱ་ལེ་ཟང་སྣོད་དེ་རིང་ཅོག་འདྲ་གནང་གྱི་ཡིན་དི་མ་ཟད། ཡང་​དེ་​ལས་ཟང་​ལྷག་​ཚོད་​གནང་​གྱི་​དིག་​ཟིན་གསུངས་​པི་​དིག 25ཅི་ལེ་​ཟེར་​ནི། མང་པོ་​འོད་ཡོད་​དེ་​ལེ་​འཛན་​མང་ང་​གནང་གྱི་​དིང་​། ཡང་​མེད་​མེད་​དེ་​ལེ་​ཅུང་མ་འོད་ཡོད་​དི་​ཟང་​འཕྲོག་​འགྲོ་​གྱི་​དིག་​ཟིན་གསུངས་​པི་​དིག
26ཡང་དང་​ཁོང་གིས་དཀོན་མཆོག་​གི་​རྒྱལ་ཁབ་​ནི། མི་ཞིག་གིས་ཞིང་​ལེ་​ས་ངོན་​བཏབ་པི་ཅོག་འདྲ་​ཡིན་དིག 27ཞིང་པ་ཁོ་མཚན་​མོ་མར་གཉིད་ཉལ། ཉིན་​མོ་​ཡར་ལངས་བྱས་​ནའང་​། ས་ངོན་རིམ་པ་བཞིན་དུ་སྐྱེས་ཏེ་མྱུ་གུ་འབུས་འོངས་པི་དིག ཡིན་ནའང་། ཞིང་པ་ཁོས་ཅི་​གི་​བྱས་​ཏེ་​བྱུང་པི་དེ་མི་ཤེས་འོད་དིག 28ས་གཞིས་རང་བཞིན་གྱིས་འབྲས་བུ་​སྐྱེས་​ཏེ། དང་པོ་​མྱུ་གུ་​འབུས་འོངས་པི་དིང་། དེ་ནས་སྙེ་རྡོག་​ཆགས། མཇུག་མཐའ་མ་སྙེ་མ་དེ་ལེ་​འབྲུ་རྡོག་​སྨིན་པི་དིག 29དེ་ནས་འབྲུ་རིགས་སྨིན་​ཏེ་བརྔ་​རན་ཕེན། མི་ཁོས་ཟོར་ར་འཁྱེར་ཏེ་འབྲེག་གྱི་དིག་ཟིན་​གསུངས་​པི་​དིག
ཚུག་གི​་ས་ངོན་​གྱི་​དཔེ་​སྐོར།
30ཡང་དང་​ཁོང་​གིས་དཀོན་མཆོག་​གི་​རྒྱལ་ཁབ་​དེ་ནི་ཅི་གི་​ཞིག་དིང་བསྡུར་རྒྱུ། དཔེ་​ཅི་གི་​ཞིག་​བརྒྱུད་ནས་​འགྲེལ་བཤད་​རྒྱག་རྒྱུ། 31དེ་ནི་​ཚུག་​གི་​ས་ངོན་དིང་​ཅོག་འདྲ་ཡིན་དིག ས་ལེ་བཏབ་པའི་ས་ངོན་ཡེ་རེ་ནང་ནས་དེ་​ཆུང་​ཤོས་​ཞིག་ཡིན་​ནའང་​། 32བཏབ་པའི་​རྗེས་​ལེ་​ས་ངོན་ཡེ་རེའི་ནང་​ནས་​ཆུང་ཤོས་དེ་ནི། སྡོང་པོ་​ཅོག་འདྲ་​ཆེན་པོ་​སྐྱེས་​ཏེ། དེའི་ཡལ་ག་འོག་​ལེ་བྱིའུ་ཚང་​ཟང་བསགས་​ཏེ་​སྡོད་​ཐུབ་​གྱི་​དིག་​ཟིན་གསུངས་​པི་​དིག#4.32 ཡི་སི་ར་ཨེལ་གྱི་ལུང་པ་ལེ་ཚུག་རིགས་མང་པོ་འོད་དིག ཡང་ཚུག་རིགས་དེའི་ནང་ནས་ཁ་ཤས་ཞིག་སྡོང་པོ་ཅོག་འདྲ་ཆེན་པོ་སྐྱེ་འོད་དི་གནས་ཚུལ་འདུག
33ཡེ་ཤུས་འོ་འདི​་ཅོག་འདྲ་​དཔེ་​མང་པོ་​བསྟན་​ཏེ། མི་​ཀྱ་ཀྱིས་དཔེ་​ཅིའི་བརྒྱུད་ནས་ཧ་གོ་རྒྱུ་ལས་སླ་​མོ་འོད་​ནི། འོ་དེ་​ལེ་​དཔེ་བསྟན་ཏེ་དཀོན་མཆོག་གི་བཀའ་དེ་གསུངས་པི་དིག 34ཁོང་​གིས་​དཔེ་​བརྒྱུད་​ནས་​མ་གཏོགས་མི་དེ་ཀྱ་ལེ་ཅི་གང་གསུངས་​མ་གནང་པི་​དིག ཡང་​མི་​མེད་རྒྱ​་ཁོང་གིས་དཔེ་​དེའི་​ནང་དོན་​ཡེ་རེ་སློབ་མ་ཀྱ་ལེ་གསལ་བཤད་གནང་པི་དིག
ཡེ་ཤུས་རླུང་འཚུབ་​ཞི་འཇམ་​བཟོས་གནང་བ།
35དེ་ནས་ཉིན་མ་དེའི་དགོང་མོ་​ཡེ་ཤུས་​རང་གི་སློབ་མ་​ཀྱ་​ལེ། ད་འོ་རང་​ཀྱ་​མཚོའི་ཕར་ཀན་​ལེ་​འགྲོ་​ཟིན་གསུངས་​པི་​རྗེས་ལེ། 36སློབ་མ་​ཀྱ་​ཟང་མི་​ཚོགས་དིང་​ཁ་བྲལ་​ཏེ། ཡེ་ཤུའི་​བཞུགས་པའི་གྲུ་​ནང་​ལེ་​འཛུལ་​ཏེ་​ཁོང་​གི་སྐྱེན་ལེ་​བུད་​དི་​དིག ཡང་ཁོང་​ཀྱ་​ཀྱི་​སྐྱེན་ལེ་​གྲུ་​གཞན་མ་​ཟང་​འོད་དིག 37དེ་​ནས་དེ་ལོང་​མེད་​དི་​རླུང་འཚུབ་​ཆེན་པོ་ཞིག་ལངས་ཕེན། རྦ་རླབས་གྲུའི་ནང་ལེ་འཛུལ་ཏེ་ཆུས་གང་འགྲོ་འོད་དིག 38དེ་​རྒྱ་ཡེ་ཤུ་​ནི་གྲུའི་​མཇུག་​ཏུ་མགོ་སྔས་ལེ་​བོར་ཏེ་​གཟིམས་​བཞུགས་འོད་ཕེན། སློབ་མ་​ཀྱ་​ཀྱིས་ཁོང་​ཡར་​གཉིད་དཀྲོགས་​ཏེ། སློབ་དཔོན། ཉེད་​ཀྱ་​ཆུའི་​ནང་​ལེ་​ཐིམ་སྟེ་ཤི་འོང་མི་སེམས་འདུག་​གས་​ཟིན་​སྐད་​བརྒྱབ་​པི་དིག 39དེ་ནས་ཁོང་​ཡར་​བཞེངས་​ཏེ་​རླུང་​ལེ་​བཀའ་བཀྱོན་​གནང་པི་མ་ཟད། རྦ་རླབས་​དེ་ལེ་ཟང་ཞི་​འཇོམས་ཤིག ཁ་སྡུས་ཟིན་​གསུངས་​ལོང་​མེད། རླུང་​དིང་​མཚོ་​ཞི་​འཇམས་​པི་​དིག 40དེ་ནས་​ཁོང་​གིས་​སློབ་མ་​ཀྱ་​ལེ། ཁྱེད་​ཀྱ་​ཅི་​ལེ་​འཁྱར་སྣང་​བགྱིད་​དི་​ཡིན་དོ། ཁྱེད་​ཀྱ་​ད་རུང་​ཟང་​ང་​ལེ་​ཡིད་​ཆེས་​མེད་​དས་​ཟིན་གསུངས་​ཕེན། 41སློབ་མ་​ཀྱ་ཁོང་ལེ་འཇུ་གུ་​འཇིགས་​ཏེ། ཕན་ཚུན་བར་ལེ་མི་​འདི་​སུ་​ཡིན་​ནེ། རླུང་​དིང་​རྦ་རླབས་​ཟང་​ཁོང་​གི་​བཀའ་​ལེ་​ཉན་​གྱི་འདུག་​ཟིན་འོད་དིག །

Tällä hetkellä valittuna:

མར་ཀུ། 4: DLPO

Korostus

Jaa

Kopioi

None

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään