མད་ཐཱ། ངོ་སྤྲོད།
ངོ་སྤྲོད།
རྩོམ་པ་པོ། སྐུ་ཚབ་མད་ཐཱ་ཡིན་དིག ཁོང་རང་ནི་སྔོན་མ་ཁྲལ་སྡུད་མཁན་ཞིག་ཡིན་དིག ཡིན་ནའང་། རྗེས་ལེ་ཁོང་རང་ཇོ་བོ་ཡེ་ཤུའི་སློབ་མ་ཞིག་བྱུང་པི་དིག ཡང་ཁོ་རང་ལེ་ལེ་ཝི་ཟང་ཟིན་འོད་དིག
རྩོམ་པའི་དུས་དེ་ནི། སྤྱི་ལོའི་དུས་རབས་དང་པོའི་མཇུག་ཚོད་ལེ་བྲིས་འདུག
རྩོམ་རིག་རྣམ་གྲངས་ནི། གཏམ་བཟང་ཡིན་དིག
གཏམ་བཟང་འདི་ཀློག་མཁན་དང་པོ་ནི། གེ་རིག་སྐད་རྒྱག་མཁན་ཡ་ཧུ་དཱ་པ་ཀྱ་ཡིན་དིག
གཏམ་བཟང་འདིའི་ནང་དོན་གཙོ་བོ་ནི། སྐུ་ཚབ་མད་ཐཱས་བྲིས་པའི་གཏམ་བཟང་འདི་ལེ། ནང་དོན་གཙོ་བོ་གཉིས་འོད་དིག ནང་དོན་དང་པོ་དེ་ནི། ཇོ་བོ་ཡེ་ཤུ་ནི། དཀོན་མཆོག་གིས་རང་གི་མི་རིགས་ཀྱ་ལེ་གནང་རྒྱུ་ཡིན་དི་སྐྱབས་མགོན་དི་ཡིན་དིག ནང་དོན་གཉིས་པ་དེ་ནི། ཡེ་ཤུའི་སྐུ་ཚེ་དིང་ཕྱག་ལས་ཀྱིས་ཞལ་ཆད་རྙིང་བའི་ལུང་བསྟན་དེ་སྒྲུབས་པི་དིག མད་ཐཱས་བྲིས་པའི་གཏམ་བཟང་དང་པོའི་ནང་ལེ། ཇོ་བོ་ཡེ་ཤུ་འཁྲུངས་གནང་པི་དིང༌། ཁྲུས་གསོལ་བླངས་པི་དིང་། ཉམས་ཚོད་མྱངས་པའི་ལོ་རྒྱུས་དེ་ཀྱ་བྲིས་འོད་དིག ཡང་དེའི་རྗེས་ལེ་ཡེ་ཤུ་ཁོང་གིས་ག་ལིལ་ལུང་པ་ལེ་ཆོས་བསྟན་གནང་བ། གཏམ་བཟང་བཤད་པ། ནད་རིགས་ཡེ་རེ་དྲག་ཏུ་བཅུག་གནང་བ། རྒྱལ་ས་ཡེ་རུ་ས་གླིང་ལེ་ཕེབས་པ། གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བཀྲོངས་ཏེ། ཡང་དང་སྐུ་གསོན་པོ་བྱུང་བའི་ལོ་རྒྱུས་དེ་ཀྱ་བྲིས་འོད་དིག གཏམ་བཟང་འདིའི་མཐའ་མཇུག་ལེ། ཇོ་བོ་ཡེ་ཤུས་རང་གི་སློབ་མ་ཀྱ་ལེ། མི་རིགས་ཡེ་རེ་སློབ་མ་ལེ་བསྐོས་ཤིག་ཟིན་བཀའ་གནང་འོད་དིག
اکنون انتخاب شده:
མད་ཐཱ། ངོ་སྤྲོད།: DLPO
هایلایت
به اشتراک گذاشتن
کپی

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید
© 2023 Wycliffe Bible Translators, Inc. All rights reserved.