ལུ་ཀ། 13

13
སྡིག་པ་སྤངས་རེ་སེམས་བསྒྱུར་བ་གཏོང་།
1ད་འོ་དུ་རུ་འོད་ཀྱིན་མི་རིང་འགའ་ཡིས་ཡེ་ཤུ་ལ་པི་ལ་ཏུ་ཡིས་ག་ལིལ་པ་ཀྱ་ཡི་ཁྲག་གོ་དམར་མཆོད་ཀྱི་ཁྲག་མུ་ལ་བསྲེས་ཀྱིན་གྱི་སྐོར་ལ་བཤད་པ་ལགས། 2དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་དེ་ག་ལིལ་པ་ཀྱ་ལ་དེ་རེ་སྡུག་པོ་རག་ར་བྱས་རེ་ཁོང་ཀྱ་གཞན་མ་ག་ལིལ་པ་གི་རི་ནས་ལྷག་སྡིག་ཅན་ལགས་སྨྲས་རེ་བསམ་ཡས། 3དེ་རེ་མ་ལགས་སྨྲས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཡིན་ནའང་ཁྱེད་ཀྱ་སྡིག་པ་སྤངས་རེ་སེམས་མི་བསྒྱུར་ན། ཁྱེད་ཀྱའང་གི་རི་འོ་དེ་རེ་རང་བྱས་རེ་ཤི་གི་ལགས། 4ཡང་ན་སི་ལོ་ཨམ་དུ་འོད་ཀྱིན་མཁར་བརྡིབས་ཏེ་མི་བཅོ་བརྒྱད་ཤི་གིན་གོ་ཀྱ་ཡེ་རུ་ཤ་ལེམ་གྱི་མི་གཞན་མ་ཀྱ་ནས་ལྷག་སྡིག་ཅན་ལགས་སྨྲས་རེ་ཁྱེད་ཀྱ་བསམ་མའི། 5དེ་རེ་མ་ལགས་སྨྲས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཡིན་ནའང་ཁྱེད་ཀྱ་སྡིག་པ་སྤངས་རེ་སེམས་མི་བསྒྱུར་ན། ཁྱེད་ཀྱའང་གི་རི་འོ་དེ་རེ་རང་བྱས་རེ་ཤི་གི་ལགས།
འབྲས་བུ་མེད་སྐྱེས་ཀྱིན་སྡོང་པོ།
6འོ་དེ་གཤམ་ནས་ཡེ་ཤུ་ཡིས་དཔེ་འདི་གསུངས་བ་ལགས། མི་གཅིག་གིས་ཁོ་རི་རྒུན་འབྲུམ་གྱི་ལྡུམ་ར་རུ་སེ་ཡབ་ཀྱི་སྡོང་པོ་གཅིག་བཙུགས་འོད་ད་ལགས། འོ་དེ་སྡོང་པོ་ལ་འབྲས་བུ་སྐྱེས་འོད་གྲོ་སྨྲས་རེ་འོ་དེ་མི་ལྟ་རུ་འོངས་བ་ལགས། ཡིན་ནའང་གཅིག་འང་མ་འབྱོར་པ་ལགས། 7དེ་ནས་ལྡུམ་ར་སྲུང་མཁན་གོ་ལ་ཁོས་སྨྲས་བ་ལགས། ད་ང་དེ་སེ་ཡབ་ཀྱི་སྡོང་པོ་ལ་འབྲས་བུ་བཙལ་རུ་འོངས་རེ་ལོ་གསུམ་བྱུང་སོང་། ཡིན་ནའང་གཅིག་འང་རྙེད་ཀྱི་མིན་འདུག། དེ་ལ་བཅད་དེ་གཡུགས་ཏེ་རྫོངས། གི་བྱས་རེ་འདི་ཡིས་ས་ཟིམ་དུ་བཅུག་ཡས། 8ཡིན་ནའང་ལྡུམ་ར་སྲུང་མཁན་གྱིས་སྨྲས་བ་ལགས། ངའི་བདག་པོ། དེ་ལ་དོ་རང་འང་ལོ་གཅིག་བཞག་ཏུ་བཅུག་རོགས་གནང་། ང་འདིའི་གཡས་གཡོན་ལ་བྲུས་རེ་ལུད་བརྒྱབ་ཡས་ཡིན། 9དེ་ནས་ལོ་གཤམ་མ་གོ་ལ་འབྲས་བུ་སྐྱེས་ན་དགའ་ཡས་རེ་ལགས། མེད་སྐྱེས་ན་ཁྱེད་རང་གི་དེ་ལ་བཅད་རོགས་མཛད།
ངལ་གསོ་གིན་ཉིན་མ་ལ་གུག་ཅུ་མ་གཅིག་བཅོས་ག་མཛད་པ།
10ད་ངལ་གསོ་གིན་ཉིན་མ་ལ་ཡེ་ཤུ་ཚོགས་ཁང་གཅིག་གི་ནང་དུ་ཆོས་གསུངས་བའི་འོད་ད་ལགས། 11འོ་དུ་རུ་ལོ་བཅོ་བརྒྱད་ཐུག་པའི་གནོད་པ་ཡིས་གུག་ཅུ་མ་བཟོས་ཟ་སྐྱེས་དམན་གཅིག་འོད་ད་ལགས། མིའི་གཟུགས་གུག་གུག་འོད་ད་ལགས། དེ་ནས་ཀེ་རེ་ལངས་མི་ཐུབ་བ་ལགས། 12ཡེ་ཤུ་ཡིས་མོ་ལ་གཟིགས་བ་མཛད་དེ་མོ་ལ་གདོང་ལ་བོས་རེ་གསུངས་བ་ལགས། བུ་མོ། ཁྱོད་ཁྱོད་རི་ན་ཚ་ནས་ཐར་སོང་། 13དེ་ནས་ཁོང་པ་ཡིས་ཕྱག་མོའི་ཁར་ལ་བཞག་མཛད་པ་ལགས། དེ་ནས་མོ་ལམ་སང་ཀེ་རེ་ལངས་ཐུབ་ཀྱིན་བྱུང་བ་ལགས། དེ་ནས་མོས་དཀོན་མཆོག་གིས་བསྟོད་སྒྲ་བཏང་བ་ལགས།
14ངལ་གསོ་གིན་ཉིན་མ་ལ་ཡེ་ཤུ་ཡིས་ན་ཚ་བཅོས་ག་མཛད་དེ་འོ་དེ་ཚོགས་ཁང་གི་དཔོན་པོ་གོ་དམི་ཅིག་གི་སྡུག་ཙ་བསྡུས་བ་ལགས། དེ་ནས་འོ་དུ་རུ་འོད་མཁན་མི་ཀྱ་ལ་སྨྲས་བ་ལགས། ལས་ཀ་བྱེད་ཡས་ཀྱི་ཆེད་དུ་ཞག་མོ་དྲུག་འོད་ད་ལགས། འོ་བྱས་རེ་ངལ་གསོ་གིན་ཉིན་མ་ལ་མིན་ད་འོ་དེ་ཉིན་མ་ཀྱ་ལ་འོངས་རེ་བཅོས་ག་འབྱུང་།
15ཡིན་ནའང་གཙོ་བོ་ཡིས་བཀའ་ལན་གནང་བ་ལགས། ཁྱེད་ཟོག་པོ་ཀྱ་བོ། ངལ་གསོ་གིན་ཉིན་མ་ལ་ཁྱེད་ཀྱ་ཁྱེད་རི་གླུང་ཡང་ན་བོང་གུ་ཀྱ་ཡི་ཐག་པ་བཀྲོལ་རེ་ཆུ་བླུད་དུ་འཁྲིད་ཏེ་མེད་འགྲོ་བ་ལེ། 16ད་འདི་སྐྱེས་དམན་ཨབ་ར་ཧམ་གྱི་བུ་མོ་དེ་སཱ་ཏན་གྱི་ལག་ཀ་ལ་ལོ་བཅོ་བརྒྱད་ཐུག་པའི་ཤོར་འོད་ད་ལགས། དེ་ནས་ངལ་གསོ་གིན་ཉིན་མ་ལ་མོ་ལ་འོ་དེའི་ལག་ཀ་ནས་བཀྲོལ་མེད་ཆོག་བ་ལེ། 17ཁོང་པ་ཡིས་དེ་གསུངས་རེ་ཁོང་པ་ཡི་དགྲ་ཀྱ་གི་རི་ལ་ངོ་ཚ་རུ་བཅུག་པ་ལགས། ཡིན་ནའང་མི་མང་ཀྱ་ཁོང་པ་ཡིས་མཛད་ཛ་ཧང་སང་གིན་ཕྱག་ལས་ཀྱ་ལ་ཉམ་མོ་དགྱེས་བ་ལགས།
ཚུག་གི་ས་ང་དང་སྐྱུར་རྩིའི་དཔེ།
(མད་ཐཱ། ༡༣:༣༡-༣༣; མར་ཀུ། ༤:༣༠-༣༢)
18དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་གི་ཅོག་རེ་འོད་ད་ལེ། ང་འདི་ལ་གི་མུ་ལ་སྡུར་གུ་ལགས་སེ། 19འོ་དེ་མི་གཅིག་གིས་རང་གི་ལྡུམ་ར་རུ་བཏབ་ཀྱིན་ཚུག་གི་ས་ང་ཅོག་རེ་ལགས། འོ་དེ་འཚར་ཏེ་སྡོང་པོ་གཅིག་བྱུང་བ་ལགས། དེ་ནས་གནམ་གྱི་བྱ་ཀྱ་ཡིས་འོ་དེའི་ཡལ་ག་ཀྱ་ཁར་ལ་ཚང་ཀྱ་བཟོས་བ་ལགས།
20ཡང་ཁོང་པ་ཡིས་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་ལ་ང་གི་མུ་ལ་སྡུར་ཡས། 21འདི་ནི་བུ་མོ་གཅིག་གིས་བག་ཕེ་ཀི་ལོ་ཉེ་རྩ་ལྔ་མུ་ལ་བསྲེས་ཀྱིན་སྐྱུར་རྩི་ཅོག་རེ་ལགས། དེ་ནས་འོ་དེ་ཡིས་བག་ཕེ་གི་རི་ལ་སྐྱུར་བསླངས་བ་ལགས།
སྒོ་དོག་བ་གོ།
(མད་ཐཱ། ༧:༡༣-༡༤,༢༢-༢༣;༨:༡༡-༡༢)
22དེ་ནས་ཡེ་ཤུ་རྒྱལ་ས་ཀྱ་དང་ཡུལ་ཀྱ་ནས་བྱུང་རེ་ཆོས་བཤད་བ་མཛད་དེ་མཛད་དེ་ཡེ་རུ་ཤ་ལེམ་ཕྱོགས་ལ་ཕེབས་པ་ལགས། 23དེ་ནས་མི་གཅིག་གིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཐར་པ་འཐོབ་ཡས་ཡིན་གྱིན་ཀྱ་ཉུང་ང་འོང་གི་ལེ།
ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། 24སྒོ་དོག་བ་ནས་འཛུལ་ཡས་ལ་གི་ཐུབ་ཐུབ་ཐབས་ཤེས་བྱེད། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་མང་ཆེ་ཡིས་འོ་དེ་ནས་འཛུལ་ཡས་ཀྱི་ཐབས་ཤེས་བྱེད་ཀྱི་ལགས། ཡིན་ནའང་མི་ཐུབ་ཀྱི་ལགས། 25ཁང་པའི་བདག་པོ་གོ་ལངས་ཚར་ཏེ་སྒོ་བརྒྱབ་ཀྱི་ལགས། དེ་ནས་ཁྱེད་ཀྱ་ཕི་ལ་དེ་རེ་སྨྲས་རེ་སྒོ་རྡུང་གི་ལགས། གཙོ་བོ། འེ་ལ་སྒོ་པེ་རོགས་གནང་། དེ་ནས་ཁོས་ཁྱེད་ཀྱ་ལ་ཁྱེད་ཀྱ་སུ་ཡིན་གྱིན་དང་ག་ནས་འོང་གིན་གོ་ང་ལ་ཤེས་ཡས་མེད་སྨྲས་རེ་ལན་བསློགས་གི་ལགས། 26དེ་ནས་ཁྱེད་ཀྱ་ཡིས་སྨྲ་གི་ལགས། འེ་ཀྱ་ཁྱེད་རང་མུ་ལ་རང་ཟ་འཐུང་བྱས་བའི། དེ་ནས་འི་ཀི་སྲང་གག་ཀྱ་ལ་ཁྱེད་རང་གིས་ཆོས་སྟོན་མཛད་པ་ལགས། 27དེ་ནས་ཁོང་པ་ཡིས་སྨྲ་གི་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་སུ་ཡིན་གྱིན་དང་ཁྱེད་ཀྱ་ག་ནས་འོང་གིན་གོ་ང་ལ་ཤེས་ཡས་མེད། ངན་པ་ལས་ཀ་བྱེད་མཁན་ཁྱེད་གི་རི་ང་ནས་ཧ་ལ་སོང་། 28ཁྱེད་ཀྱ་ཡིས་དཀོན་མཆོག་གི་རྒྱལ་སྲིད་དུ་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་དང་། མངོན་ཤེས་མཁན་གི་རི་ལ་མཇལ་གྱི་ལགས། ཡིན་ནའང་ཁྱེད་རང་ཀྱ་གོ་ཕི་ལ་གཡུག་གིན་གོ་མཐོང་བའི་གང་ལ། འོ་དེ་ས་ཆ་རུ་ཁྱེད་ཀྱ་ངུས་རེ་སོ་འཁྲིགས་ཏེ་བསྡད་ཀྱི་ལགས། 29མི་ཀྱ་ཤར་དང་། ནུབ་དང་། བྱང་དང་། ལྷོ་ཕྱོགས་ནས་འོངས་རེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བཞུགས་གྲལ་ལ་བསྡད་ཀྱི་ལགས།
30ལྟོས་དང་། ཨེན་མ་ཡིན་གྱིན་རིང་འགའ་གཤམ་མ་འབྱུང་གི་ལགས། དེ་ནས་གཤམ་མ་ཡིན་གྱིན་རིང་འགའ་ཨེན་མ་འབྱུང་གི་ལགས།
ཡེ་རུ་ཤ་ལེམ་གྱི་ཕྱིར་ལ་ཡེ་ཤུ་ཡིས་ཐུགས་ཁུར་མཛད་པ།
(མད་ཐཱ། ༢༣:༣༧-༣༩)
31འོ་དེ་གང་ལ་ཕཱ་རུ་ཤི་པ་རིང་འགའ་ཀྱ་འོངས་རེ་ཡེ་ཤུ་ལ་ཞུས་བ་ལགས། ཁྱེད་རང་དེ་ནས་ཐོན་ཏེ་ཕེབས་རོགས་གནང་། གི་བྱས་རེ་སྨྲ་ན་ཧེ་རོ་དཱེ་ཡིས་ཁྱེད་རང་ལ་བསད་ཡས་འདོད་པ་བྱེད་འདིག།
32ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། སོང་རེ་འོ་དེ་ཤལ་ལ་ལ་སྨྲོས། དི་རིང་དང་ཉེ་དྲོ་ང་འདྲེ་ཀྱ་བཏོན་ཡས་ཡིན། དེ་ནས་བཅོས་ག་བྱེད་ཡས་ལས་ཀ་བྱེད་ཡས་ཡིན། དེ་ནས་ཞག་མོ་གསུམ་པ་གོ་ལ་ངའི་ལས་ཀ་རྫོགས་ཀྱི་ལགས། 33ཡིན་ནའང་དི་རིང་ཉེ་དྲོ་དང་གནངས་ང་ང་རི་ལམ་ལ་འགྲོ་དགོས་ཀྱི་ལགས། གི་བྱས་རེ་སྨྲ་ན་དངོས་གནས་རང་མངོན་ཤེས་མཁན་གཅིག་ཡེ་རུ་ཤ་ལེམ་ནས་ཕི་ལ་གྲོངས་མི་ཐུབ་ཀྱི་ལགས།
34ཡེ་རུ་ཤ་ལེམ། ཡེ་རུ་ཤ་ལེམ། མངོན་ཤེས་མཁན་ཀྱ་བསད་ཀྱིན་དང་ཁྱོའི་རྩ་རུ་བརྫངས་ཛ་ཀྱ་ལ་རྡོ་གོང་གཞུ་གིན་ཁྱོད། བྱ་མོ་ཡིས་རང་གི་ཕྲུ་བ་ཀྱ་ལ་གཤོག་པ་འོག་ཏུ་བསྡུ་གིན་ཅོག་རེ་ངས་ཐེངས་མང་པོ་ཁྱོའི་ཕྲུ་བ་ཀྱ་ལ་སྡུད་ཡས་ཀྱི་འདོད་པ་བྱས་བའི། ཡིན་ནའང་ཁྱོས་འདོད་པ་བྱེད་ཀྱི་མིན་འདུག། 35ལྟོས། ཁྱིད་ཀྱི་ཁང་པ་སྟོང་པ་མཛད་འདུག། ང་ཁྱེད་ཀྱ་ལ་སྨྲ་ཡིན། གཙོ་བོའི་མཚན་ནས་ཕེབས་མཁན་གོ་བྱིན་རླབས་ཆེ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་མེད་སྨྲ་གིན་ཐུག་པའི་ཁྱེད་ཀྱ་ཡིས་ང་ལ་ཡང་མཐོང་གི་མ་ལགས།།

اکنون انتخاب شده:

ལུ་ཀ། 13: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید