ཡོ་ཧ་ནན། 6

6
ཡེ་ཤུ་ཡིས་མི་ལྔ་སྟོང་ལ་ཞལ་ལག་གནང་བ།
(མད་ཐཱ། ༡༤:༡༣-༢༡; མར་ཀུ། ༦:༣༠-༤༤; ལུ་ཀ། ༩:༡༠-༡༧)
1འོ་དེ་གཤམ་ལ་ཡེ་ཤུ་ག་ལིལ་མཚོའི་ཧ་ཀན་ལ་ཕེབས་པ་ལགས། (འོ་དེ་ལ་ཏི་བེར་ཡཱས་མཚོ་འང་སྨྲ་ལགས།) 2ཁོང་པ་ཡིས་ནད་པ་མང་ང་ཀྱ་ལ་དྲག་གསོ་མཛད་ཀྱིན་རྟགས་ཀྱ་མི་ཚོགས་ཀྱ་ཡིས་མཐོང་ཐ་བྱས་རེ། ཁོང་ཀྱ་ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས། 3ཡེ་ཤུ་རི་ལ་ཕེབས་ཏེ། འོ་དུ་རུ་ཉེ་གནས་ཀྱ་མུ་ལ་བཞུགས་བ་མཛད་པ་ལགས། 4ད་ཡ་ཧུ་དཱ་པ་ཀྱ་ཡི་དུས་ཆེན་པེ་སག་གོ་ཉེ་འོད་ད་ལགས།
5དེ་ནས་ཡེ་ཤུ་ཡིས་མི་ཚོགས་ཆེ་རང་གི་དྲུང་དུ་འོང་གིན་གོ་གཟིགས་ཏེ། ཕི་ལིབ་ལ་གསུངས་བ་ལགས། དེ་མི་ཀྱ་ལ་སྟེར་ཡས་ལ་ཟ་མ་འོ་རང་ག་ནས་ཉོ་ཡས། 6ཁོང་པ་རང་གིས་གི་བྱེད་ཡས་ཡིན་གྱིན་གོ་ཁོང་པ་མཁྱེན་ད་མཛད་ད་ལགས། ཡིན་ནའང་ཕི་ལིབ་ལ་རྟགས་ཆེད་བྱེད་ཡས་ལ་དེ་རེ་གསུངས་བ་ལགས།
7དེ་ནས་ཕི་ལིབ་ཀྱིས་ཁོང་པ་ལ་ལན་ཞུས་བ་ལགས། གྱང་ག་ཉོས་རེ་མི་གི་རི་ལ་ཅི་མེ་ཅི་མེ་བགོས་ནའང་། དི་ནཱ་རི་#༦:༧ དི་ནཱ་རི་ ལས་བྱེད་པ་ཀྱ་ཡི་ཉིན་གཅིག་གི་གླ།ཉིས་བརྒྱ་གི་འདང་ཡས་མེད་ད་ལགས།
8ཁོང་པ་ཡི་ཉེ་གནས་ཀྱ་ནས་སི་མོན་པེ་ཏྲོའི་ནུ་བོ་ཨན་དྲི་ཡཱ་ཡིས་ཞུས་བ་ལགས། 9འདིར་རུ་བི་ཛ་གཅིག་ལ་ནས་ཀྱི་གྱང་ག་ལྔ་དང་ཉ་གཉིས་འདུག། ཡིན་ནའང་འོ་རེ་མང་ང་མི་ལ་གི་འདང་ཡས།
10ཡེ་ཤུ་ཡིས་མི་མང་ཀྱ་ལ་བསྡད་དུ་ཆུག་ཡས་ལ་གསུངས་བ་ལགས། འོ་དེར་རུ་ས་ལ་རྩྭ་མང་ང་འོད་ད་ལགས། དེ་ནས་སྐྱེས་བའི་ཕོ་ལྔ་སྟོང་ཚད་བསྡད་པ་ལགས། 11དེ་ནས་ཡེ་ཤུ་ཡིས་གྱང་ག་ཕྱག་ལ་བསྣུམས་མ་མཛད་དེ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་བ་ལགས། དེ་ནས་འོ་དེར་རུ་བསྡད་ད་ཀྱ་ལ་བགོས་བ་ལགས། འོ་བྱས་རེ་རང་ཉ་གོ་བགོས་རེ་ཁོང་ཀྱ་ཡིས་འདོད་ཀྱིན་ཐུག་པའི་བཟས་བ་ལགས། 12དེ་ནས་ཁོང་ཀྱ་ཡིས་འགྲངས་ཀྱིན་ཐུག་པའི་བཟས་ཚར་ཏེ། ཁོང་པ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། ལྷག་མ་ལྷག་ལ་དུམ་བུ་ཀྱ་སེ་ལ་མེད་བཏང་ང་སྡུས། 13མི་ཀྱ་ཡིིས་བཟས་རེ་ལྷག་ལ་ནས་ཀྱི་གྱང་ག་ལྔ་ཡི་དུམ་བུ་ཀྱ་ཁོང་ཀྱ་ཡིས་བསྡུས་རེ་བག་ཏང་བཅུ་གཉིས་བཀང་བ་ལགས།
14མི་ཀྱ་ཡིས་ཁོང་པ་ཡིས་མཛད་ཛ་རྟགས་གོ་མཐོང་རེ་སྨྲས་བ་ལགས། འཇིག་རྟེན་དུ་ཕེབས་གུ་ལགས་སྨྲ་གིན་མངོན་ཤེས་མཁན་གོ་ཁོང་པ་རང་ཡིན་ད་རགས། 15མི་ཀྱ་འོངས་རེ་ཁོང་པ་ལ་རྒྱལ་བོ་བསྐོ་ཡས་ལ་ཨུ་ཚུགས་བྱས་རེ་འཁྲིད་ཡས་བྱེད་ཀྱིན་གོ་ཡེ་ཤུ་ཡིས་མཁྱེན་ད་མཛད་དེ་ཁོང་པ་གཅིག་ཀ་རི་ཕྱོགས་ལ་ཕེབས་བ་མཛད་པ་ལགས།
ཡེ་ཤུ་ཡིས་མཚོ་ཁར་ལ་ཞབས་བཅགས་པ།
(མད་ཐཱ། ༡༤:༢༢-༢༣; མར་ཀུ། ༦:༤༥-༥༢)
16སྲོད་རུགས་ཏེ་ཁོང་པ་ཡི་ཉེ་གནས་ཀྱ་མཚོ་འགྲམ་དུ་སོང་བ་ལགས། 17དེ་ནས་གྲུ་བཞོན་ཏེ་མཚོའི་ཧ་ཀན་ལ་ཀཱ་ཕར་ན་ཧུམ་དུ་སོང་བ་ལགས། འོ་དེ་གང་ལ་སྲོད་རུགས་ཏེའང་། ཡེ་ཤུ་ཁོང་ཀྱ་རྩ་རུ་མ་ཕེབས་འོད་ད་ལགས། 18དེ་ནས་རླུང་ཚུབ་བརྒྱབ་སྟེ་མཚོ་ལ་རྦ་རླབས་ལངས་བའི་འོད་ད་ལགས། 19དེ་ནས་གྲུ་གོ་དཔག་ཚད་གཅིག་གཉིས་ཚད་ཧ་ལ་སླེབས་ཏེ་ཡེ་ཤུ་མཚོ་ཁར་ལ་ཞབས་བཅགས་ཏེ་ཁོང་ཀྱ་ཡི་ཉེ་རུ་ཕེབས་ཀྱིན་གོ་མཐོང་རེ། ཁོང་ཀྱ་འཇིགས་པ་ལགས། 20ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ལ། ང་ཡིན། མ་འཇིགས། གསུངས་རེ་གསུངས་བ་ལགས། 21དེ་ནས་ཁོང་ཀྱ་ཉམ་མོ་དགྱེས་རེ་ཡེ་ཤུ་ལ་གྲུ་ནང་དུ་བསུས་བ་ལགས། དེ་ནས་ལམ་སང་གྲུ་གོ་ཁོང་ཀྱ་འགྲོ་ས་ས་གོ་རུ་སླེབས་པ་ལགས།
22མཚོའི་ཧ་ཀན་ལ་བསྡད་མཁན་མི་ཀྱ་ཡིས་ཉེ་དྲོ་གོ་འོ་དུ་རུ་གྲུ་གཅིག་གཅིག་ཀ་མཐོང་བ་ལགས། དེ་ནས་གྲུ་ནང་དུ་ཁོང་པ་ཡི་ཉེ་གནས་ཀྱ་གཅིག་ཀ་ཞོན་གྱིན་། ཡིན་ནའང་ཡེ་ཤུ་ཁོང་ཀྱ་མུ་ལ་མ་ཕེབས་ཀྱིན་གོ་འོ་དེ་མི་ཀྱ་ལ་ཤེས་ཡས་འོད་ད་ལགས། 23དེ་ནས་གཙོ་བོའི་ཐུགས་རྗེ་ཆེ་ཞུས་རེ་ཁོང་ཀྱ་ཡིས་གྱང་ག་ཟ་གིན་ས་ཆ་ཡི་འགྲམ་དུ་ཏི་བེར་ཡཱས་ནས་གྲུ་གཞན་མ་ཀྱ་འོངས་བ་ལགས། 24དེ་ནས་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་འོ་དུ་རུ་མེད་ཀྱིན་གོ་མི་ཚོགས་ཀྱ་ཡིས་མཐོང་རེ། ཁོང་ཀྱ་རང་གྲུ་ནང་དུ་བཞོན་ཏེ་ཡེ་ཤུ་ལ་བཙལ་རུ་ཀཱ་ཕར་ན་ཧུམ་དུ་སོང་བ་ལགས།
ཚེ་སྲོག་གི་གྱང་ག།
25ཁོང་ཀྱ་ཡིས་ཡེ་ཤུ་ལ་མཚོའི་ཧ་ཀན་ལ་མཇལ་རེ་ཞུས་བ་ལགས། རབ་བི། ཁྱེད་རང་འདིར་རུ་ནམ་ཕེབས་པ།
26ཡེ་ཤུ་ཡིས་ཁོང་ཀྱ་ལ་བཀའ་ལན་དུ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ཁྱེད་ཀྱ་ཡིས་རྟགས་ཀྱ་མཐོང་རེ་མ་ལགས། ཡིན་ནའང་འགྲངས་ཀྱིན་ཐུག་པའི་བཟས་རེ་ང་ལ་བཙལ་ལ་ལགས། 27མེད་ད་ལ་འགྲོ་གིན་ཟ་མ་ཡི་ཕྱིར་ལ་མིན་ད། ཡིན་ནའང་མིའི་བུ་ཡིས་གནང་གིན་མཐའ་མེད་པའི་ཚེ་སྲོག་འཚོ་གིན་ཟ་མ་ཡི་ཕྱིར་ལ་དཀའ་ལས་རྒྱོབ། གི་བྱས་རེ་སྨྲ་ན་ཁོང་པ་ཡི་ཁར་ལ་ཡབ་དཀོན་མཆོག་རང་གིས་རྟགས་མཛད་འོད་ད་ལགས།
28ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། དཀོན་མཆོག་གི་ཕྱག་ལས་བྱེད་ཡས་ཀྱི་ཕྱིར་ལ་འི་ཀིས་གི་བྱེད་དགོས་གུ་ལེ།
29ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། དཀོན་མཆོག་གིས་མངགས་ཀྱིན་གོ་ལ་དད་པ་བྱེད་ཡས་གོ་རང་། དཀོན་མཆོག་གི་ཕྱག་ལས་ལགས།
30འོ་བྱས་རེ་ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་ཡིས་མཐོང་ཡས་དང་དད་པ་བྱེད་ཡས་ལ། ཁྱེད་རང་རྟགས་གི་མཛད་ཡས། ཁྱེད་རང་གི་མཛད་དེ་འོད་དོ། 31ཁོང་ཀྱ་ལ་ཟ་ཡས་ལ་ཁོང་པ་ཡིས་ནམ་མཁའི་ཞིང་ཁམས་ནས་གྱང་ག་གནང་ང་མཛད་པ་ལགས།#ནེ་ཧེམ་ཡཱ། ༩:༡༥ འདི་བྲིས་བྲ་ཅོག་རེ་འི་ཀི་དང་པའི་ཕ་མ་ཀྱ་ཡིས་རི་སྟོང་ལ་མཱན་ནཱ་བཟས་བ་ལགས།
32ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱ་སྨྲ་ཡིན། ནམ་མཁའི་ཞིང་ཁམས་ནས་གྱང་ག་གནང་གིན་གོ་མོ་ཤེ་མ་ལགས། ཡིན་ནའང་ཁྱེད་ཀྱ་ལ་ནམ་མཁའི་ཞིང་ཁམས་ནས་བདེན་པའི་གྱང་ག་གནང་གིན་གོ་ངའི་ཡབ་ལགས། 33གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གྱང་ག་གོ་ནམ་མཁའི་ཞིང་ཁམས་ནས་བབ་སྟེ་འཇིག་རྟེན་ལ་མི་ཚེ་གནང་གིན་དེ་ལགས།
34ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། དེ་གྱང་ག་འེ་ཀྱ་ལ་ཙོག་བའི་གནང་ང་མཛད།
35ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ང་ནི་ཚེའི་གྱང་ག་ཡིན། ངའི་རྩ་རུ་འོང་མཁན་མེད་ལྟོགས་ཀྱི་ལགས། དེ་ནས་ང་ལ་དད་པ་བྱེད་མཁན་གོ་ནམ་མའང་མེད་སྐོམ་གྱི་ལགས། 36ཡིན་ནའང་ངས་ཁྱེད་ཀྱ་ལ་སྨྲས་ཚར་འོད། ཁྱེད་ཀྱ་ཡིས་ང་ལ་མཐོང་རེའང་དད་པ་མི་བྱེད་ད་ལགས། 37ཡབ་ཀྱི་ང་ལ་གནང་གིན་གི་རི་ངའི་རྩ་རུ་འོང་གི་ལགས། དེ་ནས་ངའི་རྩ་རུ་འོང་མཁན་སུ་ལའང་ང་ལོག་ཡས་མིན། 38གི་བྱས་རེ་སྨྲ་ན་ང་ནམ་མཁའ་ཞིང་ཁམས་ནས་ང་རང་གི་འདོད་པ་སྒྲུབ་ཏུ་མིན་ད། ང་ལ་མངགས་མཁན་གྱི་ཐུགས་དགོངས་སྒྲུབ་ཡས་ཀྱི་ཕྱིར་ལ་འོངས་བ་ཡིན། 39དེ་ནས་ང་ལ་མངགས་མཁན་གྱི་ཐུགས་དགོངས་གོ། ཁོང་པ་ཡིས་ང་ལ་གནང་ང་མཛད་ཛ་སུའང་མེད་སྟོར་ར་མཐའ་མའི་ཉིན་མོ་གོ་ལ་གསོན་པོ་བསླངས་ཡས་ལགས། 40གི་བྱས་རེ་སྨྲ་ན་ངའི་ཡབ་ཀྱི་ཐུགས་དགོངས་ནི། སྲས་ལ་མཇལ་རེ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་དགོས་གུ་ལགས། དེ་ནས་མཐའ་མའི་ཉིན་མ་གོ་ལ་ང་ཁོ་ལ་གསོན་པོ་བསླངས་ཡས་ཡིན།
41ཡེ་ཤུ་ཡིས་ནམ་མཁའི་ཞིང་ཁམས་ནས་བབ་པ་གྱང་ག་གོ་ང་ཡིན། གསུངས་རེ་གསུངས་ཀྱིན་གོ་ལ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ཡི་སྐོར་ལ་ཕག་སྡུང་འདུ་བ་ལགས། 42ཁོང་ཀྱ་ཡིས་སྨྲས་བ་ལགས། དེའི་ཡོ་སེབ་ཀྱི་བི་ཛ་ཡེ་ཤུ་མ་ལེ། ཁོའི་ཕ་མ་འོ་རང་ངོ་ཤེས་ལ་མ་ལེ། ད་ད་ལྟ་ཁོ་ང་ནམ་མཁའི་ཞིང་ཁམས་ནས་བབ་པ་ཡིན་སྨྲས་རེ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ།
43ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་རང་གི་ནང་དུ་ཕག་སྡུང་མ་འདུང་། 44ང་ལ་མངགས་མཁན་ཡབ་ཀྱིས་ངའི་རྩ་རུ་མི་ཀྱ་འཁྲིད་དེ་འོང་བ་མེད་མཛད་ན། ངའི་དྲུང་དུ་སུའང་འོང་མི་ཐུབ་ཀྱི་ལགས། དེ་ནས་མཐའ་མའི་ཉིན་མ་ལ་ང་ཁོང་ཀྱ་ལ་གསོན་པོ་བསླངས་ཡས་ཡིན། 45ཁོང་ཀྱ་གི་རི་ལ་དཀོན་མཆོག་གིས་བསླབས་བ་མཛད་ཀྱི་ལགས། སྨྲས་རེ་མངོན་ཤེས་མཁན་ཀྱ་ཡིས་བྲིས་འོད་ད་ལགས། ཡབ་ཀྱི་བཀའ་མཉན་མཁན་དང་སྦྱངས་མཁན་གི་རི་ངའི་དྲུང་དུ་འོང་ང་ལགས། 46དཀོན་མཆོག་ནས་བྱུང་མཁན་ཁོང་པ་གཅིག་ཀ་ཡིས་ཡབ་ལ་མཇལ་འོད་ད་ལགས། དེ་ནས་གཞན་མ་སུའང་ཡབ་ལ་མ་མཇལ་འོད་ད་ལགས།
47ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། དད་པ་བྱེད་མཁན་གོ་ལ་མཐའ་མེད་པའི་ཚེ་སྲོག་འོད་ད་ལགས། 48ང་ནི་ཚེའི་གྱང་ག་ཡིན། 49ཁྱེད་ཀྱི་དང་པོའི་ཕ་མ་ཀྱ་ཡིས་མཱན་ནཱ་བཟས་རེའང་ཁོང་ཀྱ་ཤི་བ་ལགས། 50ཡིན་ནའང་བཟས་རེའང་མི་ཤི་གིན་གྱང་གོ་ནམ་མཁའི་ཞིང་ཁམས་ནས་བབ་པ་གྱང་ག་གོ་ལགས། 51ང་ནི་ནམ་མཁའི་ཞིང་ཁམས་ནས་བབ་པ་ཚེའི་གྱང་ག་ཡིན། དེ་ནས་གྱང་ག་འདི་ནས་ཟ་མཁན་གོ་དུས་གཏན་དུ་གསོན་པོ་གནས་ཀྱི་ལགས། དེ་ནས་འཇིག་རྟེན་གྱི་ཚེའི་ཕྱིར་ལ་ངས་སྟེར་ཡས་བྱེད་ཀྱིན་གྱང་ག་གོ་ངའི་ལུས་ཀྱི་ཤ་ཡིན།
52ད་ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་རང་ཀྱ་ནང་དུ་རྩོད་གླེང་བྱས་རེ་སྨྲས་བ་ལགས། མི་འདིས་གང་གི་བྱས་རེ་རང་གི་ཤ་འོ་རང་ལ་ཟ་ཡས་ལ་སྟེར་ཐུབ་ཀྱི་ལེ།
53འོ་བྱས་རེ་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ཁྱེད་ཀྱ་ཡིས་མིའི་བུའི་ལུས་མེད་ཟ་གིན་དང་ཁོང་པ་ཡི་ཁྲག་མི་འཐུང་གིན་ཐུག་པའི། ཁྱོད་ལ་ཚེ་མེད་ཡོང་གི་ལགས། 54ངའི་ལུས་ཟ་མཁན་དང་ངའི་ཁྲག་འཐུང་མཁན་ལ་མཐའ་མེད་པའི་ཚེ་སྲོག་འོད་ད་ལགས། དེ་ནས་མཐའ་མའི་ཉིན་མ་གོ་ལ་ང་ཁོ་ལ་གསོན་པོ་བསླངས་ཡས་ཡིན། 55གི་བྱས་རེ་སྨྲ་ན་ཟ་མ་དངོས་གནས་གོ་ངའི་ལུས་ཀྱི་ཤ་དང་འཐུང་ཡས་དངོས་གནས་གོ་ངའི་ཁྲག་ལགས། 56ངའི་ཤ་ཟ་མཁན་དང་ངའི་ཁྲག་འཐུང་མཁན་གོ་ངའི་ནང་གནས་ལ་ལགས། དེ་ནས་ང་འོ་དེའི་ནང་གནས་ལ་ཡིན། 57གསོན་པོ་ཡབ་ཀྱིས་ང་ལ་མངགས་ཏེ། ང་ཡབ་ལ་བརྟེན་ཏེ་གསོན་པོ་གནས་ལ་ཡིན། དེ་ཅོག་རེ་ང་ལ་ཟ་མཁན་གོའང་ང་ལ་བརྟེན་ཏེ་གསོན་པོ་གནས་ཀྱི་ལགས། 58ནམ་མཁའི་ཞིང་ཁམས་ནས་བབ་པ་གྱང་ག་དེ། ཁྱེད་ཀྱི་དང་པའི་ཕ་མ་ཀྱ་ཡིས་བཟས་རེའང་ཤི་རེ་འགྲོ་གིན་གོ་ཅོག་རེ་མ་ལགས། དེ་གྱང་ག་ཟ་མཁན་གོ་གཏན་དུ་གསོན་པོ་གནས་ཀྱི་ལགས།
59ཡེ་ཤུ་ཡིས་དེ་བཀའ་མོལ་ཀྱ་ཀཱ་ཕར་ན་ཧུམ་གྱི་ཚོགས་ཁང་དུ་ཆོས་གསུང་བའི་གང་ལ་གསུངས་ང་མཛད་པ་ལགས།
གཤམ་པ་ལ་འབྲང་མཁན་མང་ཆེ་ཡིས་ཡེ་ཤུ་ལ་སྤོང་བ།
60དེ་ནས་དེ་གོ་སྟེ་ཡེ་ཤུ་ཡི་གཤམ་པ་ལ་འབྲངས་མཁན་མི་མང་གིས་སྨྲས་བ་ལགས། གསུང་དེ་དམི་ཅིག་གི་ཁག་བ་འདུག། དེ་ལ་སུས་ཉན་ཐུབ་ཀྱི་ལེ།
61ཡིན་ནའང་ཁོང་ཀྱ་ཡིས་དེའི་སྐོར་ལ་ཕག་སྡུང་འདུང་གིན་གོ་ཡེ་ཤུ་ཡིས་མཁྱེན་ད་མཛད་དེ་ཁོང་ཀྱ་ལ་གསུངས་བ་ལགས། འདི་གཏམ་དེ་ཁྱེད་ཀྱ་ལ་གག་བ་འབྱུང་ཡས། 62དེ་རེ་ཡིན་ན་ཁྱེད་ཀྱ་ཡིས་མིའི་བུ་ཨེན་མ་ཁོ་རང་བཞུགས་ས་རུ་ཕེབས་བ་མཛད་ཀྱིན་གོ་མཐོང་ན་གི་བྱེད་ཡས། 63ཚེ་གནང་མཁན་གོ་ཐུགས་ཉིད་ལགས། ལུས་ནི་ཕན་ཐོགས་གིའང་མེད་ད་ལགས། ངས་སྨྲ་གིན་བཀའ་གོ་ཐུགས་ཉིད་དང་ཚེ་ཡིན། 64ཡིན་ནའང་ཁྱེད་ཀྱ་ནས་རིང་འགའ་ཡིས་དད་པ་མི་བྱེད་ད་ལགས། དད་པ་མི་བྱེད་མཁན་ཀྱ་དང་། ཁོང་པ་ལ་ངོ་ལོག་བྱེད་མཁན་སུ་ཡིན་མཁན་གོ་ཡེ་ཤུ་ཡིས་ཐོག་མ་ནས་མཁྱེན་ད་མཛད་ད་ལགས། 65དེ་ནས་ཁོང་པ་ཡིས་གསུངས་བ་ལགས། འོ་བྱས་རེ་ཡབ་ཀྱི་མ་གནང་འོད་ན། ངའི་རྩ་རུ་སུའང་འོང་མི་ཐུབ་ཀྱི་ལགས། སྨྲས་རེ་ངས་ཁྱེད་ཀྱ་ལ་སྨྲས་བ་ཡིན། 66འོ་དེ་གཤམ་ནས་ཁོང་པ་ཡི་གཤམ་ལ་འབྲངས་མཁན་མི་མང་ང་ཡིས་ཁོང་པ་ལ་སྤངས་རེ་ཁོང་པ་ཡི་གཤམ་ལ་འབྲང་ཡས་འབོར་པ་ལགས།
67འོ་བྱས་རེ་ཡེ་ཤུ་ཡིས་ཉེ་གནས་བཅུ་གཉིས་ལ་གསུངས་བ་ལགས། ཁྱེད་ཀྱའང་ང་ལ་སྤོང་རེ་འགྲོ་ཡས་ཡིན་ནེ།
68སི་མོན་པེ་ཏྲོ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་ལ་མཐའ་མེད་པའི་ཚེ་སྲོག་གི་བཀའ་གོ་འོད་ད་ལགས། འེ་ཀྱ་སུའི་དྲུང་དུ་འགྲོ་ཡས། 69དེ་ནས་ཁྱེད་རང་དཀོན་མཆོག་གི་དམ་པ་གོ་ལགས་སྨྲས་རེ་འེ་ཀྱ་དད་པ་བྱེད་འདིག་འོད། དེ་ནས་དེ་འེ་ཀྱ་ལ་ཤེས་ཡས་འོད།
70ཡེ་ཤུ་ཡིས་ཁོང་ཀྱ་ལ་བཀའ་ལན་དུ་གསུངས་བ་ལགས། ཁྱེད་བཅུ་གཉིས་གི་རི་ལ་ངས་བདམས་པ་མ་ལེ། ཡིན་ནའང་ཁྱེད་ཀྱ་ནས་གཅིག་བདུད་ལགས། 71ཁོང་པ་ཡིས་སི་མོན་ཨཱིས་ཀ་རི་ཨཱོད་ཀྱི་བི་ཛ་ཡུ་དཱ་ལ་དམིགས་ཏེ་གསུངས་བ་ལགས། གི་བྱས་རེ་སྨྲ་ན་ཁོ་ཉེ་གནས་བཅུ་གཉིས་གོ་ནས་གཅིག་བྱས་རེའང་། ཁོང་པ་ལ་ངོ་ལོག་བྱེད་ཀྱི་ལགས།།

اکنون انتخاب شده:

ཡོ་ཧ་ནན། 6: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید