ཡོ་ཧ་ནན། 3

3
ཡེ་ཤུ་ཡིས་ནཱི་ཀོ་དེམ་ལ་ཆོས་གསུང་བ།
1ད་འོ་དུ་རུ་ཕཱ་རུ་ཤི་པ་ཀྱ་ནས་ནཱི་ཀོ་དེམ་སྨྲ་གིན་ཡ་ཧུ་དཱ་པའི་མཆོད་དཔོན་ཞིག་འོད་ད་ལགས། 2ཁོ་མཚན་གཅིག་ཡེ་ཤུ་རྩ་རུ་འོངས་རེ་ཁོང་པ་ལ་ཞུས་བ་ལགས། རབ་བི། ཁྱེད་རང་དཀོན་མཆོག་ནས་ཕེབས་པ་སློབ་དཔོན་གཅིག་ལགས་སྨྲས་རེ་འེ་ཀྱ་ལ་ཤེས་ཡས་འོད། གི་བྱས་རེ་སྨྲ་ན་དཀོན་མཆོག་ཁྱེད་རང་མུ་ལ་མེད་ན། ཁྱེད་རང་གིས་མཛད་ཛ་དེ་རྟགས་ཀྱ་གཞན་མ་སུས་འང་བྱེད་མི་ཐུབ་ཀྱི་ལགས།
3ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ང་ཁྱོད་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། མི་གཅིག་ལྡབ་ལེ་མེད་སྐྱེས་ན་ཁོས་དཀོན་མཆོག་གི་རྒྱལ་སྲིད་མཐོང་མི་ཐུབ་ཀྱི་ལགས།
4ནཱི་ཀོ་དེམ་གྱིས་ཁོང་པ་ལ་ཞུས་བ་ལགས། མི་གཅིག་ཁ་རྒས་ཚར་ཏེ་གང་གི་བྱས་རེ་སྐྱེ་ཐུབ་ཀྱི་ལེ། ཁོ་ཁོ་རི་ཨ་མའི་ཕོ་བ་ནང་དུ་ཐེངས་གཉིས་བ་འཛུལ་རེ་སྐྱེ་ཐུབ་བ་ལེ།
5ཡེ་ཤུ་ཡིས་གསུངས་བ་ལགས། ང་ཁྱོད་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། མི་གཅིག་ཆུ་དང་ཐུགས་ཉིད་ཀྱི་སྒོ་ནས་མ་སྐྱེས་ན། ཁོ་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འཛུལ་མི་ཐུབ་ཀྱི་ལགས། 6ཤ་ཁྲག་ནས་སྐྱེས་ཀྱ་གོ་ཤ་ཁྲག་ལགས། དེ་ནས་ཐུགས་ཉིད་ནས་སྐྱེས་ཀྱ་གོ་སེམས་ཉིད་ལགས། 7ངས་ཁྱོད་ལ་ལྡབ་ལེ་སྐྱེ་དགོས་བ་ལགས་སྨྲ་གིན་འདི་ལ་ཁྱོད་ཧང་མ་སང་། 8རླུང་དེ་རང་གི་འཐད་ཚོད་ལ་བརྒྱབ་བ་ལགས། དེ་ནས་འོ་དེའི་སྐད་གོ་གོ་ར་ལགས། ཡིན་ནའང་འོ་དེ་ག་ནས་འོང་གིན་དང་ག་རུ་འགྲོ་གིན་གོ་ཁྱོས་མེད་ཤེས་ལ་ལགས། དེ་ནས་ཐུགས་ཉིད་ནས་སྐྱེས་མཁན་གི་རི་ལའང་དེ་རེ་རང་བྱུང་ང་ལགས།
9ནཱི་ཀོ་དེམ་གྱིས་འདི་གང་གི་བྱས་རེ་འབྱུང་ཐུབ་ཀྱི་ལེ་སྨྲས་རེ་ཁོང་པ་ལ་ཞུས་བ་ལགས།
10ཡེ་ཤུ་ཡིས་ཁོ་ལ་ལན་གསུངས་བ་ལགས། ཁྱོད་ར་ཨེལ་པ་ཀྱ་ཡི་སློབ་དཔོན་གཅིག་བྱེད་རེའང་དོན་དེ་ཀྱ་ཧ་མེད་གོ་ར་ལེ། 11ང་ཁྱོད་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། འི་ཀིས་གི་ཤེས་ཀྱིན་གོ་འེ་ཀྱ་སྨྲ་ལགས། དེ་ནས་འི་ཀིས་གི་མཐོང་གིན་གོ་འེ་ཀྱ་དཔང་པོ་བྱེད་ད་ལགས། ཡིན་ནའང་ཁྱེད་ཀྱ་འི་ཀི་བདེན་དཔང་ལ་ཁས་མེད་ལེན་ད་ལགས། 12ངས་ཁྱེད་ཀྱ་ལ་འཇིག་རྟེན་གྱི་གཏམ་ཀྱ་བཤད་དེ་ཁྱེད་ཀྱ་ཡིད་མི་ཆེས་ན། ནམ་མཁའི་ཞིང་ཁམས་ཀྱི་གཏམ་ཀྱ་བཤད་ན་ཁྱེད་ཀྱ་གང་གི་བྱས་རེ་ཡིད་ཆེས་ཡས། 13དེ་ནས་ནམ་མཁའི་ཞིང་ཁམས་དུ་སུའང་ཕེབས་ཏེ་ལོག་མ་མྱོང་། ཡིན་ནའང་མིའི་བུ་ནམ་མཁའི་ཞིང་ཁམས་ནས་མ་ལ་ཕེབས་པ་ལགས། 14དེ་ནས་རི་སྟོང་དུ་མོ་ཤེ་ཡིས་སྦྲུལ་གོ་ཡར་ལ་བཀྱགས་ཀྱིན་ཅོག་རེ་མིའི་བུ་གོའང་ཡར་ལ་བཀྱགས་དགོས་གུ་ལགས། 15འོ་བྱས་རེ་ཁོང་པ་ལ་དད་པ་བྱེད་མཁན་གི་རི་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས།
16གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་འཇིག་རྟེན་གྱི་མི་ཀྱ་ལ་དེ་རེ་བྱམས་པ་མཛད་དེ། ཁོང་གིས་རང་གི་སྲས་གཅིག་པོ་གོ་གནང་བ་ལགས། དེ་ནས་འོ་བྱས་རེ་ཁོང་པ་ལ་དད་པ་བྱེད་མཁན་སུའང་མེད་ད་ལ་འགྲོ་གི་མ་ལགས། ཡིན་ནའང་མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས། 17དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་དུ་སྐྱོན་འཛུགས་དུ་མིན་ད། ཡིན་ནའང་འཇིག་རྟེན་གྱི་མི་གི་རི་ཁོང་པ་ཡི་ཐོག་ནས་སྐྱོབ་ཡས་ཀྱི་ཕྱིར་ལ་མངགས་པ་ལགས། 18ཁོང་པ་ལ་དད་པ་བྱེད་མཁན་ལ་ཁྲིམས་མེད་ཕོག་གི་ལགས། ཡིན་ནའང་ཁོང་པ་ལ་དད་པ་མི་བྱེད་མཁན་གོ་ལ་ཨེན་དུ་རུ་ཁྲིམས་ཕོག་ཚར་ར་ལགས། གི་བྱས་རེ་སྨྲ་ན་ཁོས་དཀོན་མཆོག་གི་སྲས་གཅིག་པོ་ཡི་མཚན་ལ་དད་པ་མ་བྱས་བ་ལགས། 19ད་ཁྲིམས་གཅོད་ཀྱི་དོན་དག་གོ་དེ་རང་ལགས། འོད་གོ་འཇིག་རྟེན་དུ་ཕེབས་ཚར་ལགས། ཡིན་ནའང་མི་ཀྱ་ཡི་ལས་ངན་པ་ཡིས་བྱས་རེ་ཁོང་ཀྱ་ཡིས་འོད་ལས་མུན་ནག་ལ་དགའ་བ་ལགས། 20གི་བྱས་རེ་སྨྲ་ན་ལས་ངན་པ་བྱེད་མཁན་གི་རི་ཡིས་འོད་ལ་མེད་དགའ་ལགས། དེ་ནས་རང་གི་ལས་ཀ་ཀྱ་མངོན་དུ་བཅུག་གི་ལགས་བསམས་ཏེ་འོད་དུ་མེད་འོང་ང་ལགས། 21ཡིན་ནའང་བདེན་པའི་ལག་ལེན་བྱེད་མཁན་ཀྱ་ཡི་ལས་ཀ་ཀྱ་དཀོན་མཆོག་ལ་རྟེན་ཏེ་བྱེད་ཀྱིན་གོ་གསལ་བོ་མཐོང་ཡས་ཀྱི་ཕྱིར་ལ་ཁོང་ཀྱ་འོད་དུ་འོང་ང་ལགས།
ཡོ་ཧ་ནན་གྱིས་ཡེ་ཤུ་ལ་བདེན་དཔང་བྱས་བ།
22འོ་དེ་གཤམ་ནས་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་ཡུ་དེ་ཡཱ་ཡུལ་དུ་ཕེབས་པ་ལགས། དེ་ནས་འོ་དུ་རུ་ཁོང་པ་ཡིས་མི་ཀྱ་ལ་ཁྲུས་གསོལ་གནང་བའི་གནང་བའི་ཁོང་ཀྱ་མུ་ལ་བཞུགས་བ་མཛད་པ་ལགས། 23ཡོ་ཧ་ནན་གྱིས་འང་ས་ལིམ་གྱི་ཉེ་རུ་འོད་ཀྱིན་ཨེ་ནོན་དུ་ཁྲུས་གསོལ་སྟེར་རི་འོད་ད་ལགས། གི་བྱས་རེ་སྨྲ་ན་འོ་དེ་རུ་ཆུ་མང་ང་འོད་ད་ལགས། འོ་དུ་རུ་མི་ཀྱ་འོངས་རེ་ཁྲུས་གསོལ་ལེན་ད་ལགས། 24འོ་དེ་དུས་ཐུག་པའི་ཡོ་ཧ་ནན་བཙོན་ཁང་དུ་མ་བདག་འོད་ད་ལགས།
25ད་གཙང་མ་བྱེད་ཀྱིན་སྲོལ་གྱི་སྐོར་ལ་ཡོ་ཧ་ནན་གྱི་ཉེ་གནས་ཀྱ་ནས་རིང་འགའ་དང་ཡ་ཧུ་དཱ་པ་གཅིག་གི་གུང་ལ་བགྲོ་གླེང་ཤོར་པ་ལགས། 26དེ་ནས་ཁོང་ཀྱ་ཡོ་ཧ་ནན་རྩ་རུ་འོངས་རེ་ཞུས་བ་ལགས། རབ་བི། ཡོར་དན་གཙང་པོ་ཡི་ཧ་ཀན་རུ་ཁྱེད་རང་མུ་ལ་འོད་ཀྱིན་ཁྱེད་རང་གིས་བདེན་དཔང་མཛད་ཛ་མི་འདི་ད་ལྟ་ཁྲུས་གསོལ་གནང་བའི། དེ་ནས་མི་ཀྱ་གི་རི་ཁོའི་རྩ་རུ་འགྲོའི།
27ཡོ་ཧ་ནན་གྱིས་ལན་སྟེར་པ་ལགས། ནམ་མཁའི་ཞིང་ཁམས་ནས་དཀོན་མཆོག་གིས་འདི་མ་གནང་གིན་ཐུག་པའི་མི་སུ་ལའང་གིའང་ཐོབ་མི་ཐུབ་ཀྱི་ལགས། 28ང་ནི་མཱ་ཤི་ཀ་མིན། ཡིན་ནའང་མཱ་ཤི་ཀ་ནས་ཨེན་ལ་མངགས་པ་ཡིན་སྨྲས་རེ་ངས་སྨྲ་གིན་གྱི་དཔང་པོ་ཁྱེད་ཀྱ་རང་བྱེད་ད་ལགས། 29མནའ་མ་ནི་མག་པའི་ཡིན། དེ་ནས་མག་པ་མུ་ལ་ལངས་མཁན་དང་ཁོ་ལ་ཉན་མཁན་རོགས་བ་གོ་མག་པ་ཡི་སྐད་གོ་སྟེ་དམི་ཅིག་གི་ཉམ་མོ་དགའ་ལ་ལགས། འོ་བྱས་རེ་ད་ངས་དགའ་སྤྲོ་འདི་གྲུབ་སོང་། 30ཁོང་པ་འཕེལ་དགོས་ཀྱི་ལགས། ཡིན་ནའང་ང་འགྲིབ་དགོས་ཀྱི་ལགས།
31སྟང་ནས་ཕེབས་མཁན་གོ་གི་རི་ནས་བླ་ན་མཐོ་བ་ལགས། དེ་ནས་ས་གཞི་ནས་ཡིན་མཁན་གོ་ས་གཞི་ཡི་རང་ལགས། དེ་ནས་ས་གཞི་ཡི་ཐོག་ནས་རང་ཤེས་ལ་ལགས། ནམ་མཁའི་ཞིང་ཁམས་ནས་ཕེབས་མཁན་གོ་གི་རི་ནས་བླ་ན་མཐོ་བ་ལགས།
32ཁོང་པ་ཡིས་གི་གཟིགས་ཀྱིན་དང་གོ་གིན་གྱི་དཔང་པོ་མཛད་ད་ལགས། ཡིན་ནའང་སུས་འང་ཁོང་པ་ཡི་བདེན་དཔང་ལ་ཁས་མེད་ལེན་ད་ལགས། 33ཁོང་པ་ཡིས་དཔང་པོ་མཛད་ཀྱིན་ལ་ཁས་ལེན་མཁན་ཀྱ་ཡིས་དཀོན་མཆོག་བདེན་པ་ཡིན་གྱིན་གྱི་དཔང་པོ་བྱེད་ད་ལགས། 34དཀོན་མཆོག་གིས་མངགས་ང་ཡིས་དཀོན་མཆོག་གི་བཀའ་གསུངས་ང་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཁོ་ལ་དམ་པའི་ཐུགས་ཉིད་ཚེ་མེད་བརྒྱབ་བ་གནང་ང་ལགས། 35ཡབ་ཀྱིས་སྲས་ལ་བྱམས་པ་མཛད་དེ་གི་རི་སྲས་ཀྱི་ཕྱག་ཏུ་གནང་བ་ལགས། 36སྲས་ལ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་ཐོབ་བ་ལགས། སྲས་ལ་དད་པ་མི་བྱེད་མཁན་གྱིས་ཚེ་མེད་མཐོང་གི་ལགས། ཡིན་ནའང་དཀོན་མཆོག་གི་ཐུགས་ཁྲོ་ཁོའི་ཁར་ལ་གནས་ཏེ་བསྡད་ད་ལགས།།

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید