ཡོ་ཧ་ནན། 14

14
ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་སེམས་གསོ་གནང་བ།
1ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས ཁྱེད་ཀྱ་སེམས་ཕམ་པ་མ་བྱེད། དཀོན་མཆོག་ལ་བློ་བཀོལ། དེ་ནས་ང་ལའང་བློ་བཀོལ། 2ངའི་ཡབ་ཀྱི་ནང་ལ་བསྡད་ས་མང་ང་འོད་ད་ལགས། དེ་རེ་མིན་ན། ངས་ཨེན་མ་ཁྱེད་ཀྱི་ཕྱིར་ལ་བསྡད་ས་གྲ་སྒྲིག་བྱེད་རུ་འགྲོའོ་སྨྲས་རེ་ཁྱེད་ཀྱ་ལ་སྨྲ་གི་ལེ། 3དེ་ནས་ང་སོང་རེ་ཁྱེད་ཀྱི་ཕྱིར་ལ་བསྡད་ས་གྲ་སྒྲིག་བྱས་ཚར་ཏེ། ང་ལྡབ་ལེ་འོང་ཡས་ཡིན། དེ་ནས་ཁྱེད་ཀྱ་ལ་ང་འོད་ས་རུ་འཁྲིད་དེ་འགྲོ་ཡས་ཡིན། དེ་ནས་ང་གི་རུ་འོད་ས་རུ་ཁྱེད་ཀྱའང་འོང་གི་ལགས། 4ང་འགྲོ་སེ་ལམ་གོ་ཁྱེད་ཀྱའང་ཤེས་ལ་ལགས།
ཡེ་ཤུ་རང་ལམ་དང་། བདེན་པ་དང་། ཚེ་སྲོག།
5ཐོ་མཱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། འེ་ཀྱ་ཡིས་ཁྱེད་རང་ག་རུ་ཕེབས་ཡས་གོ་མེད་ཤེས་འོད། ད་ལམ་གོ་འི་ཀིས་གང་གི་བྱས་རེ་ཤེས་ཡས།
6ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ང་ནི་ལམ་དང་། བདེན་པ་དང་། ཚེ་ཡིན། ང་ནས་མ་ན་ཡབ་ཀྱི་དྲུང་དུ་སུའང་འགྲོ་མི་ཐུབ་ཀྱི་ལགས། 7ཁྱེད་ཀྱ་ཡིས་ང་ལ་ངོ་ཤེས་འོད་ན། ངའི་ཡབ་ལའང་ངོ་ཤེས་ཡས་འོད། ད་དེ་ནས་ཧ་ལ་ཁྱེད་ཀྱ་ཡིས་ཁོང་པ་ལ་ངོ་ཤེས་ལ་ལགས། དེ་ནས་ཁོང་ལ་མཇལ་འོད་ད་ལགས།
8ཕི་ལིབ་ཀྱིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་གིས་འེ་ཀྱ་ལ་ཡབ་མངོན་ད་མཛད། དེ་ནས་འེ་ལ་འགྲིག་ཡས་འདུག།
9ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཕི་ལིབ། ང་འོ་རེ་རིང་ང་ཁྱེད་ཀྱི་མུ་ལ་བསྡད་དེའང་ཁྱོས་ང་ལ་ངོ་མེད་ཤེས་ལ་ལེ། ང་མཐོང་མཁན་གྱིས་ཡབ་ལའང་མཇལ་འོད་ད་ལགས། འེ་ཀྱ་ལ་ཡབ་མངོན་ད་མཛད་སྨྲས་རེ་ཁྱེད་ཀྱ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ། 10ང་ཡབ་ནང་འོད་ཀྱིན་དང་ཡབ་ངའི་ནང་འོད་ཀྱིན་གོ་ཁྱེད་ཀྱ་ཡིས་དད་པ་མི་བྱེད་ད་ལེ། ངས་ཁྱེད་ཀྱ་ལ་བཤད་ཀྱིན་ལབ་ཀྱ་ང་རང་གི་དབང་ནས་བཤད་ད་མིན། ཡིན་ནའང་ངའི་ནང་བཞུགས་མཁན་ཡབ་གིས་རང་གིས་ཕྱག་ལས་ཀྱ་མཛད་ད་ལགས། 11ང་ཡབ་ནང་འོད་ཀྱིན་དང་ཡབ་ངའི་ནང་འོད་ཀྱིན་ལ་དད་པ་བྱེད། ཡང་མེད་ན་ངའི་ལས་ཀ་ཀྱ་ལ་བལྟས་རེ་དད་པ་བྱེད།
12ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ང་ལ་དད་པ་བྱེད་མཁན་གྱིས་ངས་གི་བྱེད་ཀྱིན་ལས་ཀ་ཀྱའང་བྱེད་ཀྱི་ལགས། དེ་ནས་དེ་ལས་ཆེ་ལས་ཀ་ཀྱ་ཁོས་བྱེད་ཀྱི་ལགས། གི་བྱས་རེ་སྨྲ་ན་ང་ཡབ་ཀྱི་དྲུང་དུ་འགྲོའི་འོད། 13ཡབ་ཀྱི་གཟི་བརྗིད་སྲས་ཀྱི་ཐོག་ནས་མངོན་ཡས་ལ། ཁྱེད་ཀྱ་ཡིས་ངའི་མིང་ལ་གི་ཞུས། འོ་དེ་ངས་བྱེད་ཡས་ཡིན། 14ངའི་མིང་གི་ཐོག་ནས་ཁྱེད་ཀྱིས་ང་ལ་གི་ཞུ་ན། ང་འོ་དེ་བྱེད་ཡས་ཡིན།
དམ་པའི་ཐུགས་ཉིད་ཀྱི་དམ་བཅའ།
15ཁྱེད་ཀྱ་ཡིས་ང་ལ་བརྩེ་བ་བྱེད་ན། ངའི་བཀའ་ཁྲིམས་ཀྱ་སྲུང་། 16དེ་ནས་ང་ཡབ་ལ་ཞུ་ཡས་ཡིན། དེ་ནས་ཁྱེད་ཀྱི་མུ་ལ་རྒྱུན་ནས་རྒྱུན་དུ་གནས་ཡས་ལ། ཁོང་པ་ཡིས་ཁྱེད་ཀྱ་ལ་རོགས་བ་མཛད་མཁན་གཞན་མ་གཅིག་གནང་གི་ལགས། 17འདི་ནི་བདེན་པ་སྟོན་མཁན་དམ་པའི་ཐུགས་ཉིད་ལགས། འཇིག་རྟེན་གྱི་མི་ཀྱ་ཡིས་ཁོང་པ་ལ་སུས་མི་ཐུག་གི་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁོང་པ་ལ་མེད་མཐོང་ང་ལགས། དེ་ནས་ངོ་མེད་ཤེས་ལ་ལགས། ཁོང་པ་ཁྱེད་ཀྱ་མུ་ལ་གནས་ལ་ལགས། དེ་ནས་ཁྱེད་ཀྱི་ནང་གནས་ཀྱི་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་ཁོང་ལ་ངོ་ཤེས་ལ་ལགས།
18ང་ཁྱེད་ཀྱ་ལ་དྭ་ཕྲུག་ལ་མི་འབོར། ང་ཁྱེད་ཀྱ་རྩ་རུ་འོང་ཡས་ཡིན། 19ད་དུས་ཏི་ཏེ་གཅིག་ནས་འཇིག་རྟེན་གྱིས་ང་ལ་མེད་མཐོང་གི་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་ང་ལ་མཐོང་གི་ལགས། ང་གསོན་པོ་བྱས་རེ་ཁྱེད་ཀྱའང་གསོན་པོ་གནས་ཀྱི་ལགས། 20འོ་དེ་ཉིན་མ་གོ་ལ་ང་ཡབ་ནང་འོད་ཀྱིན་དང་ཁྱེད་ཀྱ་ངའི་ནང་འོད་ཀྱིན། དེ་ནས་ང་ཁྱེད་ཀྱ་ཡི་ནང་འོད་ཀྱིན་གོ་ཁྱེད་ཀྱ་ཡིས་ཤེས་ཀྱི་ལགས། 21ངའི་བཀའ་ཁྲིམས་ཀྱ་ཁས་ལེན་ཏེ་སྲུང་མཁན་ཀྱ་ཡིས་ང་ལ་བྱམས་པ་བྱེད་ད་ལགས། དེ་ནས་ང་ལ་བྱམས་པ་བྱེད་མཁན་ཀྱ་ལ་ངའི་ཡབ་ཀྱིས་བྱམས་པ་མཛད་ཀྱི་ལགས། ངས་ཁོ་ལ་བྱམས་པ་བྱེད་ཡས་ཡིན། དེ་ནས་རང་ལ་ཁོ་རྩ་རུ་མངོན་ཡས་ཡིན།
22ཡུ་དཱ་ཡིས་(ཡུ་དཱ་ཨཱིས་ཀ་རི་ཨཱོད་གོ་མ་ལགས།) ཞུས་བ་ལགས། གཙོ་བོ། ཁྱེད་རང་འཇིག་རྟེན་གྱི་མི་ཀྱ་ལ་མིན་ད། འེ་ཀྱ་ལ་མངོན་ད་མཛད་ཡས། དེ་གང་གི་བྱས་རེ་འབྱུང་ཐུབ་ཀྱི་ལེ།
23ཡེ་ཤུ་ཡིས་ཁོ་ལ་བཀའ་ལན་གསུངས་བ་ལགས། ང་ལ་བྱམས་པ་བྱེད་མཁན་གྱིས་ངའི་བཀའ་སྲུང་གི་ལགས། དེ་ནས་ངའི་ཡབ་ཀྱིས་ཁོ་ལ་བྱམས་པ་མཛད་ཀྱི་ལགས། དེ་ནས་ང་དང་ངའི་ཡབ་ཁོ་རྩ་རུ་ཕེབས་ཏེ་ཁོའི་མུ་ལ་གནས་ཡས་ཡིན། 24དེ་ནས་ང་ལ་བྱམས་པ་མི་བྱེད་མཁན་གྱིས་ངའི་བཀའ་སྲུང་གི་མ་ལགས། ཁྱེད་ཀྱ་ཡིས་ཉན་གྱིན་བཀའ་དེ་ང་ནས་མིན་ད། ང་ལ་མངགས་མཁན་ཡབ་ནས་ལགས།
25ང་ཁྱེད་ཀྱ་མུ་ལ་འོད་དུས་རང་ངས་དེ་ལབ་ཀྱ་ཁྱེད་ཀྱ་ལ་བཤད་ད་ཡིན། 26ཡིན་ནའང་ངའི་མིང་ཐོག་ནས་ཡབ་ཀྱིས་གནང་གིན་རོགས་བ་མཛད་མཁན་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་ལབ་གི་རི་བསླབ་བ་མཛད་ཀྱི་ལགས། དེ་ནས་ངས་ཁྱེད་ཀྱ་ལ་བཤད་ཀྱིན་གི་རི་དྲན་གསོ་གནང་གི་ལགས། 27ཞི་བདེ་དེ་ང་ཁྱེད་ཀྱ་ལ་འབོར་ར་ཡིན། འོ་དེ་ངའི་ཞི་བདེ་གོ་ཁྱེད་ཀྱ་ལ་སྟེར་ར་ཡིན། འཇིག་རྟེན་གྱི་སྟེར་གྱིན་ཅོག་རེ་ངས་ཁྱེད་ཀྱ་ལ་སྟེར་ར་མིན། ཁྱེད་ཀྱ་རང་གི་སེམས་འཁྲུགས་དུ་མ་ཆུག།དེ་ནས་དེ་ལ་འཇིགས་སྣང་སྐྱེས་རུ་མ་ཆུག།
28ངས་ཁྱེད་ཀྱ་ལ་ང་ལོག་སྟེ་འགྲོ་ཡས་ཡིན། དེ་ནས་ང་ཁྱེད་ཀྱ་རྩ་རུ་འོང་ཡས་ཡིན། སྨྲ་གིན་དེ་གོ་འོད་ད་ལགས། ཁྱེད་ཀྱ་ཡིས་ང་ལ་བརྩེ་བ་འོད་ན། ང་ཡབ་ཀྱི་དྲུང་དུ་འགྲོ་བ་ལགས་སྨྲས་རེ་ཁྱེད་ཀྱ་ཉམ་མོ་དགའ་ཡས་འོད། གི་བྱས་རེ་སྨྲ་ན་ང་ལས་ཡབ་ཁག་ཆེ་ལགས། 29ད་དེ་འབྱུང་བའི་གང་ལ་ཁྱེད་ཀྱིས་དད་པ་བྱེད་ཡས་ལ། ངས་ཁྱེད་ཀྱ་ལ་དེ་མ་འབྱུང་ཨེན་ལ་རང་དེ་བཤད་པའི། 30ད་ང་ཁྱེད་ཀྱ་མུ་ལ་ལབ་ཡུན་རིང་མེད་བཏང་། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་དབང་བསྒྱུར་བྱེད་མཁན་གོ་འོང་བའི། ངའི་ཐོག་ལ་ཁོ་ལ་དབང་མེད་ད་ལགས། 31ཡིན་ནའང་ང་ཡབ་ལ་བརྩེ་བ་བྱེད་ད་ཡིན་སྨྲས་རེ་འཇིག་རྟེན་གྱིས་ཧ་གོ་ཡས་ཀྱི་ཕྱིར་ལ། ང་ཡབ་ཀྱིས་བཀའ་གནང་གིན་ཅོག་རེ་བྱེད་ད་ཡིན། ད་ལོངས། འོ་རང་དེ་ནས་ཧ་ལ་འགྲོའོ།།

اکنون انتخاب شده:

ཡོ་ཧ་ནན། 14: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید