ཡོ་ཧ་ནན། 1

1
བཀའ་ལུས་ལ་འགྱུར་བ།
1ཐོག་མར་བཀའ་འོད་ད་ལགས། དེ་ནས་བཀའ་དེ་དཀོན་མཆོག་མུ་ལ་བཞུགས་འོད་ད་ལགས། དེ་ནས་བཀའ་དེ་དཀོན་མཆོག་ལགས། 2བཀའ་ནི་ཐོག་མར་དཀོན་མཆོག་མུ་ལ་འོད་ད་ལགས།
3གི་རི་ཁོང་གི་ཐོག་ནས་བྱུང་བ་ལགས། དེ་ནས་བྱུང་བྱ་གི་རི་ཁོང་གི་ཐོག་ནས་མ་ན་མ་བྱུང་བ་ལགས། 4བཀའ་ཡི་ནང་ཚེ་འོད་ད་ལགས། དེ་ནས་ཚེ་དེ་མིའི་འོད་གོ་ཡིན། 5འོད་དེ་མུན་ནག་གི་ནང་ཤར་ར་ལགས། དེ་ནས་མུན་ནག་གིས་འོ་དེ་ཁར་ལ་དབང་དུ་མ་བསྡུས་བ་ལགས།
6ད་དཀོན་མཆོག་གིས་མངགས་ང་མི་གཅིག་འོད་ད་ལགས། ཁོང་གི་མིང་ཡོ་ཧ་ནན་ལགས། 7ཁོང་གི་ཐོག་ནས་མི་གི་རི་ཡིས་དད་པ་བྱེད་བར་ཤོག་སྨྲས་རེ་ཁོང་འོ་དེ་འོད་ཀྱི་བདེན་དཔང་བྱེད་ཡས་ལ་དཔང་པོ་བྱུང་རེ་འོང་བ་ལགས། 8ཁོང་ཁོང་རང་འོ་དེ་འོད་གོ་མ་ལགས། ཡིན་ནའང་འོ་དེ་འོད་ཀྱི་དཔང་པོ་བྱེད་དུ་འོང་བ་ལགས། 9མི་གི་རི་ལ་འོད་གནང་གིན་བདེན་པའི་འོད་གོ་འཇིག་རྟེན་དུ་ཕེབས་བའི་འོད་ད་ལགས།
10བཀའ་གོ་འཇིག་རྟེན་དུ་བཞུགས་འོད་ད་ལགས། དེ་ནས་འཇིག་རྟེན་ཁོང་པ་ཡི་ཐོག་ནས་བཀོད་བ་ལགས། ཡིན་ནའང་འཇིག་རྟེན་གྱིས་ཁོང་པ་ལ་ངོ་མ་ཤེས་བ་ལགས། 11ཁོང་པ་རང་གི་མི་ཀྱ་རྩ་རུ་ཕེབས་པ་ལགས། ཡིན་ནའང་ཁོང་པ་རང་གི་མི་ཀྱ་ཡིས་ཁོང་པ་ལ་ཁས་མ་ལེན་པ་ལགས། 12ཡིན་ནའང་ཁོང་པ་ལ་ཁས་ལེན་ཏེ་ཁོང་པ་ཡི་མཚན་ལ་དད་པ་བྱས་མཁན་གི་རི་ལ་དཀོན་མཆོག་གི་སྲས་སྲས་མོ་འབྱུང་ཡས་ཀྱི་དབང་ཆ་གནང་བ་ལགས། 13དེ་ནས་ཁོང་ཀྱ་གོ་ཕ་མ་དང་། ལུས་དང་། ཁྱོ་ག་ཡི་འདོད་པའི་ཐོག་ནས་སྐྱེས་བ་མིན་ད། དཀོན་མཆོག་གི་ཐུགས་དགོངས་ནས་བྱུང་བ་ལགས།
14དེ་ནས་བཀའ་གོ་ལུས་ལ་གྱུར། དེ་ནས་འོ་རང་མུ་ལ་བཞུགས། ཁོང་ནི་ཐུགས་རྗེ་དང་བདེན་པ་ཡིས་ཁངས་འོད་ད་ལགས། ཁང་གི་གཟི་བརྗིད་ཡབ་དཀོན་མཆོག་ནས་ཡིན་གྱིན་སྲས་གཅིག་པོའི་གཟི་བརྗིད་འོ་རི་མཇལ་བ་ལགས།
15ཡོ་ཧ་ནན་གྱིས་ཁོང་པ་ཡི་དཔང་པོ་བྱས་རེ་འབོད་གྲོགས་བྱས་བ་ལགས། ངའི་གཤམ་ལ་ཕེབས་ཀྱིན་གོ་ང་ནས་ཁག་ཆེ་ཡིན། གི་བྱས་རེ་སྨྲ་ན་ཁོང་ང་ནས་ཨེན་ལ་བཞུགས་འོད་ད་ལགས་སྨྲས་རེ་ངས་སྨྲ་གིན་གོ་ཁོང་པ་རང་ཡིན།
16ཁོང་པ་ཡི་ཕུན་སུམ་ཚོགས་པ་ཡི་ཐོག་ནས་འོ་རང་གི་རིའི་ཐུགས་རྗེ་གཅིག་གི་ཁར་ལ་ཐུགས་རྗེ་ཐོབ་པ་ལགས། 17གི་བྱས་རེ་སྨྲ་ན་བཀའ་ཁྲིམས་གོ་མོ་ཤེའི་ཐོག་ནས་གནང་བ་ལགས། ཡིན་ནའང་ཐུགས་རྗེ་དང་བདེན་པ་གོ་ཡེ་ཤུ་མཱ་ཤི་ཀ་ཐོག་ནས་བྱུང་བ་ལགས། 18སུས་གཅིག་འང་དཀོན་མཆོག་ལ་ནམ་མའང་མ་མཇལ་འོད་ད་ལགས། ཡབ་ཀྱི་མུ་ལ་བཞུགས་ཀྱིན་སྲས་གཅིག་པོ། ཁོང་རང་དཀོན་མཆོག་ཡིན་གྱིན་གྱིས་ཡབ་ལ་ངོ་སྤྲད་པ་ལགས།
ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་བདེན་དཔང་།
(མད་ཐཱ། ༣:༡-༡༢; མར་ཀུ། ༡:༡-༨; ལུ་ཀ། ༣:༡-༡༨)
19ཡེ་རུ་ཤ་ལེམ་ནས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་མཆོད་དཔོན་ཀྱ་དང་། ལེ་ཝི་ཀྱ་ལ་ཁྱོད་སུ་ཡིན་ནོ་སྨྲས་རེ་ཡོ་ཧ་ནན་ལ་འདྲི་རུ་བརྫངས་བའི་གང་ལ་ཁོའི་བདེན་དཔང་གོ་འདི་ལགས། 20ཁོས་ང་ནི་མཱ་ཤི་ཀ་གོ་མིན་སྨྲས་རེ་ཁས་ལེན་བྱས་རེ་གསལ་བོ་སྨྲས་བ་ལགས།
21དེ་ནས་ཁོང་ཀྱ་ཡིས་ཁོ་ལ། ཧ་ན་ཁྱོད་སུ་ལེ། ཁྱོད་ཨེ་ལི་ཡཱ་#༡:༢༡ ཨེ་ལི་ཡཱ་སྨྲ་ན་མངོན་ཤེས་མཁན་གཅིག་ལགས།ཡིན་ནེ་སྨྲས་རེ་དྲིས་བ་ལགས།
ཁོས་ང་མིན་སྨྲས་རེ་སྨྲས་བ་ལགས།
འི་ཀིས་རེ་བ་བྱས་བྱ་མངོན་ཤེས་མཁན་གོ་ཁྱོད་ཡིན་ནེ།
ཁོས་ང་མིན་སྨྲས་རེ་ལན་བརྒྱབ་པ་ལགས།
22དེ་ནས་ཁོང་ཀྱ་ཡིས་ཁོ་ལ་དྲིས་བ་ལགས། ཁྱོད་སུ་ཡིན་ནོ། འེ་ཀྱ་ལ་བཏང་མཁན་ཀྱ་ལ་འི་ཀིས་ལན་སྟེར་དགོས་གུ་ལགས། རང་གི་སྐོར་ལ་ཁྱོད་གི་སྨྲིས་འོད་དོ།
23ཡོ་ཧ་ནན་གྱིས་སྨྲས་བ་ལགས། མངོན་ཤེས་མཁན་ཡེ་ཤ་ཡཱ་ཡིས་གསུངས་ཀྱིན། རི་སྟོང་དུ་འབོད་མཁན་གཅིག་གི་སྐད། གཙོ་བོའི་ཕེབས་ལམ་ཁབ་ཐད་བཟོས་#ཡེ་ཤ་ཡཱ། ༤༠:༣; མད་ཐཱ། ༣:༣སྨྲས་རེ་སྨྲ་གིན་སྐད་གོ་ང་ཡིན།
24ད་བརྫངས་ཛ་མི་ཀྱ་ནས་རིང་འགའ་ཕཱ་རུ་ཤི་པ་ཀྱ་ལགས། 25དེ་ནས་ཁོང་ཀྱ་ཡིས་ཡོ་ཧ་ནན་ལ་དྲིས་བ་ལགས། ད་ཁྱོད་མཱ་ཤི་ཀ་གོའང་མིན། ཨེ་ལི་ཡཱ་གོའང་མིན། དེ་ནས་འོ་དེ་མངོན་ཤེས་མཁན་གོའང་མིན་ན། གི་བྱས་རེ་ཁྲུས་གསོལ་སྟེར་ར་ལེ།
26ཡོ་ཧ་ནན་གྱིས་ལན་བརྒྱབ་པ་ལགས། ང་ཆུ་ཡིས་ཁྲུས་གསོལ་སྟེར་ར་ཡིན། ཡིན་ནའང་ཁྱེད་ཀྱི་ཁོག་ཏུ་ཁྱེད་ཀྱ་ཡིས་ངོ་མེད་ཤེས་ཀྱིན་སྐྱེས་བུ་ཞིག་བཞུགས་འོད་ད་ལགས། 27ངའི་གཤམ་ལ་ཕེབས་ཀྱིན་གོ་ཁོང་པ་རང་ལགས། དེ་ནས་ང་ཁོང་པ་ཡི་ཞབས་ལྷམ་གྱི་སྒྲོག་ཐག་བཀྲོལ་རིན་ཁ་ཡས་མེད།
28དེ་ཀྱ་བེད་ཐ་ནི་རུ་ཡོ་ཧ་ནན་གྱིས་ཁྲུས་གསོལ་སྟེར་གྱིན་ཡོར་དན་གཙང་པོ་ཡི་ཧ་ཀན་ལ་བྱུང་བ་ལགས།
དཀོན་མཆོག་གི་ལུག་ཕྲུག།
29དེ་ནས་ཉིན་མ་གཤམ་མ་གོ་ཡོ་ཧ་ནན་གྱིས་ཡེ་ཤུ་ལ་རང་ཕྱོགས་ལ་ཕེབས་ཀྱིན་གོ་མཇལ་རེ་སྨྲས་བ་ལགས། ལྟོས་དང་། འཇིག་རྟེན་གྱི་སྡིག་པ་བསྣུམས་ཀྱིན་དཀོན་མཆོག་གི་ལུག་ཕྲུག་གོ་ཕེབས་འདུག། 30ངའི་གཤམ་ལ་ཕེབས་མཁན་གོ་ང་ནས་ཁག་ཆེ་ཡིན། གི་བྱས་རེ་སྨྲ་ན་ཁོང་ང་ནས་ཨེན་ལ་བཞུགས་འོད་ད་ལགས་སྨྲས་རེ་ངས་སྨྲ་གིན་སྐྱེས་བུ་གོ་ཁོང་པ་རང་ཡིན། 31ང་རང་གིས་ཁོང་པ་ལ་ངོ་མ་ཤེས། ཡིན་ནའང་ཡིས་ར་ཨེལ་པ་ཀྱ་རྩ་རུ་ཁོང་པ་ངོ་སྤྲོད་ཡས་ལ་ངས་ཆུ་ཡིས་ཁྲུས་གསོལ་སྟེར་རི་སྟེར་རི་འོང་བའི།
32ཡོ་ཧ་ནན་གྱིས་དེ་རེ་བདེན་དཔང་བྱས་བ་ལགས། ངས་ནམ་མཁའ་ནས་ཐུགས་ཉིད་གོ་ཕུག་རོན་ཅོག་རེ་བབ་སྟེ་ཁོང་པ་ཁར་ལ་བཞུགས་ཀྱིན་གོ་མཇལ་སོང་། 33ངས་ང་རང་གིས་ཁོང་ལ་ངོ་མ་ཤེས། ཡིན་ནའང་ང་ལ་ཆུ་ཡིས་ཁྲུས་གསོལ་སྟེར་ཡས་ལ་མངགས་མཁན་གྱིས་ང་ལ་གསུངས་སོང་། དམ་པའི་ཐུགས་ཉིད་སུའི་ཁར་ལ་བབ་སྟེ་བཞུགས་ཀྱིན་གོ་ཁྱོས་མཇལ་ལི། ཁོང་པ་རང་དམ་པའི་ཐུགས་ཉིས་ཀྱི་ཁྲུས་གསོལ་མཛད་མཁན་གོ་ཡིན། 34དེ་ནས་ངས་འོ་དེ་མཇལ་སོང་། དེ་ནས་ཁོང་པ་རང་དཀོན་མཆོག་གི་སྲས་ལགས་སྨྲས་རེ་ང་དཔང་པོ་བྱེད་ད་ཡིན།
ཡེ་ཤུའི་ཉེ་གནས་དང་པོ་ཀྱ།
35ཉིན་མ་གཤམ་མ་གོ་ཡོ་ཧ་ནན་ཁོ་རི་ཉེ་གནས་གཉིས་མུ་ལ་ལངས་རེ་བསྡད་འོད་ད་ལགས། 36དེ་ནས་ཡེ་ཤུ་འོ་དེ་ནས་ཕེབས་ཀྱིན་གོ་མཇལ་རེ་ཁོས་སྨྲས་བ་ལགས། ལྟོས་དང་། དཀོན་མཆོག་གི་ལུག་ཕྲུག་ཕེབས་བའི།
37ཉེ་གནས་དེ་གཉིས་བོ་ཡིས་འོ་དེ་གོ་སྟེ་ཡེ་ཤུ་ཡིས་གཤམ་པ་ལ་འབྲངས་བ་ལགས། 38ཡེ་ཤུ་ཡིས་ཞལ་ལོག་སྟེ་ཁོང་གཉིས་བོ་གཤམ་པ་ལ་འབྲངས་ཀྱིན་གོ་གཟིགས་པ་ལགས། དེ་ནས་ཁོང་གཉིས་བོ་ལ་ཁྱེད་ཀྱ་གི་བཙལ་ལ་ལེ་གསུངས་རེ་གསུངས་བ་ལགས།
དེ་ནས་ཁོང་གཉིས་བོ་ཡིས་ཞུས་བ་ལགས། རབ་བི། ཁྱེད་རང་ག་རུ་བཞུགས་འོད་དོ། (རབ་བི་དོན་གོ་སློབ་དཔོན་ལགས།)
39ཁོང་པ་ཡིས་གསུངས་བ་ལགས། ཤོག། དེ་ནས་ལྟོས། འོ་བྱས་རེ་ཁོང་གཉིས་བོ་སོང་བ་ལགས། དེ་ནས་ཁོང་པ་བཞུགས་ས་གོ་མཐོང་བ་ལགས། དེ་ནས་འོ་དེ་གང་ལ་ཆུ་ཚོད་བཞི་བ་ཚོད་སླེབས་ཚར་ཏེ་འོ་དེ་ཉིན་མ་གོ་ཁོང་ཀྱ་ཁོང་པ་མུ་ལ་བསྡད་པ་ལགས།
40ཡོ་ཧ་ནན་གྱིས་སྨྲ་གིན་གོ་ཉན་མཁན་དང་ཡེ་ཤུ་ཡི་གཤམ་པ་ལ་འབྲང་མཁན་གཉིས་བོ་ནས་གཅིག་སི་མོན་པེ་ཏྲོ་ཡི་ནུ་བོ་ཨན་དྲི་ཡཱ་ལགས། 41ཁོས་ཁོ་རི་ཨ་ཇོ་སི་མོན་ལ་ཨེན་ལ་ཐུག་སྟེ་ཁོ་ལ་སྨྲས་བ་ལགས། འེ་ཀྱ་ཡིས་མཱ་ཤི་ཀ་ལ་མཇལ་སོང་། (མཱ་ཤི་ཀ་སྨྲ་ན་དཀོན་མཆོག་གིས་བདམས་ད་གོ་ལགས།) 42དེ་ནས་ཁོས་སི་མོན་ལ་ཡེ་ཤུ་དྲུང་དུ་ཁྲིད་དེ་འོང་བ་ལགས། ཡེ་ཤུ་ཡིས་ཁོ་ལ་གཟིགས་ཏེ་གསུངས་བ་ལགས། ཁྱོད་ཡོ་ཧ་ནན་གྱི་བི་ཛ་སི་མོན་ལགས། དེ་ནས་ཁྱོད་ལ་ཀེ་ཕཱས་སྨྲས་རེ་འབོད་ཀྱི་ལགས། (ཀེ་ཕཱས་ལ་པེ་ཏྲོ་སྨྲ་ལགས། དེ་ནས་འོ་དེ་མིང་གཉིས་ཀ་རའི་དོན་གོ་ཕོང་གིན་ལགས།)
ཕི་ལིབ་དང་ན་ཐན་ཨེལ།
43དེ་ནས་ཉེ་དྲོ་གོ་ཡེ་ཤུ་ག་ལིལ་ཡུལ་དུ་ཕེབས་ཡས་ལ་ཐུགས་སེམས་མཛད་པ་ལགས། དེ་ནས་ཁོང་པ་ཡིས་ཕི་ལིབ་ལ་ཐུག་སྟེ་ངའི་གཤམ་པ་ལ་འབྲོངས་གསུངས་རེ་གསུངས་བ་ལགས།
44ད་ཕི་ལིབ་དང་། ཨན་དྲི་ཡཱ་དང་། པེ་ཏྲོ་ཡི་ཡུལ་བེད་སད་དཱ་ནས་ལགས། 45ཕི་ལིབ་ཀྱིས་ན་ཐན་ཨེལ་ལ་ཐུག་སྟེ་སྨྲས་བ་ལགས། མོ་ཤེ་ཡིས་ཆོས་ཁྲིམས་ཀྱི་ནང་དུ་བྲིས་བྲ་དང་མངོན་ཤེས་མཁན་ཀྱ་ཡིས་འང་བྲིས་བྲ་སྐྱེས་བུ་ཡོ་སེབ་ཀྱི་བུ་ན་ཙ་རེད་ཀྱི་ཡེ་ཤུ་ལ་འི་ཀིས་མཇལ་སོང་།
46ན་ཐན་ཨེལ་གྱིས་ཁོ་ལ་སྨྲས་བ་ལགས། ན་ཙ་རེད་ནས་བཟང་པོ་གིའང་འབྱུང་ཐུབ་ཀྱི་ལེ།
ཕི་ལིབ་ཀྱིས་ཁོ་ལ། ཁྱོད་རང་རང་འོངས་རེ་ལྟོས། སྨྲས་རེ་སྨྲས་བ་ལགས།
47ཡེ་ཤུ་ཡིས་ན་ཐན་ཨེལ་ལ་རང་རྩ་རུ་འོང་གིན་གོ་གཟིགས་ཏེ་ཁོ་ལ་གསུངས་བ་ལགས། ལྟོས་དང་། ཁོ་ནི་གཡོ་སྒྱུ་མེད་ཀྱིན་ཡིས་ར་ཨེལ་པ་དངོས་གནས་གཅིག་ལགས།
48ན་ཐན་ཨེལ་གྱིས་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་གིས་ང་ལ་གང་གི་བྱས་རེ་མཁྱེན་ནོ།
ཡེ་ཤུ་ཡིས་གསུངས་བ་ལགས། ཕི་ལིབ་ཀྱིས་མ་བོས་ཨེན་ལ་རང་ཁྱོད་ལ་ངས་སེ་ཡབ་ཀྱི་ཤིང་སྡོང་འོག་ལ་བསྡད་ད་མཐོང་སོང་།
49ན་ཐན་ཨེལ་གྱིས་སྨྲས་བ་ལགས། རབ་བི། ཁྱེད་རང་དཀོན་མཆོག་གི་སྲས་གོ་ལགས། ཁྱེད་རང་ཡིས་ར་ཨེལ་གྱི་རྒྱལ་བོ་གོ་ལགས།
50ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ངས་ཁྱོད་ལ་སེ་ཡབ་ཀྱི་སྡོང་པོ་འོག་ལ་མཐོང་སོང་སྨྲས་རེ་སྨྲ་གིན་གོ་ལ་ཁྱོད་དད་པ་སྐྱེད་ལ་ལེ། ཁྱོས་དེ་ནས་ལྷག་ལས་ཀ་ཆེ་ཀྱ་མཐོང་གི་ལགས། 51དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ང་ཁྱོད་ལ་བདེན་པ་སྨྲ་ཡིན། ནམ་མཁའི་ཞིང་ཁམས་བས་རེ་དཀོན་མཆོག་གི་བང་ཆེན་ཀྱ་མིའི་བུ་ལ་རྟེན་ཏེ་ཡར་ཕེབས་ཀྱིན་དང་མ་ཕེབས་ཀྱིན་གོ་ཁྱོས་མཐོང་གི་ལགས།།

اکنون انتخاب شده:

ཡོ་ཧ་ནན། 1: LOY

های‌لایت

به اشتراک گذاشتن

کپی

None

می خواهید نکات برجسته خود را در همه دستگاه های خود ذخیره کنید؟ برای ورودثبت نام کنید یا اگر ثبت نام کرده اید وارد شوید