Logo de YouVersion
Ícono Búsqueda

ལུ་ཀཱ། 22

22
ལེའུ་ཉི་ཤུ་རྩ་གཉིས།
ཡེ་ཤུ་དགྲའི་ལག་ལེ་གཏོད་རྒྱུ་ལེ་ཇུས་ངན་བྱས་པ།
1ཡང་དུས་དེ་རྒྱ། ཡ་ཧུ་དཱ་པའི་​སྲོག་​ཐར་​རི་དུས་ཆེན་​དིང་། སྐྱུར་རྩི་མེད་མེད་སྒོར་ཕྱེའི་དུས་ཆེན་གྱི་ཉིན་མ་དེ་སླེབས་​ལྷག་འོད་ཕེན། 2མཆོད་པ་འབུལ་མཁན་ཀྱ་དིང་​། ཆོས་ཁྲིམས་མཁས་པ་ཀྱ་ཀྱིས་ཡེ་ཤུ་དགྲོང་རྒྱུ་གོ་སྐབས་བཙལ་ལི་དིག ཡིན་ནའང་། ཁོང་ཀྱ་​མི་ཚོགས་ཀྱ་​ལེ་འཇིགས་པི་དིག 3ཡང་​ཡེ་ཤུའི་སློབ་མ་​བཅུ་གཉིས་​ཀྱ་ནང་​ནས་​ཡུ་དཱ་ཨི་སི་ཀར་​རེ་ཟེར་མཁན་​ཁོའི་སེམས་ནང་ལེ། བདུད་པོ་​སཱ་ཏན་​ཞུགས་​ཕེན། 4ཁོ་མཆོད་པ་འབུལ་མཁན་ཀྱ་​དིང་​། མཆོད་ཁང་​སྲུང་​མཁན་​དམག་​དཔོན་​ཀྱ་​ཀྱི་​དྲུང་དུ་​ཕྱིན་ཏེ། ཡེ་ཤུ་​ནི་མི་དེ་ཀྱ་ཀྱི་​ལག་​ལེ་​གཏོད་​རྒྱུ་ལེ་གྲོས་སྡུར་​བྱས་​པི་དིག 5དེ་ནས་མི་​དེ་​ཀྱ་​དགའ་རི་​འཇུ་གུ་​བྱུང་​སྟེ། ཁོ་​ལེ་​དངུལ་​གཏོད་​རྒྱུ་​ཁས་ལེན་​བྱས་ཕེན། 6ཡུ་དཱ་ཁོས་ཟང་​ཇུས་ངན་​དེ་​ལེ་​མོས་མཐུན་​བྱས་​པི་མ་ཟད། མི་ཚོགས་​མེད་​དི་དུས་ཞིག་​ལེ། ཡེ་ཤུ་​མི་དེ་ཀྱ་ཀྱི་​ལག་​ལེ་​གཏོད་​རྒྱུ་​གོ་སྐབས་​བཙལ་​ལི་​དིག
སྲོག་ཐར་​རི་དུས་ཆེན་​གྱི་​གསོལ་སྟོན་​གྲ་སྒྲིག་​བྱས་པ།
7དེ་ནས་​སྲོག་​ཐར་རི་དུས་ཆེན་​གྱི་​ཉིན་མ་​དང་པོ་​དེ་​སླེབས་​རྒྱ། དུས་ཆེན་​དེ་ལེ་​ལུ་གུ་​དམར་མཆོད་​ཕུལ་གྱོ་འོད་དིག 8ཡང་ཡེ་ཤུས་​སློབ་མ་​པེ་ཏྲོ་​དིང་​ཡོ་ཧ་ནན་​ཁོ་གཉིས་​ལེ། འོ་རང་ཀྱ་ཀྱི་​ཆེད་དུ་​སྲོག་​ཐར་རི་དུས་ཆེན་​གྱི་​གསོལ་སྟོན་​གྲ་སྒྲིག་​གྱིས་​ལེད་​ཟིན་​བཀའ་​གནང་སྟེ་​བརྫངས་པི་དིག 9དེ་ནས་ཁོ་གཉིས་​ཀྱིས་​ཁོང་​ལེ། ཉེད་​གཉིས་​ཀྱིས་ག་ན་ལེ་​གསོལ་སྟོན་​གྲ་སྒྲིག་​བགྱིད་​དུ་​འགྲོ་​རྒྱུ་​ཟིན་ཞུས་​ཏེ། 10ཁོང་​གིས་ཁྱེད་གཉིས་རྒྱལ་སའི་​ནང་​ལེ་​རྒྱུགས་​དང་། རྒྱལ་སའི་ནང་ལེ་སླེབས་​རྒྱ། སྣོད་​ནང་​ལེ་​ཆུ་​འཁྱེར་ཏེ་འགྲོ་མཁན་སྐྱེས་པ་​ཞིག་​ཐུག་​གྱི་​དིག དེ་ནས་ཁོའི་རྗེས་ལེ་འབྲངས་ཏེ་ཁོ་འཛུལ་​སའི་ཁྱིམ་དེའི་ནང་ལེ་རྒྱུགས་ཤིག#22.10 ཡ་ཧུ་དཱ་པའི་​ལུགས་སྲོལ་​ནང་​ལེ་​སྐྱེས་པ་​ཀྱ་​དུས་ནམ་ཞིག་ཡིན་ནའང་​། ཆུ་​འཁྱེར་​རི་​ལུགས་སྲོལ་​མེད་དིག དེ་​མ་ཟད། རྒྱལ་སའི་​ནང་ལེ་​མི་ཚོགས་​མང་པོ་​འོད་ཕེན། ཁོང་​གཉིས་​ལེ་​སྐྱེས་པ་​དེ་​རྙེད་​རྒྱུ་​ལེ་ལས་སླ་​མོ་འོང་​རྒྱུ་​ཆེད་དུ་​རྟགས་​བསྟན་​གནང་པི་​དིག​ 11དེ་ནས་ཁྱེད་གཉིས་ཀྱིས་ཁྱིམ་​དེའི་​བདག་པོ་​ལེ། ཉེད་ཀྱ་ཀྱི་སློབ་དཔོན་གྱིས་​ཁྱེད་​ལེ། ང་སློབ་མ་ཀྱ་​དིང་​སྐྱེན་​ལེ་​སྲོག་ཐར་རི་དུས་ཆེན་​གྱི་​ཕོ་ལེ་​གཏོང་​ས་ཁང་​མིག་​དེ་​ག་ན་​འོད་དི་གོ་ཟིན་​དྲིས་འདུག་ཟིན་སྨྲོས་དང་། 12དེ་ནས་མི་དེས་ཁྱེད་​གཉིས་​ལེ་​ནང་ཆས་​གྲ་སྒྲིག་​བཟོས་​ཏེ་​བོར་རི་ཐོག་ཁང་​ཆེན་པོ་​ཞིག་​སྟོན་​གྱི་​དིག འོ་དེ་རུ་ཁྱེད་​གཉིས་ཀྱིས་གསོལ་སྟོན་གྲ་སྒྲིག་གྱིས་ཤིག་ཟིན་​གསུངས་​པི་དིག 13དེ་ནས་​ཁོ་གཉིས་​ཟང་རྒྱལ་ས་​དེ་ལེ་ཕྱིན་​ཏེ། ཁོང་​གིས་​གསུངས་​པི་​ཅོག་འདྲ་​མཐོང་​ཕེན། ཁོ་གཉིས་​ཀྱིས་འོ་དེ་རུ་​སྲོག་ཐར་རི་དུས་ཆེན་གྱི་གསོལ་སྟོན་​གྲ་སྒྲིག་​བྱས་ཏེ་​བོར་​རི་​དིག
ཇོ་བོའི་​དྲན་རྟེན་གྱི་གསོལ་སྟོན།
14དེ་ནས་​གསོལ་སྟོན་བཞེས་པའི་དུས་ཚོད་དེ་སླེབས་ཕེན། ཡེ་ཤུ་​དིང་​སྐུ་ཚབ་​ཀྱ་​དུས་ཆེན་​གྱི་གསོལ་སྟོན་དེ་བཞེས་རྒྱུ་ཆེད་དུ་མར་བཞུགས་པི་དིག 15ཡང་ཡེ་ཤུས་​སློབ་མ་ཀྱ་ལེ། ང་དཀའ་ངལ་​ཆེན་པོ་དེ་མ་​མྱང་བའི་​སྔོན་​ལེ་སྲོག་​ཐར་​རི་དུས་ཆེན་​གྱི་​གསོལ་སྟོན་འདི་ནི། ཁྱེད་ཀྱ་ཀྱི་​སྐྱེན་​ལེ་​གཏོང་འདོད་​འཇུ་གུ་​འོད་​ཟིན་གསུངས་​པི་​དིག 16ཅི་ལེ་ཟེར་ནི། ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཀོན་མཆོག་​གི་རྒྱལ་ཁབ་ནང་ལེ། དུས་ཆེན་གྱི་དོན་དེ་མ་འགྲུབ་​བར་དུ། ངས་​ཡང་དང་གསོལ་སྟོན་འདི་​ཟ་རྒྱུ་​མན་​ཟིན་གསུངས་​པི་​དིག 17ཡང་ཁོང་​གིས་རྒུན་ཆང་ཕོར་རུ་ཞིག་ཕྱག་ལེ་​བསྣམས་​ཏེ། དཀོན་མཆོག་​ལེ་​བཀའ་དྲིན་​ཆེ་​ཟིན་​ཞུས་​པི་​རྗེས་​ལེ། འདི་ལོངས་དང་། ཁྱེད་ཀྱ་ཀྱིས་​བགོས་​ཏེ་​ཐུངས་​ཤིག 18ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དུས་ད་ནས་ཕྱིན་ཆད། དཀོན་མཆོག་​གི་རྒྱལ་ཁབ་​མ་​སླེབས་བར་དུ། རྒུན་ཆང་​འདི་ངས་​འཐུང་​གྱི་མན་​ཟིན་གསུངས་​པི་དིག 19ཡང་​ཁོང་​གིས་​སྒོར་ཕྱེ་​ཕྱག་​ལེ་བསྣམས་​ཏེ། དཀོན་མཆོག་​ལེ་​བཀའ་དྲིན་​ཆེ་ཟིན་​ཞུས་​པི་​རྗེས་​ལེ། སྒོར་ཕྱེ་​དེ་​ཕྱེད་ཀ་བཏང་སྟེ་སློབ་མ་ཀྱ་ལེ་བགོས་ཏེ། འདི་​ནི་ངའི་​ལུས་པོ་ཡིན་ཕེན། ཁྱེད་ཀྱ་ཀྱི་ཆེད་དུ་བྱིན་དི་ཡིན། ང་དྲན་པའི་ཆེད་དུ་འོ་འདི་ཅོག་འདྲ་གྱིས་​ཤིག་​ཟིན་གསུངས་​པི་​དིག 20ཡང་​དེ་ཅོག་འདྲ། ཞལ་ཟས་བཞེས་ཚར་རི་​རྗེས་​ལེ། ཁོང་​གིས་ཡང་དང་​ཆང་ཕོར་ཕྱག་ལེ་བསྣམས་​ཏེ། ཆང་ཕོར་འདི་ནི་ངའི་ཁྲག་གིས་བཀོད་པའི་ཞལ་ཆད་གསར་པ་ཡིན་ཕེན། ཁྱེད་ཀྱ་ཀྱི་དོན་ལེ་བཏོན་པི་ཡིན། 21ལྟོས་​དང་། ང་​དགྲའི་ལག་ལེ་གཏོད་​མཁན་​གྱི་ལག་ག་དེ་ཟང་། ང་དིང་སྐྱེན་ལེ་ཅོག་ཙེའི་ལྟག་ག་ལེ་འོད་དིག 22དཀོན་མཆོག་​གི་​དགོངས་པ་​ཅོག་འདྲ། མིའི་​རིགས་​ཀྱི་​བི་ས་​ཤི་​དགོས་​བྱུང་​ནའང་། མིའི་​བི་ས་​དགྲའི་ལག་ལེ་གཏོད་མཁན་དེ་ལེ་ཆགས་སྒོ་​ཆེན་པོ་​འོང་​གྱི་​དིག་​ཟིན་གསུངས་པི​་དིག 23དེ་ནས་​སློབ་མ་​ཀྱ་​ཕན་ཚུན་​གཅིག་གིས་​གཅིག་​ལེ་འོ་དེ་གི་​བགྱིད་​མཁན་​མི་​དེ་​སུ་​ཡིན་ནི་ཟིན་​འོད་དིག
སུ་གཙོ་ཆེ་ཤོས་ཡིན་མིན་གྱི་སྐོར།
24དེ་ནས་​སློབ་མ་​ཀྱ་​ནང་ནས་སུ་​གཙོ་​ཆེ་ཤོས་​ཡིན་མིན་གྱི་སྐོར་​ལེ་རྩོད་གླེང་བགྱིད་རྒྱ། 25ཡེ་ཤུས་​སློབ་མ་​ཀྱ་​ལེ། ཕྱི་མིའི་རྒྱལ་པོ་​ཀྱ་​ཀྱིས་​མི་དེ་ཀྱ་ལེ་དབང་སྒྱུར་​བྱས་ནའང་། མི་​དེ་ཀྱ་​ཀྱིས་​དབང་​སྒྱུར་བགྱིད་​མཁན་​དེ་​ལེ་སྦྱིན་བདག་​ཟིན་​འོད་དིག 26ཡིན་ནའང་། ཁྱེད་​ཀྱ་འོ་​དེ་​ཅོག་འདྲ་​མ་བགྱིད་​ཅིག ཁྱེད་​ཀྱ་​ནང་​ནས་​གཙོ་ཆེ་ཤོས་ཞིག་​འོང་འདོད་​འོད་ནི། མི་དེས་རང་ཆུང་ཤོས་བགྱིད་དགོས་འོད་དིག ཡང་འགོ་ཁྲིད་​བགྱིད་​འདོད་​འོད་ནི། མི་དེས་གཡོག་པོ་ཅོག་འདྲ་བགྱིད་དགོས་​འོད་དིག 27དཔེར་ན། གསོལ་བ་​བཞེས་​མཁན་​དིང་​གཡོག་པོ་​རྒྱུག་​མཁན་དེ་​གཉིས་ཀ་​ནང་​ནས་​སུ་​གཙོ་ཆེ་ཤོས་​ཡིན་​གོ། ངོ་ཐོག་​བྱས་​ནི་​གསོལ་བ་​བཞེས་​མཁན་​དེ་​གཙོ་ཆེ་ཤོས་​མ་​གས། ཡིན་ནའང་​། ང་ནི་​ཁྱེད་​ཀྱ་​ཀྱི་ནང་​ལེ་​གཡོག་པོ་རྒྱུགས་​མཁན་​ཅོག་འདྲ་ཡིན། 28ང་​ལེ་​ཉམས་ཚོད་​ལེན་རྒྱ། ཁྱེད་​ཀྱ་​ཟང་​ངའི་​སྐྱེན་​ལེ་བསྡད་འོད་​དིག 29ངའི་​ཡབ་​ཀྱིས་​ང་​ལེ་​རྒྱལ་ཁབ་​གནང་​པི་​ཅོག་འདྲ། ངས་​ཟང་​ཁྱེད་​ཀྱ་​ལེ་​སྟེར་​གྱི་​ཡིན། 30ཁྱེད་ཀྱ་ཟང་ངའི་​རྒྱལ་ཁབ་​ཀྱི་​ནང་​དུ་​ངའི་​སྐྱེན་​ལེ་​བཟའ་​བཏུང་​བགྱིད་​དི་​མ་ཟད། ཁྱེད་ཀྱ་ཀྱིས་རང་གི་བཞུགས་ཁྲི་ལྟག་ག་ལེ་​བསྡད་​དེ། ཡི་སི་ར་ཨེལ་​གྱི་​ཚོ་ཁག་​བཅུ་གཉིས་​ལེ་​ཁྲིམས་གཅོད་​བགྱིད་​ཀྱི་དིག་​ཟིན་གསུངས་​པི་​དིག
ཡེ་ཤུས་སློབ་མ་པེ་ཏྲོའི་སྐོར་ལེ་ལུང་བསྟན་པ།
31ཡང་​ཡེ་ཤུས་​སི་མོན། སི་མོན། ལྟོས་​དང་། བདུད་​སཱ་ཏན་​གྱིས་​གྲོ་འུར་པོ་ལེ་འཚག་གི་ཅོག་འདྲ། ཁྱེད་ཡེ་རེ་ལེ་ཉམས་ཚོད་​ལེན་​རྒྱུ་​ཆེད་དུ། ཁོས་དཀོན་མཆོག་​ལེ་​ཆོག་མཆན་ཞུས་​པི་དིག 32ཡིན་ནའང་། སི་མོན། ཁྱོད་ཀྱི་​དད་པ་​མི་​ཉམས་པའི་​ཆེད་དུ། ངས་དཀོན་མཆོག་​ལེ་​གསོལ་བ་སྨོན་ལམ་བཏབ་པི་ཡིན​། ཁྱོད་​ཀྱིས་སེམས་ངའི་ཕྱོགས་ལེ་ཁུག་པའི་རྗེས་ལེ། དད་སེམས་​གཅིག་པའི་​སྤུན་ཟླ་ཀྱ་​ཀྱི་དད་པ་​དེ་བརྟན་པོ་​འོང་རྒྱུ་ཆེད་དུ། ཁྱོད་ཀྱིས་རོགས་རམ་གྱིས་​ཤིག་ཟིན་​གསུངས་​ཕེན། 33པེ་ཏྲོས། ཇོ་བོ། ང་​ནི་​ཁྱེད་ཀྱི་​སྐྱེན་​ལེ་​བཙོན་ཁང་​ལེ་​འགྲོ་དགོས་​བྱུང་​ནའང་​། ཡང་ནི། ཤི་​དགོས་​བྱུང་​ནའང་​ངའི་སེམས་དེ་གྲ་སྒྲིག་ཡིན་​ཟིན་ཞུས་​པི་​དིག 34ཡིན་ནའང་། ཡེ་ཤུས། པེ་ཏྲོ། ང་​ཁྱོད་​ལེ་​བདེན་པ་ཟེར་​རོ། སྔ་དྲོ་​བྱ་སྐད་​མ་​རྒྱག་པའི་​སྔོན་​ལེ། ཁྱོད་​ཀྱིས་​ང་​སུ་​ཡིན་མིན་​ངོ་​མི་​ཤེས་​འོད་​ཟིན་​ལན་མ་​གསུམ་​ཟེར་​གྱི་​དིག་ཟིན་​གསུངས་​པི་​དིག 35ཡང་​ཁོང་​གིས་​སློབ་མ་​ཀྱ་​ལེ། དེ་​སྔོན་​ངས་​ཁྱེད་​ཀྱ་ལེ་​ངའི་​སྐོར་​གྱི་​གཏམ་བཟང་​ཤོད་​དུ་​རྫོངས་​རྒྱ། རྐང་པ་ལེ་ཟོམ་པ་མེད་དི་མ་ཟད། ཁུ་མག་​མ་འཁྱེར་ཏེ་བརྫངས་པི་​ཡིན། དུས་དེ་རྒྱ་​ཁྱེད་​ཀྱ་​ལེ་​མི་ཚང་​བ་དིང་མི་འདང་བ་ཅི་​བྱུང་​གོ་​ཟིན་​དྲིས་​ཏེ། སློབ་མ་​ཀྱ་​ཀྱིས་​མི་འདང་བ་ཅི་​གང་​མ་​བྱུང་​ཟིན་ཞུས་​པི་​དིག 36ཡང་​ཁོང་​གིས། ཡིན་ནའང་། ད་ལྟ་​ཁུ་མག་​དིང་​། ཛོ་ལཱ་འོད་ནི་དེ་ཀྱ་ཁུར་ཞིག རལ་གྲི་​མེད་​མཁན་​ཀྱ་​ཀྱིས་​རང་གི་​གོས་ལག་​བཙོངས་​ཏེ་​རལ་གྲི་​ཉོས་​ཤིག 37ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ནང་ལེ། ཁོང་​ནི་​ནག་ཉེས་​ཀྱི་​ཁོངས་ལེ་བརྩིས་​པི་དིག་ཟིན་​བྲིས་​པི་དེ་​འགྲུབ་​དགོས་​འོད་དིག ཅི་ལེ་ཟེར་ནི། ངའི་​སྐོར་​ལེ་​ཅི་​བྲིས་​འོད་ཡོད་​དེ་ངའི་བརྒྱུད་ནས་འགྲུབ་​ནུས་འགྲོ་འོད་དིག་ཟིན་གསུངས་པི་དིག#22.37 ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 53 ཨང་ 12 ནང་ལེ་གཟིགས་རོགས། 38དེ་ནས་​སློབ་མ་​ཀྱ་​ཀྱིས་​ཁོང་​ལེ། ཇོ་བོ། གཟིགས་​དང་། འདི་རུ་​རལ་གྲི་​གཉིས་​འདུག་ཟིན་ཞུས་​ཏེ། ཁོང་​གིས་​འདི་​ལེ་ལག་ལེན་མ་ཐོང་​གཡུགས་​ཤིག་​ཟིན་གསུངས་​པི་​དིག
སྐྱུར་རུ་​དེའུ་ལེ་གསོལ་བ་​འདེབས་དུ་ཕེབས་པ།
39ཡང་ནམ་རྒྱུན་ཅོག་འདྲ། ཡེ་ཤུ་རྒྱལ་ས་ནས་ཕྱི་ལེ་ཐོན་ཏེ་སྐྱུར་རུ་དེའུ་ལེ་རང་འཇགས་​ལོག་ཕེབས་པི་མ་ཟད། སློབ་མ་​ཀྱ་​ཟང་​ཁོང་​གི་རྗེས་ལེ་འབྲངས་པི་དིག 40ས་ཆ་དེ་​རུ་​སླེབས་​ཕེན། ཁོང་​གིས་​སློབ་མ་​ཀྱ་​ལེ། ཁྱེད་​ཀྱ་​ཉམས་ཚོད་​ནང་​ལེ་​མི་​ཚུད་པའི་​ཆེད་དུ། གསོལ་བ་​སྨོན་ལམ་ཐོབ་ཅིག་​ཟིན་གསུངས་པི་མ་ཟད། 41ཁོང་རང་གོམ་རྒྱང་​ཉི་ཤུ་​ཚོད་ས་​ལེ་ཕེབས་ཏེ་པུས་མོ་ས་​ལེ་​བཙུགས་ཏེ། 42ངའི་​ཨ་ཀྱི་ཁྱེད་ཐུགས་མཉེས་​ནི། དཀའ་ངལ་​ཆེན་པོའི་ཕོར་རུ་འདི་ང་ནས་ཕ་ལེ་ལེན་རོགས། ཡིན་ནའང་​། ངའི་​འདོད་པ་​ཅོག་འདྲ་མན། ཁྱེད་​ཀྱི་​དགོངས་པ་​ཅོག་འདྲ་གྲུབ་​པར་ཤོག་​ཟིན་​གསོལ་བ་​བཏབ་​པི་​དིག#22.42 གེ་​རིག་​ཟེར་ལུགས་​ནང་​ལེ་​ང་​ལེ་ཕོར་རུ་​འདི་​འཐུང་​དུ་​མ་​འཇུག་​རོགས་​ཀྱི་​ཟིན་​བྲིས་འོད་དིག 43དུས་དེ་རྒྱ་​ནམ་མཁའི་ཞིང་ཁམས་​ནས་​དཀོན་མཆོག་​གི་​ཕོ་ཉ་​ཞིག་​ཁོང་​གི་​དྲུང་དུ་​ཕེབས་​འོངས་ཏེ། ཁོང་​ལེ་​མཐུ་སྟོབས་​ཆེ་རུ་སྤར་གནང་པི་​དིག#22.43 ལུ་ཀཱས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔ་ཤོས་ཁ་ཤས་དེའི་ནང་ལེ། ཨང་ 43 དིང་ 44 མེད་དིག 44ཡང་​ཁོང་​རང་​ཐུགས་སྐྱོ་པོ་འཇུ་གུ་བྱུང་སྟེ། གསོལ་བ་​སྨོན་ལམ་བཏབ་སྟེ་ཁོང་​གི་​ལུས་​ནས་​རྔུལ་ཆུ་དེ་ནི། ཁྲག་གི་ཐིགས་པ་ཅོག་འདྲ་​ས་​ལེ་​ཐིགས་​འོང་འོད་དིག 45དེ་ནས་ཁོང་གིས་གསོལ་བ་​སྨོན་ལམ་བཏབ་ནུས་པའི་རྗེས་ལེ། ཁོང་​སློབ་མ་​ཀྱ་​འོད་ས་​ལེ་ཕེབས་​འོངས་པི་དིག ཡིན་ནའང་། སློབ་མ་​ཀྱ་​ཀྱིས་​ཁོང་ལེ་ཅི་ཞིག་བྱུང་འོང་བསམ་སྟེ། སེམས་ཁྲལ་བྱུང་བའི་རྐྱེན་གྱི་ཐང་​ཆད་​དེ་​གཉིད་​ཤོར་​རི་དིག 46ཁོང་​གིས་སློབ་མ་ཀྱ་ལེ། ཁྱེད་​ཀྱ་​ཅི་​ལེ་​གཉིད་​ཉལ་ལི་ཡིན་​དོ། ཁྱེད་​ཀྱ་​ཉམས་ཚོད་ནང་ལེ་​མི་​ཚུད་​པའི་​ཆེད་དུ། ཡར་​ལངས་ཏེ་​གསོལ་བ་སྨོན་ལམ་​ཐོབ་ཅིག་ཟིན་གསུངས་​པི་​དིག
ཡེ་ཤུ་འཛིན་བཟུང་​བྱས་པ།
47ཁོང་​གིས་​འོ་དེ་གི་​གསུང་​གནང་རྒྱ། དེ་​ལོང་མེད་​མི་ཚོགས་ཁ་ཤས་​ཞིག་​ཁོང་​འོད་​ས་​སླེབས་ཕེན། ཁོང་​གི་​སློབ་མ་​བཅུ་གཉིས་​ཀྱ་ནང་​ནས་​ཡུ་དཱ་ཨི་སི་ཀར་​རེ་ཁོས་མི་ཚོགས་དེ་​ཀྱ་​ཁྲིད་​འོངས་པི་མ་ཟད། ཁོས་ཡེ་ཤུ་​ལེ་​དབུ་གཏུག་​བགྱིད་​རྒྱུ་​ཆེད་དུ་​ཁོང་​གི་​དྲུང་དུ་​འོངས་པི་དིག 48ཡིན་ནའང་​། ཡེ་ཤུས་ཁོ་ལེ། ཡུ་དཱ། ཁྱོད་​ཀྱིས་ང་ལེ་དབུ་གཏུགས་​བྱས་​ཏེ། མིའི་བི་ས་དགྲའི་ལག་ལེ་གཏོད་​དི་ཡིན་དས་ཟིན་གསུངས་​པི་​དིག 49དེ་ནས་​ཁོང་​གི་​ཉེ་འཁོར་ལེ་​འོད་ཡོད་​སློབ་མ་​ཀྱ་​ཀྱིས་​གནས་ཚུལ་གདུག་​ཅག་ཞིག་​འོང་​རྒྱུ་​ཡིན་​དི་​མཐོང་​ཕེན། ཇོ་བོ། ཉེད་​ཀྱ་ཀྱིས་མི་​འདི་​ཀྱ་​ལེ་​རལ་གྲི་​རྒྱག་​རྒྱུ་​ཟིན་​དྲིས་​པི་དིག 50དེ་ནས་སློབ་མ་​ཀྱ་​ནང་​ནས་​གཅིག་གིས་​དེ་​ལོང་​མེད་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོའི་གཡོག་པོ་​ལེ་རལ་གྲི་​བརྒྱབ་​སྟེ། ཁོའི་རྣ་མཆོག་​གཡས་པ་​བཅད་​དི་དིག 51ཡིན་ནའང་། ཡེ་ཤུས་ཁོ་ལེ། འོ་དེ་གི་​མ་​བགྱིད་​དང་ཟིན་གསུངས་ཏེ། མི་​དེའི་རྣ་མཆོག་​ལེ་​ཕྱག་​འབོར་​ཏེ་དྲག་ཏུ་བཅུག་པི་​དིག 52ཡང་​ཡེ་ཤུས་​རང་​ལེ་​འཛིན་བཟུང་བགྱིད་​དུ་​འོང་​མཁན་​ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང​་། མཆོད་ཁང་​ཆེན་མོའི་སྲུང་དམག་གི་དཔོན་པོ་དིང་། རྒན་མི་​ཀྱ་​ལེ། ཁྱེད་ཀྱ་ཀྱིས་རལ་གྲི་​དིང་​རྒྱུག་པ་​ཁྱེར་​ཏེ། ཇག་པ་​འཛིན་​བཟུང་བགྱིད་དི་ཅོག་འདྲ​་བྱས་ཏེ་ང་ལེ་འཛིན་བཟུང་བགྱིད་དུ་​འོངས་​པི་ཡིན་དས། 53ང་​ཉིན་གྲངས་​མཆོད་ཁང་​གི་​དྭངས་རའི་​ནང་​ལེ་​ཁྱེད་ཀྱ་དིང་སྐྱེན་​ལེ་​སྡོད་​རྒྱ། ཅི་​ལེ་​ང་ལེ་འཛིན་བཟུང་མི་བགྱིད་དི་​ཡིན་དོ། ཡིན་ནའང་། ད་ལྟ་འདི་ནི་ཁྱེད་ཀྱ་ཀྱི་དུས་ཚོད་དིང་། མུན་ནག་​དབང་གིས་བྱུང་པི་དིག་ཟིན་གསུངས་​པི་​དིག
པེ་ཏྲོས་​ཡེ་ཤུ་ལེ་ཁས་ལེན་མ་བྱས་པ།
54ཡེ་ཤུ་ལེ་​འཛིན་བཟུང་བྱས་ཏེ་ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་གཙོ་བོའི་​ཁང་པ་ལེ་འ​ཁྲིད་​འགྲོ་རྒྱ། པེ་ཏྲོ་​ཟང་​རྒྱང་རིང་པོ་ནས་ཡེ་ཤུའི་​རྗེས་ལེ་​འབྲངས་​པི་དིག 55དེ་ནས་​དྭངས་རའི་ནང་​ལེ་​མི་​ཀྱ་​ཀྱིས་མེ་​བསྲོས་​ཏེ་​བསྡད་​འོད་​ཕེན། པེ་ཏྲོ་​ཟང​་མི་​དེ་ཀྱ་​ཀྱི་​སྐྱེན་​ལེ་​མེ་​བསྲོས་​ཏེ་​སྡོད་​རྒྱ། 56གཡོག་མོ་​ཞིག་​གིས་​པེ་ཏྲོ་​མེ་​བསྲོས་ཏེ་​བསྡད་​འོད་​དི་​མཐོང་​ཕེན། ཁོ་​ལེ་​དགའ་མོ་​བལྟས་​ཏེ། ཁོ་རང་​ཟང་​མི་ཁོའི་​སྐྱེན་འདྲ་​ཡིན་དིག་​སྨྲས་​ཕེན། 57པེ་ཏྲོས་​མོ་ལེ། ཁྱོད་ཀྱིས་མི་སུའི་སྐོར་​ལེ་​ཟེར་​རི་​ཡིན་​དོ། ངས་​མི་​འདི་​ངོ་​མི་​ཤེས་​འོད་​ཟིན་​ཁས་ལེན་མ་བྱས་པི་​དིག 58དེ་ནས་​ཡང་​ཅུང་མ་​རྗེས་​ལེ། མི་​གཞན་​མ་ཞིག་​གིས་​ཟང་​པེ་ཏྲོ་​མཐོང་​ཕེན། ཁྱོད་​ཟང་​མི་​ཁོའི་​སྐྱེན་འདྲ་​ནང་​ནས་​ཞིག་​ཡིན་དིག་​སྨྲས་ཕེན། པེ་ཏྲོས་​ང་​ཁོའི་​སྐྱེན་འདྲ་​མན་​སྨྲས་​པི་​དིག 59ཡང་​ཆུ་ཚོད་​གཅིག་​གི་​རྗེས་​ལེ། མི་​གཞན་མ་​ཞིག་​གིས་​ཟང་​མི་འདི་ནི་ག་ལིལ་ལུང་པའི་མི་​ཞིག་​ཡིན་​ཕེན། ཁྱོད་རང་ཟང་དངོས་གནས་མི་ཁོའི་​སྐྱེན་འདྲ་​ཡིན་དིག་​ཟིན་​ནན་ཏན་​བྱས་​ཏེ་​སྨྲས་​ནའང་། 60པེ་ཏྲོས་​ཁྱོད་​ཀྱིས་ལབ་ཅི་​ཟེར་རི་ཡིན་དོ། ངས་ཧ་​མི་​གོ་​འདུག་​སྨྲས་​ལོང་མེད་​བྱ་སྐད་​བརྒྱབ་​པི་​དིག 61དེ་རྒྱ་ཇོ་བོ་​ཡེ་ཤུས་​ཞལ་​ཚུར་​འཁོར་​ཏེ་​པེ་ཏྲོ་​ལེ་​གཟིགས་​གནང་ཕེན། པེ་ཏྲོས་​དེ་​ལོང་​མེད་​ཡེ་ཤུས་​སྔ་རོགས་བྱ་སྐད་​མ་​བརྒྱབ་པའི་​སྔོན་​ལེ། ཁྱོད་ཀྱིས་ང་​སུ་​ཡིན་​མིན་ངོ་​མི་​ཤེས་འོད་​ཟིན་​ལན་མ་གསུམ་​ཟེར་​གྱི་​དིག་​ཟིན་གསུངས་​པི་དེ་​དྲན་​ཕེན། 62ཁོ་རང་​བློ་​ཕམ་​ཆེན་པོ་​བྱུང་སྟེ་​སྒོའི་ཕྱི་​ལེ་​ཕྱིན་ཏེ་​འཇུ་གུ་​ངུས་​པི་​དིག
སྲུང་དམག་གིས་ཡེ་ཤུ་ལེ་འཕྱམ་ཆ་བཏང་བ།
63ཡང་ཡེ་ཤུ་​འཛིན་བཟུང་བགྱིད་མཁན་​མི་​ཀྱ་​ཀྱིས་​ཁོང་ལེ་བརྡུངས་ཏེ་འཕྱམ་ཆ་བཏང་པི་མ་ཟད། 64ཁོང་གི་སྤྱན་ལེ་རས་བཏུམས་ཏེ། ཁྱོད་ཀྱིས་མངོན་ཤེས་མཁྱེན་གྱོ་འོད་ནི། ད་ལྟ་​ཁྱོད་རང་​ལེ་​གཞུ་​མཁན་​འདི་​སུ་​ཡིན་མིན་ཉེད་ཀྱ་ལེ་སྨྲོས་​དང་​སྨྲས་​པི་​དིག 65ཡང་​དེ་མ་ཟད། མི་​འདི་​ཀྱ་​ཀྱིས་​ཁོང་​ལེ་​ཚིག་ངན་དིང་དམའ་འབེབས་​མང་པོ་བཏང་པི་​དིག
ཆོས་ཀྱི་གྲོས་ཚོགས་ཁང་ལེ་ཡེ་ཤུ་​ཁྲིད་པ།
66དེ་ནས་​ནམ་​ལངས་​ལོང་མེད། ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་​ཀྱ་དིང་། ཆོས་ཁྲིམས་​མཁས་པ་​ཀྱ་དིང་། ཡང་​ཡུལ་གྱི་རྒན་མི་​ཀྱ་​ནི། ཆོས་ཀྱི་གྲོས་ཚོགས་ཁང་ལེ་འཛོམས་​འོང་ཕེན། ཡེ་ཤུ་​ཟང་མི་​དེ་​ཀྱ་​ཀྱི་​མདུན་​དུ་​ཁྲིད་དུ་བཅུག་པི་དིག 67དེ་ནས་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཁྱོད་རང་​སྐྱབས་མགོན་​ཟེར་མཁན་​དེ་ཡིན་​དས། ཉེད་​ཀྱ་​ལེ་​སྨྲོས་དང་སྨྲས་​ཕེན། ཡེ་ཤུས་མི་དེ་ཀྱ་ལེ། གལ་སྲིད་​ངས་​ཁྱེད་​ལེ་​སྨྲས་​ནའང་། ཁྱེད་​ཀྱ་​ཀྱིས་​ཡིད་ཆེས་​མི་​བགྱིད་​འོད་དི་མ་ཟད། 68ཡང་​ངས་​ཁྱེད་​ཀྱ་​ལེ་​དྲི་བ་​ཞིག་​དྲིས་​ནའང་​འདི་​ལེ་​ལན་​མི་​རྒྱག་འོད་དིག 69ཡིན་ནའང་​། དུས་ད་ནས་​ཕྱིད་ཆད། མིའི་བི་ས་​ནི་ཀུན་དབང་​དཀོན་མཆོག་​གི་​གཡས་ཕྱོགས་​ལེ་​སྡོད་​ཀྱི་​དིག་​ཟིན་གསུངས་​ཕེན། 70མི་​དེ་ཀྱ་​ཀྱིས་ཡེ་ཤུ་ལེ། འོ་ནེ། ཁྱོད་​རང་དཀོན་མཆོག་​གི་​སྲས་​ཡིན་​དས་ཟིན་​དྲིས་​ཏེ། ཁོང་​གིས་​ཁྱེད་​ཀྱ་​ཀྱིས་​སྨྲས་པི་ཅོག་འདྲ་​ཡིན་​ཟིན་གསུངས་​པི་​དིག 71དེ་ནས་​མི་​དེ་​ཀྱ་​ཀྱིས་​གཅིག་གིས་གཅིག་ལེ། ཁོའི་​ཁ་​ནས་​ང་​རང་དཀོན་མཆོག་​གི་​སྲས་​ཡིན་​ཟེར་​རི་​ལབ་​དེ་​ཐོས་​ཕེན། ད་འོང་རང་​ཀྱ་​ལེ་​དཔང་པོ་​གཞན་མ་​ཅི་​དགོས་པ་​འོད་​དི་​གོ་​སྨྲས་​པི་​དིག །

Actualmente seleccionado:

ལུ་ཀཱ། 22: DLPO

Destacar

Compartir

Copiar

None

¿Quieres guardar tus resaltados en todos tus dispositivos? Regístrate o Inicia sesión