མར་ཀུ། 14
14
ལེའུ་བཅུ་བཞི།
ཡེ་ཤུ་དགྲོང་རྒྱུ་སྐོར་ལེ་ཇུས་ངན་བྱས་པ།
1དེ་ནས་ཉིན་མ་གཉིས་ཀྱི་རྗེས་ལེ་ཡ་ཧུ་དཱ་པའི་སྲོག་ཐར་རི་དུས་ཆེན་དིང་། སྐྱུར་རྩི་མེད་མེད་སྒོར་ཕྱེའི་དུས་ཆེན་ཡིན་ཕེན། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པའི་མི་ཀྱ་ཀྱིས་གཡོ་ཐབས་ཀྱིས་བརྒྱུད་ནས་ཡེ་ཤུ་འཛིན་བཟུང་བགྱིད་རྒྱུ་དིང་དགྲོང་རྒྱུ་གོ་སྐབས་བཙལ་ལི་དིག 2ཡིན་ནའང་། མི་མང་གིས་ཟིང་ཆ་ལང་རྒྱུ་ཉེན་ཁ་འོད་ཕེན་དུས་ཆེན་ལེ་འཛིན་བཟུང་མི་བགྱིད་རོག་ཟིན་ཕན་ཚུན་བར་ལེ་གྲོས་གླེང་བྱས་པི་དིག
སྤོས་ཆུ་བླུགས་པའི་སྐོར།
3དེ་ནས་ཡེ་ཤུ་པེ་ཐན་ཡཱ་ཡུལ་ལེ་མཛེ་ནད་ཕོག་མྱོང་བའི་སི་མོན་ཟེར་མཁན་སྐྱེས་པ་ཁོའི་ཁྱིམ་ལེ་བཞུགས་ཏེ་གསོལ་བ་བཞེས་གནང་རྒྱ། བུ་མའ་ཞིག་གིས་ནཱར་དཱི་ཟེར་རི་མི་ཏོག་ནས་བཟོས་པའི་རིན་ཐང་ཆེ་བའི་དྲི་ཞིམ་གྱི་ཆུ་ལྷད་མེད་མེད་ཞིག་རྡོ་ཀ་མ་རུའི་བུམ་པ་ཞིག་གི་ནང་ལེ་ཁྱེར་འོངས་པི་མ་ཟད། མོས་བུམ་པ་དེའི་ཁ་བཅགས་ཏེ་དྲི་ཞིམ་གྱི་ཆུ་དེ་ཁོང་གི་དབུ་ལེ་བླུགས་པི་དིག 4ཡིན་ནའང་། དེ་རུ་འོད་ཡོད་མི་ཁ་ཤས་ཞིག་ཁོང་ཁྲོ་ལངས་ཏེ། ཕན་ཚུན་གཅིག་གིས་གཅིག་ལེ་དྲི་ཞིམ་གྱི་ཆུ་འདི་ཅི་ལེ་ཕངས་མེད་གཏོང་གི་ཡིན་ནེ། 5དྲི་ཞིམ་གྱི་ཆུ་འདི་དངུལ་གྱི་སྒོར་མོ་གསུམ་བརྒྱ་ལེ་བཙོངས་ཏེ། སྤྲང་པོ་ཀྱ་བྱིན་ནི་ཅི་གི་དགའ་འོད་དིག་གོ་ཟིན་བུ་མའ་མོ་ལེ་འཁྲུག་པ་བཙལ་ལི་དིག 6ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། མོ་ལེ་སྡུག་པོ་མ་གཏོང་། མོ་རང་གི་འདོད་པ་ལེ་བོར། མོས་ང་ལེ་དོན་བཟང་པོ་བྱས་པི་དིག 7སྤྲང་པོ་ཀྱ་ནི་དུས་རྟག་ཏུ་ཁྱེད་དིང་སྐྱེན་ལེ་འོད་ཕེན། ཁྱེད་ཀྱ་ཀྱིས་དུས་ནམ་ཞིག་ཡིན་ནའང་རོགས་ལམ་བགྱིད་འདོད་འོད་ནི་བགྱིད་རྒྱུ་འོད་དིག ཡིན་ནའང་། ང་དུས་རྟག་ཏུ་ཁྱེད་ཀྱ་དིང་སྐྱེན་ལེ་སྡོད་རྒྱུ་མེད་དིག 8མོས་རང་གིས་ཅི་བགྱིད་ཐུབ་ཐུབ་ང་ལེ་བྱས་པི་མ་ཟད། ང་དུར་ཁྲོད་ལེ་མ་སྐུངས་པའི་སྔོན་ལེ། ངའི་གཟུགས་པོ་ལེ་དྲི་ཞིམ་ཆུ་འདི་བྱུགས་པི་དིག 9ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། འཇིག་རྟེན་ཀུན་ལེ་ངའི་གཏམ་བཟང་ཤོད་རྒྱ། མོས་ཅི་བྱས་པི་འདིའི་སྐོར་ལེ་ཟང་མི་ཀྱ་ཀྱིས་དྲན་གསོ་བགྱིད་ཀྱི་དིག་ཟིན་གསུངས་པི་དིག
ཡུ་དཱ་ཁོས་ཡེ་ཤུ་ཡ་ཧུ་དཱ་པའི་ལག་ལེ་གཏད་དི་སྐོར།
10དེ་ནས་ཡེ་ཤུའི་སློབ་མ་བཅུ་གཉིས་ཀྱི་ནང་ནས་ཡུ་དཱ་ཨི་སི་ཀར་རེ་ཟེར་མཁན་ཁོ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་འོད་ས་ལེ་ཕྱིན་ཏེ། ཁོས་ཡེ་ཤུ་ཁོང་ཀྱ་ཀྱི་ལག་ལེ་གཏོད་རྒྱུ་བྱས་པི་དིག 11མཆོད་པ་འབུལ་མཁན་ཀྱ་ཀྱིས་ཟང་ཡུ་དཱ་ཁོས་སྨྲས་པའི་ལབ་དེ་ཐོས་ཕེན། ཁོང་ཀྱ་དགའ་རི་ཆེན་པོ་བྱུང་སྟེ། ཡུ་དཱ་ཁོ་ལེ་ཨ་ལས་གཏོད་རྒྱུ་ཁས་ལེན་བྱས་པི་དིག དུས་དེ་ནས་ཕེན། ཡུ་དཱ་ཁོས་ཡེ་ཤུ་ཁོང་ཀྱ་ཀྱི་ལག་ལེ་གཏོད་རྒྱུ་གོ་སྐབས་བཙལ་ལི་དིག
ཇོ་བོ་ཡེ་ཤུའི་དྲན་རྟེན་གྱི་ཞལ་ཟས།
12དེ་ནས་སྐྱུར་རྩི་མེད་མེད་སྒོར་ཕྱེའི་དུས་ཆེན་གྱི་ཉིན་མ་དང་པོ་དེ་ལེ། ཡ་ཧུ་དཱ་པའི་ལུགས་སྲོལ་ལེ། སྲོག་ཐར་རི་དྲན་གསོ་བགྱིད་རྒྱུ་ཆེད་དུ། ལུ་གུ་དམར་མཆོད་འབུལ་གྱོ་འོད་དིག ཉིན་མ་དེ་ལེ་སློབ་མ་ཀྱ་ཀྱིས་ཡེ་ཤུ་ལེ། སྲོག་ཐར་རི་དུས་ཆེན་གྱི་ཞལ་ལག་གྲ་སྒྲིག་ག་ན་ལེ་བགྱིད་དུ་འགྲོ་རྒྱུ་ཟིན་ཞུས་ཕེན། 13ཡེ་ཤུས་སློབ་མ་གཉིས་ལེ། ཁྱེད་གཉིས་རྒྱལ་སའི་ནང་ལེ་རྒྱུགས་དང་། དེ་རུ་རྫ་སྣོད་ཞིག་གི་ནང་ལེ་ཆུ་འཁྱེར་འཁྱེར་སྐྱེས་པ་གཅིག་ཐུག་གྱི་དིག ཁོའི་རྗེས་ལེ་འབྲང་སྟེ་རྒྱུགས་ཤིག 14ཁོ་རང་ཁྱིམ་ག་ན་ལེ་འཛུལ་ནི། ཁྱེད་གཉིས་ཟང་ཁྱིམ་དེའི་བདག་པོ་ཁོ་ལེ། སློབ་དཔོན་གྱིས་ཁྱེད་ལེ། ང་དིང་ངའི་སློབ་མ་ཀྱ་སྐྱེན་ལེ་སྲོག་ཐར་རི་དུས་ཆེན་གྱི་བཞེས་ལགས་མཆོད་སའི་ཁང་མིག་དེ་ག་ན་ལེ་འོད་དིག་གོ་ཟིན་དྲིས་ཤིག 15མི་དེས་ཁྱེད་གཉིས་ལེ་གྲ་སྒྲིག་བྱས་ཚར་འོད་ཡོད་སྟེང་ཐོག་ཆེན་པོ་ཞིག་སྟོན་གྱི་དིག ཁང་མིག་དེ་རུ་ཁྱེད་གཉིས་ཀྱིས་འོ་རང་ཀྱ་ཀྱི་ཆེད་དུ། སྲོག་ཐར་རི་དུས་ཆེན་གྱི་བཞེས་ལགས་གྲ་སྒྲིག་བཟོས་ལེད་ཟིན་གསུངས་པི་དིག 16དེ་ནས་སློབ་མ་དེ་གཉིས་རྒྱལ་སའི་ནང་ལེ་ཕྱིན་ཏེ། ཁོང་གིས་གསུངས་པི་ཅོག་འདྲ་མཐོང་ཕེན། དུས་ཆེན་གྱི་བཞེས་ལགས་གྲ་སྒྲིག་བཟོས་པི་དིག 17ཡང་དགོང་མོའི་དུས་ལེ། ཁོང་དིང་སློབ་མ་བཅུ་གཉིས་ཀྱ་ཕེབས་འོངས་ཏེ། 18ཁོང་ཀྱ་གསོལ་བ་མཆོད་རྒྱ། ཡེ་ཤུས་ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ད་ལྟ་ངའི་སྐྱེན་ལེ་ཟ་མ་ཟ་མཁན་ཁྱེད་ཀྱ་ནང་ནས་མི་གཅིག་གིས་ང་དགྲའི་ལག་ལེ་གཏོད་ཀྱི་དིག་ཟིན་གསུངས་ཕེན། 19སློབ་མ་ཀྱ་སེམས་སྐྱོ་རེ། ཁོང་ཀྱ་རེ་རེ་བྱས་ཏེ། ཡེ་ཤུ་ལེ། མི་དེ་ང་ཡིད་གས་ཟིན་དྲིས་པི་དིག 20ཡང་ཡེ་ཤུས་ཁོང་ཀྱ་ལེ། མི་དེ་ད་ལྟ་ངའི་སྐྱེན་ལེ་ཕོར་རུ་གཅིག་གི་ནང་ལེ་སྒོར་ཕྱེ་སྦང་སྟེ་ཟ་མཁན་དེ་ཡིན་དིག 21ཡིན་ནའང་། དཀོན་མཆོག་གི་གསུང་རབ་ཀྱི་མདོ་ནང་ལེ། མིའི་བི་སའི་སྐོར་ལེ་ལུང་བསྟན་པི་ཅོག་འདྲ། ཁོང་རང་ཤི་དགོས་བྱུང་ནའང་། མིའི་བི་ས་ལེ་མགོ་སྐོར་བཏང་སྟེ་དགྲའི་ལག་ལེ་གཏོད་མཁན་མི་དེ་སྙིང་རྗེས། མི་དེ་འཇིག་རྟེན་འདི་རུ་སྐྱེས་པི་ལས་མ་སྐྱེས་ནི་དགའ་ཤོས་ཡིན་དིག་ཟིན་གསུངས་པི་དིག 22ཡང་ཁོང་ཀྱ་གསོལ་བ་བཞེས་རྒྱ། ཁོང་གིས་སྒོར་ཕྱེ་ཕྱག་ལེ་བསྣམས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་པི་རྗེས་ལེ། སྒོར་ཕྱེ་དེ་ཕྱེད་ཀ་བཏང་སྟེ། འདི་ནི་ངའི་ལུས་པོ་ཡིན། ཁྱེད་ཀྱ་ཀྱིས་ལོངས་དང་ཟིན་སློབ་མ་ཀྱ་ལེ་གཏད་དི་དིག 23ཡང་དེའི་རྗེས་ལེ། ཁོང་གིས་རྒུན་ཆང་ཕོར་རུ་དེ་ཕྱག་ལེ་བསྣམས་ཏེ། དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུས་པི་རྗེས་ལེ། སློབ་མ་ཡེ་རེས་ཕོར་རུ་དེ་ནས་བཏུངས་པི་དིག 24ཡང་ཁོང་གིས་ངའི་ཞལ་ཆད་གསར་པའི་ཁྲག་འདི་ནི་མི་ཡེ་རེའི་སྲོག་སྐྱོབ་རྒྱུ་ཆེད་དུ་ཐོན་པི་ཡིན 25ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ངས་དཀོན་མཆོག་གི་རྒྱལ་ཁབ་ནང་ལེ། རྒུན་ཆང་གསར་པ་འཐུང་གི་ཉིན་མོའི་བར་དུ། རྒུན་ཆང་འདི་རྩ་བ་ནས་འཐུང་གྱི་མན་ཟིན་གསུངས་པི་དིག#14.25 རྒུན་ཆང་ཟེར་རི་དོན་དེ་ནི། ཁོང་རང་གི་ལུས་ཁྲག་ལེ་དཔེ་སྟོན་ཏེ་གསུངས་པི་དིག ཡང་ཁོང་རང་དགྲོང་རྒྱུ་ཡིན་དི་དིང་། དཀའ་ངལ་གྱི་སྐོར་ལེ་གསུངས་པི་དིག ཡང་རྒུན་ཆང་གསར་པ་ཞིག་འཐུང་གྱི་མན་ཟེར་རི་དོན་དེ་ནི། དད་པ་བགྱིད་མཁན་མི་ཡེ་རེ་ཞིང་ཁམས་ལེ་སླེབས་རྒྱ། ཡེ་ཤུ་ཁོང་རང་ཟང་མི་དེ་ཀྱ་དིང་སྐྱེན་ལེ། དགའ་སྤྲོའི་ཕོ་ལེ་བགྱིད་ཀྱི་ཡིན་ཟིན་གསུང་གི་དིག 26དེ་ནས་ཁོང་ཀྱ་བསྡོད་གླུ་ཞིག་བླངས་ཏེ་སྐྱུ་རུའི་དེའུ་ལེ་ཕེབས་པི་དིག
སློབ་མ་པེ་ཏྲོའི་སྐོར་ལེ་ལུང་བསྟན་པ།
27དེ་ནས་ཡེ་ཤུས་ཁོང་ཀྱ་ལེ། དཀོན་མཆོག་གི་གསུང་རབ་མདོ་ནང་ལེ།
ངའི་ལུག་རྫི་ལེ་རྡུང་སྟེ། །
ལུག་ཁྱུ་འཐོར་གྱི་དིག །
ཟིན་བྲིས་པའི་ཅོག་འདྲ། ཁྱེད་ཀྱ་ཀྱིས་ཟང་ང་དིང་ཁ་བྲལ་ཏེ་འབྲོས་འགྲོ་གྱི་དིག་ཟིན་གསུངས་པི་དིག#14.27 ལུང་བསྟན་འདི་ནི་དཔེའི་བརྒྱུད་ནས་གསུངས་པི་དིག ལུག་རྫི་དོན་དེ་ནི། ཡེ་ཤུ་ཁོང་རང་ལེ་ཟེར་རི་དིང་། ལུག་ཁྱུ་དོན་དེ་ནི། སློབ་མ་ཀྱ་ལེ་ཟེར་རི་དིག ཚིགས་བཅད་འདི་ནི་ལུང་སྟོན་པ་ཟེ་ཀ་རི་ཡཱས་བྲིས་པའི་མདོ་ལེའུ་ 13 ཨང་ 7 ནང་ལེ་གཟིགས་རོགས། 28ཡིན་ནའང་། ང་ཤི་བའི་རྗེས་ལེ་ཡང་དང་གསོན་ཏེ། ཁྱེད་ཀྱ་ཀྱི་སྔོན་ལེ་ང་ག་ལིལ་ལུང་པ་ལེ་འགྲོ་གྱི་ཡིན་ཟིན་གསུངས་པི་དིག 29དེ་ནས་པེ་ཏྲོས་ཡེ་ཤུ་ལེ། མི་ཡེ་རེས་ཁྱེད་རང་དིང་ཁ་བྲལ་ནའང་། ང་ནི་དུས་ནམ་ཟང་ཁྱེད་རང་དིང་ཁ་འབྲལ་གྱི་མན་ཟིན་སྨྲས་ཕེན། 30ཡེ་ཤུས་ཁོ་ལེ། ང་ཁྱོད་ལེ་བདེན་པ་ཟེར་རོ། འདི་རིང་མཚན་མོ་བྱ་ཕོས་བྱ་སྐད་ལན་མ་གཉིས་མ་བརྒྱབ་པའི་སྔོན་ལེ། ཁྱོད་ཀྱིས་ང་སུ་ཡིན་མིན་ངོ་མི་ཤེས་འོད་ཟིན་ལན་མ་གསུམ་ཟེར་གྱི་དིག་ཟིན་གསུངས་པི་དིག 31ཡིན་ནའང་། པེ་ཏྲོས་ཁོང་ལེ། ང་ནི་ཁྱེད་རང་དིང་སྐྱེན་ལེ་ཤི་དགོས་བྱུང་ནའང་། ཁྱེད་རང་སུ་ཡིན་མིན་ངོ་མི་ཤེས་འོད་ཟེར་མི་སྲིད་སྨྲན་ཕེན། སློབ་མ་གཞན་མ་ཀྱ་ཀྱིས་ཟང་འོ་དེ་གི་ཅོག་འདྲ་སྨྲས་པི་དིག
གེད་སེམ་མཱ་ནེ་ཟེར་རི་ས་ཆ་ལེ་གསོལ་བ་བཏབ་པ།
32-33དེ་ནས་ཁོང་ཀྱ་གེད་སེམ་མཱ་ནེ་ཟེར་རི་ས་ཆ་ལེ་ཕེབས་པི་དིང་། ཁོང་གིས་སློབ་མ་ཀྱ་ལེ། ང་གསོལ་བ་འདེབས་རྒྱ། ཁྱེད་ཀྱ་འདི་རུ་སྡོད་ཅིག་ཟིན་གསུངས་ཏེ། སློབ་མ་ཀྱ་ནང་ནས་པེ་ཏྲོ་དིང་། ཡ་ཀོབ། ཡོ་ཧ་ནན་དེ་གསུམ་པོ་ཁྲིད་དེ་ཕེབས་པི་དིག དེ་རྒྱ་ཁོང་གི་སེམས་ནང་ལེ་དཀའ་ངལ་ཆེན་པོ་འོད་ཕེན། 34ཁོང་གིས་ངའི་སེམས་ལེ་དཀའ་ངལ་ཆེན་པོ་འོད་དི་རྐྱེན་གྱིས་ང་ཤི་ལྷག་འདུག ཁྱེད་གསུམ་པོ་འདི་རུ་གཉིད་མ་ལོག་སྟེ་དོགས་ཟོན་གྱིས་ཤིག་ཟིན་གསུངས་པི་དིག 35དེ་ནས་ཡང་ཁོང་རང་ཅུང་མ་ཕར་ཚོད་ཕེབས་ཏེ། པུས་མོ་ས་ལེ་བཙུགས་ཏེ། གལ་སྲིད་སྒྲུབ་སྲིད་ནི། ང་དཀའ་ངལ་འདི་དེ་ནས་ཐར་དུ་འཇུག་རོགས་ཟིན་ཞུས་པི་དིག 36ཡང་ཁོང་གིས་ངའི་ཨ་ཀྱི་ཁྱེད་ཀྱིས་དོན་ཡེ་རེ་སྒྲུབ་སྲིད་གྱོ་འོད་ཕེན། དཀའ་ངལ་གྱི་ཕོར་རུ་འདི་ང་ནས་ཕ་ལེ་ལེན་རོགས། ཡིན་ནའང་། ངའི་འདོད་པ་ཅོག་འདྲ་མན། ཁྱེད་ཀྱི་ཐུགས་དགོངས་ཅོག་འདྲ་བགྱིད་རོགས་ཟིན་གསོལ་བ་སྨོན་ལམ་བཏབ་པི་དིག 37དེ་ནས་ཁོང་རང་ཚུར་ཕེབས་འོང་རྒྱ། སློབ་མ་གསུང་པོ་ཀྱ་གཉིད་ལོག་སྟེ་བསྡད་འོད་དི་གཟིགས་ཕེན། ཁོང་གིས་པེ་ཏྲོ་ལེ། སི་མོན། ཁྱོད་གཉིད་ལོག་སྟེ་སྡོད་དི་ཡིན་དས། ཆུ་ཚོད་གཅིག་ཟང་དོགས་ཟོན་བགྱིད་མི་ཐུབ་འདུག་གས། 38ཁྱེད་ཀྱ་གཡོ་སྒྱུ་ཉམས་ཚོད་འོག་ལེ་མི་ཤོར་བའི་ཆེད་དུ། དོགས་ཟོན་བྱས་ཏེ་གསོལ་བ་སྨོན་ལམ་ཐོབ་ཅིག ཁྱོད་ཀྱི་སེམས་པ་ལེ་འོ་དེ་ཅོག་འདྲ་བགྱིད་དགོས་བསམས་ནའང་། ལུས་ལེ་ནུས་ཤུགས་མི་འདུག་ཟིན་གསུངས་པི་དིག 39-40དེ་ནས་ཁོང་རང་ཡང་དང་ཕ་ལེ་ཕེབས་ཏེ། སྔོན་མ་ཅོག་འདྲ་གསོལ་བ་སྨོན་ལམ་བཏབ་ཏེ་ཕེབས་འོང་རྒྱ། ཡང་དང་ཁོང་ཀྱ་གཉིད་ལོག་སྟེ་བསྡད་འོད་དི་གཟིགས་པི་དིག ཁོང་ཀྱ་གཉིད་ལྕི་མོ་འཇུ་གུ་ཤོར་འོད་ཕེན། ཁོང་ཀྱ་ཀྱིས་ཡེ་ཤུ་ལེ་ཅི་གང་ཞུ་མ་ཤེས་པི་དིག 41ཡང་ཁོང་ལན་མ་གསུམ་པ་གསོལ་བ་སྨོན་ལམ་བཏབ་སྟེ་ཚུར་ཕེབས་འོངས་ཏེ། ཁྱེད་ཀྱ་ད་རུང་ཟང་གཉིད་ལོག་སྟེ་ངལ་གསོ་བ་ཡིན་དས། ད་འགྲིག་སོང་། ལྟོས་དང་། མིའི་བི་ས་སྡིག་ཅན་ཀྱ་ཀྱིས་ལག་ལེ་གཏོད་རྒྱུ་དུས་དེ་སླེབས་སོང་། 42ལྟོས་དང་། ང་ལེ་དགྲའི་ལག་ལེ་གཏོད་མཁན་དེ་ཉེ་མོ་ལེ་སླེབས་འདུག ཡར་ལེ་ལོངས་དང་། འོ་རང་ཀྱ་ཁོའི་མདུན་ལེ་འགྲོ་ཟིན་གསུངས་པི་དིག
ཡེ་ཤུ་ལེ་འཛིན་བཟུང་བྱས་པ།
43དེ་ནས་ཡེ་ཤུས་འོ་དེ་གི་གསུང་རྒྱ། དེ་ལོང་མེད་སློབ་མ་བཅུ་གཉིས་ཀྱ་ནང་ནས་ཡུ་དཱ་ཁོ་རང་དིང་། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ། ཡང་ཆོས་ཁྲིམས་མཁས་པ་ཀྱ། ཡུལ་མི་ཀྱ་ཀྱིས་བརྫངས་པའི་རྒན་མི་ཀྱ་ཀྱིས་ལག་ག་ལེ། རལ་གྲི་དིང་རྒྱུག་པ་ཁྱེར་ཏེ་ཡུ་དཱ་ཁོའི་སྐྱེན་ལེ་འོངས་པི་དིག 44ཡེ་ཤུ་དགྲའི་ལག་ལེ་གཏོང་མཁན་ཡུ་དཱ་ཁོས་སྔོན་ལེ། མི་ཚོགས་དེ་ཀྱ་ལེ་ངས་སུ་ལེ་དབུ་གཏུགས་བྱས་ནི། འོ་དེ་ཡེ་ཤུ་རང་ཡིན་དིག ཁྱེད་ཀྱ་ཁོ་དམ་པོ་ཟིན་ཏེ་ཁྲིད་རྒྱུགས་ཟིན་ནང་གྲོས་བྱས་པི་དིག 45དེ་ནས་ཡུ་དཱ་ཁོ་རང་མི་དེ་ཀྱ་ཀྱི་སྔོན་ལེ་ཡེ་ཤུའི་དྲུང་དུ་འོངས་ཏེ། ཁོས་ཡེ་ཤུ་ལེ། སློབ་དཔོན། ཟིན་ཁོང་ལེ་དབུ་གཏུགས་བྱས་པི་དིག 46དེ་ལོང་མེད་མི་དེ་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུང་བྱས་པི་དིག 47ཡང་ཡེ་ཤུའི་ཉེ་འགྲམ་ལེ་ལངས་བསྡད་འོད་ཡོད་ཀྱ་ནང་ནས་མི་གཅིག་གིས་རལ་གྲི་བཏོན་ཏེ། མཆོད་པ་འབུལ་མཁན་གཙོ་བོའི་གཡོག་པོ་ཁོ་ལེ་བཞུས་ཏེ་ཁོའི་རྣ་མཆོག་ཡ་གཅིག་བཅད་དི་དིག 48དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་རལ་གྲི་དིང་རྒྱུག་པ་ཁྱེར་འོངས་ཏེ། ཇག་པ་འཛིན་བཟུང་བགྱིད་དི་ཅོག་འདྲ་ང་ལེ་འཛིན་དུ་འོངས་པི་ཡིན་དས། 49ང་ཉིན་དྲངས་མཆོད་ཁང་ནང་ལེ་ཆོས་སྟོན་རྒྱ། ཁྱེད་ཀྱ་ཀྱིས་ང་ཅི་ལེ་འཛིན་བཟུང་མི་བགྱིད་དི་ཡིན་དོ། ཡིན་ནའང་། དོན་འདི་དཀོན་མཆོག་གི་གསུང་རབ་ནང་ལེ་ལུང་བསྟན་པི་ཅོག་འདྲ་འགྲུབ་རྒྱུ་ཆེད་དུ་ཡིན་དིག་ཟིན་གསུངས་ཕེན། 50སློབ་མ་ཀྱ་ཡེ་རེ་ཡེ་ཤུ་དིང་ཁ་བྲལ་ཏེ་བྲོས་བུད་དི་དིག 51-52དེ་རྒྱ་ཡེ་ཤུའི་རྗེས་ལེ་འབྲངས་མཁན་གཞོན་ནུ་ཁོ་རང་ལེ་ཟང་། མི་དེ་ཀྱ་ཀྱིས་འཛིན་བཟུང་བགྱིད་རྒྱུ་བྱས་ཕེན། ཁོས་རང་གི་ལུས་ལེ་གྱོན་པའི་རས་ལེབ་དེ་གཡུགས་ཏེ་དམར་ཧྲང་ངེ་ལེ་བྲོས་བུད་དི་དིག
མཆོད་པ་འབུལ་མཁན་གཙོ་བོ་ཁོའི་དྲུང་དུ་ཡེ་ཤུ་ཁྲིད་པ།
53དེ་ནས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོ་ཁོའི་དྲུང་དུ་ཡེ་ཤུ་ཁྲིད་འོངས་ཕེན། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། རྒན་མི་ཀྱ་དིང་། ཡང་ཆོས་ཁྲིམས་མཁས་པའི་མི་ཀྱ་ཟང་སྐྱེན་ལེ་དེ་རུ་འཛོམས་ཏེ་བསྡད་འོད་དིག 54པེ་ཏྲོ་ཟང་རྒྱང་རིང་པོ་ནས་ཡེ་ཤུའི་རྗེས་ལེ་འབྲངས་ཏེ། མཆོད་པ་འབུལ་མཁན་གཙོ་བོའི་ཁང་པའི་དྭངས་རའི་ནང་ལེ་ལྟ་རུ་འོངས་པི་དིག ཡང་དེ་རྒྱ་སྒོ་སྲུང་མཁན་དམག་མི་དེ་ཀྱ་ཟང་མེ་བསྲོས་ཏེ་བསྡད་འོད་ཕེན། པེ་ཏྲོ་ཁོང་རང་ཟང་དམག་མི་དེ་ཀྱ་ཀྱི་སྐྱེན་ལེ་མེ་བསྲོས་ཏེ་བསྡད་དི་དིག 55དེ་ནས་མཆོད་པ་འབུལ་མཁན་ཀྱ་དིང་། གྲོས་ཚོགས་ཀྱི་མི་ཡེ་རེས་ཡེ་ཤུ་སྲོག་ཐོག་གཏོང་རྒྱུ་ཆེད་དུ། དཔང་པོ་བགྱིད་མཁན་བཙལ་ནའང་། མི་སུ་ཞིག་ཟང་དཔང་པོ་བགྱིད་མཁན་མ་འབྱོར་རི་དིག 56ཡང་མི་མང་པོ་ཞིག་གིས་རྫུན་གྱི་དཔང་པོ་བྱས་ནའང་རྫུན་གཏམ་དེ་མ་མཐུན་པི་དིག 57-58ཡང་མི་ཁ་ཤས་ཡར་ལེ་ལངས་ཏེ་ཁོང་ལེ་རྫུན་གྱི་དཔང་པོ་བྱས་ཏེ། མི་མང་གིས་རུབ་སྟེ་བཟོས་བའི་མཆོད་ཁང་ཆེན་མོ་དེ་བཤིག་སྟེ། ཁོས་ཉིན་མ་གསུམ་གྱི་ནང་ལེ་ཡང་དང་གསར་པ་བཟོ་གྱི་ཡིན་ཟེར་རི་ཉེད་ཀྱ་ཀྱིས་ཐོས་བྱུང་སྨྲས་པི་དིག 59ཡིན་ནའང་། རྫུན་གཏམ་དེ་ཟང་མ་མཐུན་པི་དིག 60དེ་ནས་རྗེས་ལེ་མཆོད་པ་འབུལ་མཁན་གཙོ་བོ་ཁོང་རང་མིའི་དཀྱིལ་ནས་ཡར་ལེ་ལངས་ཏེ། ཡེ་ཤུ་ལེ་མི་འདི་ཀྱ་ཀྱིས་བཤད་དི་ལབ་དེ་བདེན་རྫུན་ཅི་ཡིན་གོ། ཁྱོད་ལེ་ལན་རྒྱག་རྒྱུ་མེད་དས་ཟིན་དྲིས་པི་དིག 61ཡིན་ནའང་། ཡེ་ཤུས་ཞལ་ནས་བཟང་ངན་གྱི་ལན་གཅིག་ཟང་མ་བརྒྱབ་ཕེན། ཡང་དང་མཆོད་པ་འབུལ་མཁན་གཙོ་བོ་ཁོས། ཁྱོད་རང་བསྟོད་འོས་པའི་དཀོན་མཆོག་གི་སྲས་སྐྱབས་མགོན་དེ་ཡིན་དས་ཟིན་དྲིས་ཏེ། 62ཡེ་ཤུས་ང་ཡིན། མིའི་བི་ས་ཁོང་རང་ཀུན་དབང་དཀོན་མཆོག་གི་ཕྱག་གཡས་ལེ་བཞུགས་ཏེ། ནམ་མཁའི་སྤྲིན་གྱི་སྐྱེན་ལེ་འོང་གི་ཁྱེད་ཀྱ་ཀྱིས་མཐོང་གྱི་དིག་ཟིན་གསུངས་པི་དིག 63དེ་ནས་མཆོད་པ་འབུལ་མཁན་གཙོ་བོ་ཁོས་ལབ་དེ་ཐོས་ཕེན། ཞེ་སྡང་འཇུ་གུ་ལངས་ཏེ། ཁོས་རང་གི་གོས་ཧྲལ་ལི་མ་ཟད། ད་འུ་ཀྱ་ལེ་དཔང་པོ་གཞན་མ་ཅི་དགོས་བ་འདུག་གོ། 64ཁོས་དཀོན་མཆོག་ལེ་སྐུར་བ་འདེབས་པི་དེ་ནི། ཁྱེད་ཀྱ་ཀྱིས་ཟང་ཐོས་པི་དིག ད་ཁྱེད་ཀྱ་ལེ་བསམ་འཆར་ཅི་འོད་དོ་ཟིན་དྲིས་ཏེ། མི་དེ་ཀྱ་ཀྱིས་ཁོ་སོད་ཅིག་ཟིན་འུར་བརྒྱབ་པི་དིག#14.64 ཡ་ཧུ་དཱ་པའི་ཆོས་ཁྲིམས་ནང་ལེ། མི་སུ་ཞིག་གིས་དཀོན་མཆོག་ལེ་སྐུར་བ་བཏབ་པི་ཡིན་ནི། སྲོག་ཐོག་གཏོང་རྒྱུ་ལུགས་སྲོལ་འོད་དིག 65དེ་ནས་ཡང་མི་ཁ་ཤས་ཞིག་གིས་ཡེ་ཤུ་ལེ་མཐུ་བརྒྱབ་པི་མ་ཟད། ཁོང་གི་མིག་ལེ་རས་བཏུམས་ཏེ་འགྲམ་ལྕག་བཞུས་ཏེ། ད་ལྟ་ཁྱོད་རང་ལེ་གཞུ་མཁན་མི་དེ་སུ་ཡིན་གོ་མངོན་ཤེས་ཤོད་དང་ཟིན་འཕྱམ་ཆ་བཏང་པི་དིག ཡང་དམག་མི་ཀྱ་ཀྱིས་ཟང་ཡེ་ཤུ་ཚུར་དྲུད་དེ་བརྡུངས་པི་དིག
པེ་ཏྲོས་ཡེ་ཤུ་ངོ་ཤེས་ནའང་ཁས་མ་བླངས་པ།
66དེ་ནས་པེ་ཏྲོ་མཆོད་པ་འབུལ་མཁན་གཙོ་བོའི་སྒོ་རྭའི་ཟུར་ལེ་སྡོད་རྒྱ། མཆོན་པ་འབུལ་མཁན་གཙོ་བོ་ཁོའི་གཡོག་མོ་ཞིག་འོངས་ཏེ། 67མོས་པེ་ཏྲོ་ཟང་མེ་བསྲོས་ཏེ་བསྡད་འོད་དི་མཐོང་ཕེན། ཁོ་ལེ་དགའ་མོ་བལྟས་ཏེ། ཁྱེད་རང་ཟང་ནཱ་ཙ་རེལ་གྱི་ཡེ་ཤུ་སྐྱེན་ལེ་འོད་དི་མ་གས་སྨྲས་པི་དིག 68དེ་ནས་པེ་ཏྲོས་མོ་ལེ། ཁྱོད་ཅི་ཟེར་ཡིན་དོ། ངས་ཧ་མི་གོ་འདུག་ཟིན་ཁས་མ་བླངས་ཏེ་སྒོའི་ཕྱི་ལེ་ཐོན་ལོང་མེད་བྱ་སྐད་བརྒྱབ་པི་དིག 69ཡང་དང་གཡོག་མོ་མོས་པེ་ཏྲེ་མཐོང་ལས་བྱས་ཕེན། འདི་རུ་འོད་ཡོད་མི་ཀྱ་ལེ། མི་འདི་ཟང་ཁོའི་རྗེས་འབྲང་པ་ཀྱ་ནང་ནས་ཞིག་ཡིན་དིག་སྨྲས་པི་དིག 70ཡིན་ནའང་། པེ་ཏྲོས་ད་རུང་ཟང་ང་མན་ཟིན་ཁས་མ་བླངས་པི་དིག དེ་ནས་དུས་ཡུན་ཅུང་མ་འགོར་རི་རྗེས་ལེ། ས་ཆ་དེ་རུ་འོད་ཡོད་མི་ཀྱ་ཀྱིས་ཟང་པེ་ཏྲོ་ལེ། ཁྱོད་རང་ཟང་ག་ལིལ་པ་ཞིག་ཡིན་ཕེན། ངོ་ཐོག་ཁོང་ཀྱ་ཀྱི་ནང་ནས་ཞིག་ཡིན་དིག་སྨྲས་པི་དིག 71ཡང་དང་པེ་ཏྲོས་མི་དེ་ཀྱ་ལེ། མནའ་བསྐྱལ་ཏེ། ཁྱེད་ཀྱ་ཀྱིས་སྨྲས་པའི་མི་འདི་ངས་ངོ་མི་ཤེས་འོད། གལ་སྲིད་མི་དེ་ང་རང་ཡིན་ནི། དཀོན་མཆོག་གི་དམོད་མོ་དེ་ངའི་ལྟག་ག་ལེ་ཕོག་པར་ཤོག་ཟིན་སྨྲས་པི་དིག 72དེ་ལོང་མེད་བྱ་སྐད་གཉིས་པ་བརྒྱབ་ཕེན། པེ་ཏྲོས་དེ་སྔོན་ཡེ་ཤུས་བྱ་སྐད་ལན་མ་གཉིས་པ་མ་བརྒྱབ་པའི་སྔོན་ལེ། ཁྱོད་ཀྱིས་ལན་མ་གསུམ་ང་སུ་ཡིན་མིན་ངོ་མི་ཤེས་འོད་ཟེར་གྱི་དིག་ཟིན་གསུངས་པི་དེ་དྲན་པ་ཚད་ལོང་མེད། ཁོ་རང་སེམས་འཇུ་གུ་སྐྱོ་རེ་མིག་ཆུ་རང་དབང་མེད་ཤོར་རི་དིག །
Currently Selected:
མར་ཀུ། 14: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.