YouVersion Logo
Search Icon

མར་ཀུ། 13

13
ལེའུ་བཅུ་གསུམ།
མཆོད་ཁང་གཏོར་བཤིག་གཏོང་གི་སྐོར་ལེ་ལུང་བསྟན་པ།
1དེ་ནས་​ཡང་​ཡེ་ཤུ་​མཆོད་ཁང་​ནས་​ཕྱི་ལེ་​ཕེབས་​འོང་རྒྱ། སློབ་མ་​ཀྱ་ནང་ནས་གཅིག་​གིས་ཁོང་ལེ། སློབ་དཔོན། གཟིགས་​དང་​། རྡོ་​ཆེན་པོ་དིང་། ཧ་ལས་པའི་མཁས་པ་བྱས་ཏེ་རྩིག་པ་བརྩིགས་ཏེ་ཁང་པ་རྒྱས་པོ་བརྒྱབ་​འདུག་​ཨེད་སྨྲས་ཕེན། 2དེ་ནས་ཡེ་ཤུས་​ཁོ་ལེ། ད་ལྟ་​ཁྱོད་ཀྱིས་ཁང་པ་​འདི་​རྒྱས་པོ་​འཇུ་གུ་​འོད་དི་མཐོང་པི་དིག ཡིན་ནའང་​། རྗེས་མའི་​དུས་​ལེ་​རྩིག་པའི་རྡོ་གཅིག་​ཟང་​མ་​ལུས་ཏེ་​ཡེ་རེ་བཤིག་​བོར་གྱི་དིག་ཟིན་​གསུངས་​པི་​དིག
མཐའ་མའི་དུས་ཀྱི་སྐོར་ལེ་ལུང་བསྟན་པ།
3-4དེ་ནས་​ཡེ་ཤུ་​སྐྱུར་​རུ་​དེའུ་ལྟག་ག་ལེ་ཕེབས་​གནང་སྟེ། མཆོད་ཁང་​དིང་​ཁ་གཏད་​ལེ་​བཞུགས་​རྒྱ། པེ་ཏྲོ​། ཡ་ཀོབ། ཡོ་ཧ་ནན། ཨན་དྲི་ཡཱ་​ཁོ་​བཞི་​པོས་​མི་སུ་​གཅིག་​ཟང་​མེད་རྒྱ། ཡེ་ཤུ་ལེ། དོན་​དེ་ཀྱ་​དུས་ནམ་​ཞིག་ལེ་འབྱུང་རྒྱུ་ཡིན་དི་དིང་། ཡང་དོན་དེ་ཀྱ་མ་འབྱུང་བའི་​སྔོན་​ལེ་​རྟགས་​དེ་ཅི་​ཅི་​འོང་​འོད་དི་གོ། ཉེད་​ཀྱ་ལེ་​གསུང་​དང་ཟིན་ཞུས་ཕེན། 5ཡེ་ཤུས་ཁོང་ཀྱ་ལེ། མི་སུ་ཞིག་གིས་​ཁྱེད་ཀྱ་ལེ་མགོ་སྐོར་མི་གཏོང་གི་ཆེད་དུ་དོགས་ཟོན་​གྱིས་​ཤིག 6མི་​མང་པོ་​ཞིག་​གིས་​ངའི་​མིང་​ཐོག་ནས་འོངས་ཏེ། སྐྱབས་མགོན་​དེ་ང་ཡིན་​ཟིན་​མི་​མང་པོ་​ལེ་​མགོ་སྐོར་​གཏོང་​གྱི་དིག 7ཁྱེད་​ཀྱ་​ཀྱིས་​དམག་​འཁྲུག་དིང་། དམག་འཁྲུག་​ཤོར་​རི་ལབ་​ཐོས་​རྒྱ། འཁྱར་སྣང་​མ་​བགྱིད་​ཅིག དོན་དེ་ཀྱ་ངོ་ཐོག་འོང་གྱི་དིག ཡིན་ནའང་​། མཐའ་མའི་​དུས་​དེ་ད་རུང་མ་སླེབས་འོད་དིག 8ཅི་ལེ་ཟེར་ནི། མི་རིགས་​གཅིག་​གིས་​གཅིག་​ལེ་​འཁྲུག་འཛིན་བགྱིད་དི་དིང་​། རྒྱལ་ཁབ་​གཅིག་​གིས་​གཅིག་​ལེ་​དམག་འཁྲུག་​རྒྱག་གི་དིང་། ས་ཆ་​མང་པོ་​ལེ་​ས་འགུལ་​རྒྱག་​གི་མ་ཟད། མུ་གེ་​ཟང་འོང་གྱི་དིག དོན་དེ་ཀྱ་སྐྱེ་ཟུག་​དང་པོ་​རྒྱག་གི་​ཅོག་འདྲ་​ཡིན་དིག 9ཡིན་ནའང་། ཁྱེད་​ཀྱ་​དོགས་ཟོན་​གྱིས་​ཤིག མི་​ཀྱ་​ཀྱིས་​ཁྱེད་​ཀྱ་འཛིན་བཟུང་བྱས་ཏེ་​ཁྲིམས་ར་ལེ་འཁྲིད་འགྲོ་བ་​དིང་། ཡ་ཧུ་དཱ་པའི་​ཚོགས་ཁང་​ཡེ་རེ་​ནང་​དུ་ཁྱེད་ཀྱ་ལེ་བརྡུང་​གྱི་དིག ཡང་ངའི་​དོན་ལེ་དཔང་པོ་​བགྱིད་​རྒྱུ་ཆེད་དུ། ཁྱེད་​ཀྱ་​ས་གནས་​ཀྱི་​དཔོན་པོ་​དིང་། རྒྱལ་པོ་​ཀྱ་​ཀྱི་​མདུན་​དུ་​ཟང་​འཁྲིད་​འགྲོ་​གྱི་​དིག 10ཡང་དོན་​དེ་ཀྱ་མ་བྱུང་བའི་​སྔོན་​ལེ། ངའི་གཏམ་བཟང་དེ་མི་རིགས་​ཀུན་​ལེ་​ཤོད་དགོས་འོད་དིག 11ཡང་​མི་དེ་ཀྱ་​ཀྱིས་​ཁྱེད་​ཀྱ་ལེ་འཛིན་བཟུང་བྱས་ཏེ་ཁྲིམས་གཅོད་​བགྱིད་རྒྱ། ཁྱེད་​ཀྱ་​ཀྱིས་ཅི་​ཟེར་​དགོས་​འོད་མེད་​དེའི་སྐོར་ལེ་སེམས་ཁྲལ་བགྱིད་​མི་​དགོས། དེ་རྒྱ་ཁྱེད་​ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱིས་གསུངས་​པི་དེ་​རང་​ཤོད་​ཅིག ཅི་​ལེ་​ཟེར་​ནི། གཏམ་ཤོད་མཁན་དེ་ཁྱེད་ཀྱ་མན་དིག དམ་པའི་ཐུགས་ཉིད་​ཀྱིས་ཁྱེད་ཀྱ་ཀྱི་བརྒྱུད་ནས་གསུངས་ཀྱི་དིག 12དུས་དེ་རྒྱ། སྤུན་​གཅིག་​གིས་གཅིག་​ལེ་གསོད་རྒྱུ་ཆེད་དུ​་དིང་། ཨ་ཀྱིས་​རང་གི་​ཕྲུ་གུ་གསོད་རྒྱུ་ཆེད་དུ་འཆི་བའི་ལམ་ལེ་བསྐྱལ་ལི་དིག ཕྲུ་གུ་​ཟང་​ཕ་མ་​ལེ་​དགྲ་ཟིན་བྱས་ཏེ་​གསོད་​ཀྱི་​དིག 13ཡང་ངའི་མིང་གི་དོན་ལེ་མི་ཀུན་གྱིས་ཁྱེད་​ཀྱ་ལེ་​དགྲ་​སྡང་པོ་​བགྱིད་​ཀྱི་​དིག ཡིན་ནའང་​། མཇུག་མཐའ་མའི་དུས​་བར་དུ་​བཟོད་སྒོམ་བགྱིད་མཁན་​ཀྱ་​ལེ་​ཐར་པ་​འཐོབ་ཀྱི་དིག 14མདོ་འདི་ཀློག་མཁན་གྱིས་དོན་དག་ཧ་གོ་བར་གྱིས་ཤིག གཏོར་བཤིག་​གཏོང་​མཁན་​སྐྱུག་​བྲོ་མོ་​གཅིག་​སྡོད་མི་འོས་པའི་གནས་ས་​ལེ་​ལངས་​ཏེ་​བསྡད་​འོད་​དི་​མཐོང་​རྒྱ། ཡ་ཧུ་དཱ་ལུང་པ་ལེ་འོད་ཡོད་མི་ཀྱ་​རི་​ལེ་​འབྲོ་​རྒྱུགས་ཤིག#13.14 ཚིགས་བཅད་འདི་ནི་དཱ་ནི་ཨེལ་ལེའུ་ 9 ཨང་ 27 ནང་གཟིགས་རོགས། ཡང་མར་ཀུ་ལེའུ་ 13 ཨང་ 14 ནང་ལེ་གཟིགས་རོགས། 15དེ་རྒྱ་ཁང་ཐོག་​ལེ་​འོད་ཡོད་​མི་​ཀྱ་​མར་​འབབ་སྟེ་​ཁྱིམ་​ནང་​ལེ་རང་གི་​རྒྱུ་ནོར་ལེན་​དུ་​མ་​འགྲོ། 16ཡང་​ཞིང་ཁ་​ལེ་​འོད་ཡོད་​ཀྱ་​ཟང་​རང་གི་​གོས་ལག་​ལེན་​དུ་​ཕ་​ལེ་​མ་ལོག་​ཅིག 17ཉིན་མ་​དེ་​ལེ། སྐྱེ་​རྒྱུ་​འོད་ཡོད་​བུ་མའ་དིང་​། ཡང་ཕྲུ་གུ་​ལེ་​འོ་མ་​སྟེར་མཁན་​ཀྱ་​སྙིང་རྗེ། 18ཉིན་མ་​དེ་​དགུན་ཁའི་དུས་ལེ་མི་འོང་གི་ཆེད་དུ་​ཁྱེད་​ཀྱ་ཀྱིས་​གསོལ་བ་སྨོན་ལམ་​ཐོབ་ཅིག 19ཅི་ལེ་ཟེར་ནི། ཉིན་​མ་དེ་​ལེ། དཀའ་ངལ་​ཆེན་པོ་​འོང་གི་མ་ཟད​། དཀའ་ངལ་​ཆེན་པོ་དེ་​ཅོག་འདྲ་​ཞིག་དཀོན་མཆོག་​གིས་​འཇིག་རྟེན་བཀོད་པ་ནས་ད་ལྟ་བར་རུ་བྱུང་མྱོང་མེད་དིག ཡང་རྗེས་ལེ་ཟང་རྩ་བ་ནས་འབྱུང་སྲིད་​གྱི་མ་དིག 20ཡང་​ཇོ་བོ་​དཀོན་མཆོག་​གིས་​ཉིན་མ་དེ་ཉུང་​དུ་​མ་བཏང་པི་ཡིན་​ནི། མི་​སུ་​ཟང་​ཐར་​ཐུབ་ཀྱི་མ་དིག ཡིན་ནའང་། ཁོང་​གིས་​བདམས་པའི་​མི་​ཀྱ་​ཀྱི་​ཆེད་དུ། ཉིན་མ་དེ་​ཉུང་​དུ་བཏང་པི་དིག 21དུས་དེ་རྒྱ་མི་​ཀྱ་​ཀྱིས་​ཁྱེད་​ཀྱ་ལེ་​ལྟོས་​དང་​། སྐྱབས་མགོན་འདི་​རུ་འདུག ཡང་​ནི་​ལྟོས་དང་། སྐྱབས་མགོན་དེ་རུ་​འདུག་​སྨྲས་ནའང་། ལབ་དེ་ལེ་ཡིད་ཆེས་མ་བགྱིད་​ཅིག 22ཅི་ལེ་​ཟེར་​ནི། སྐྱབས་མགོན་​རྫུན་མ་དིང་​། ལུང་སྟོན་པ་​རྫུན་མ་​མང་པོ་​འཐོན་​འོང་གི་​མ་ཟད​། བདམས་གནང་བའི་​མི་​ཀྱ་​ལེ་ཟང་མགོ་སྐོར་གཏོང་རྒྱུ་ཆེད་དུ། མི་དེ་ཀྱ་ཀྱིས་ཡ་མཚན་​གྱི་​རྟགས་​མང་པོ་​སྟོན་​སྲིད་ཀྱི་དིག 23ཡིན་ནའང་། ཁྱེད་ཀྱ་ཀྱིས་དོགས་ཟོན་གྱིས་​ཤིག དོན་དེ་​ཀྱ་མ་འབྱུང་བའི་སྔོན་ནས་ངས་ཁྱེད་ཀྱ་ལེ་བརྡ​་བཏང་པི་ཡིན། 24-25ཡིན་ནའང་། དུས་དེ་རྒྱ། དཀའ་ངལ་ཆེན་པོ་​དེའི་​རྗེས་​ལེ། ཉི་མ་སྒྲིབ་སྟེ་ཟླ་བ་ཟང་ཤར་གྱི་མི་དིག སྐར་མ་ཟང་ནམ་མཁའ་​ནས་ས་ལེ་འཛར་འོང་​གྱི་​དིག བར་སྣང་ཁམས་ཀྱི་ནུས་མཐུ་འོད་ཡོད་ཡེ་རེ་གཡོ་འགྲོ་གྱི་དིག 26དུས་དེ་རྒྱ་​མིའི་​བི་ས་​ཁོང་རང་​ནུས་མཐུ་དིང་​གཟི་བརྗིད་​ཆེན་པོའི་​ངང་​ནས་​སྤྲིན་​གྱི་​ནང་ནས་​འོང་གི་​མི་​ཀྱ་​ཀྱིས་​མཐོང་​གྱི་​དིག 27དེ་ནས་​ཁོང་​གིས་​རང་གི་ཕོ་ཉ་​ཀྱ་​འཇིག་རྟེན་གྱི་ཕྱོགས་བཞི་​མཐའ་​ལེ་​བརྫངས་​ཏེ། གནམ་ས་བར་གྱི་ནང་ལེ་འོད་ཡོད་ཁོང་གིས་​བདམས་པའི་​མི་​ཀྱ་སྐྱེན་ལེ་བསྡུ་​གྱི་དིག 28ད་ཁྱེད་​ཀྱ་ཀྱིས་​སྐྱུར་རི་​སྡོང་པོའི་​དཔེ་​ཞིག་ནས་སྦྱོངས་​དང་​། སྡོང་པོ་​དེའི་​ཡལ་ག་​ལེ་​མེ་ཏོག་​ཤར་​འོང་རྒྱ། དབྱར་ཁ་​ཤར་འོང་གི་​ཁྱེད་​ཀྱ་​ཀྱིས་​ཧ་གོ་འོད་དི་ཅོག་འདྲ། 29མིའི་​བི་ས་​ཟང་སྒོ་​འགྲམ་​ལེ་​སླེབས་​ཚར་​འོད་​དི་​ཁྱེད་​ཀྱ་​ཀྱིས་ཧ་གོ་བར་གྱིས་ཤིག 30ང་​ཁྱེད་​ཀྱ་​ལེ་​བདེན་​ཟེར་​རོ། དུས་རབས་​འདིའི་​མི་རྒྱུད་​ཀྱ་རྩ་མེད་མ་འགྲོ་བའི་​སྔོན་​ལེ་​དོན་​འདི་​ཡེ་རེ་​འོང་གྱི་​དིག 31ད་གནམ་ས་​གཉིས་རྩ་མེད་བུད་ནའང་། ངའི་བཀའ་དེ་ཀྱ་དུས་​ནམ་​ཟང་རྩ་མེད་འགྲོ་སྲིད་ཀྱི་མ་དིག 32ཡིན་ནའང་​། ཉིན་མོ་དེ། ཡང་ནི། དུས་ཚོད་དེའི་སྐོར་ལེ། ངའི་​ཡབ་​ཀྱིས་པ་རྐྱང་མ་གཏོགས་མི་སུ་ཞིག་གིས་ཟང་ཧ་མི་གོ་འོད་དི་མ་ཟད། དཀོན་མཆོག་གི་ཞིང་ཁམས་ལེ་བཞུགས་མཁན་ཕོ་ཉ་ཀྱ་ཀྱིས་ཟང་ཧ་མི་གོ་འོད་དིག ཡང་ཁོང་གི་སྲས་ཀྱིས་ཟང་ཧ་མི་གོ་འོད་དིག 33ཉིན་མ་དེ་ནི་དུས་ནམ་ཞིག་ལེ་ཡིན་མིན་ཁྱེད་ཀྱ་ཀྱིས་ཧ་མི་གོ་འོད་ཕེན། གཉིད་མ་ལོག དོགས་ཟོན་གྱིས་ཤིག 34ཉིན་མ་དེ་ནི་མི་​ཞིག་གིས་​རང་གི་​ཁྱིམ་​གྱི་​དབང་ཆ་​དིང་། ལས་ཀ་​ཡེ་རེ་​གཡོག་པོའི་ལག་​ག་ལེ་​བོར་​རི་མ་ཟད། ཡང་སྒོ་སྲུང་མཁན་​ལེ་​ཟང་​། སྒོ་​དགའ་མོ་བྱས་ཏེ་སྲུངས་​ཤིག་​ཟིན་བཀའ་གནང་སྟེ། བདག་པོ་​ཁོང་​རང་​ལུང་པ་​གཞན་​ཞིག་​ལེ་​འགྲོ་བ་དིང་​ཅོག་འདྲ་​ཡིན་དིག 35འོ་དེ་ལེ་བརྟེན་ཏེ། བདག་པོ་དེ། དགོང་མོ། མཚན་མོ། ནམ་ཕྱེད། སྔ་དྲོ་བྱ་སྐད་མ་བརྒྱབ་པའི་སྔོན་ལེ་འོང་འོད་མེད་ཁྱེད་ཀྱ་ཀྱིས་ཧ་མི་གོ་འོད་ཕེན། ཁྱེད་​ཀྱ་​དོགས་ཟོན་​བྱས་​ཏེ་​སྡོད་​ཅིག 36འོ་དེ་གི་ཅོག་འདྲ་མ་བྱས་ནི། ཧོབ་ཐག་མེད་བདག་པོ་ལོག་འོངས་ཏེ། ཁྱེད་​ཀྱ་​སྣང་བ་​གཡེང་​སྟེ་བསྡད་​འོད་​དི་​མཐོང་ཉེན་འོད་དིག 37ངས་ཁྱེད་ཀྱ་ལེ་​སྨྲས་པའི་ལབ་​འདི་ཀྱ། ངས་མི་​ཡེ་རེ་ལེ་ཟེར་རི་ཡིན། ཁྱེད་ཀྱ་ཀྱིས་དོགས་ཟོན་​གྱིས་​ཤིག་ཟིན་གསུངས་​པི་​དིག །

Currently Selected:

མར་ཀུ། 13: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in