YouVersion Logo
Search Icon

ལུ་ཀཱ། 2

2
ལེའུ་གཉིས་པ།
སྐྱབས་མགོན་​ཡེ་ཤུ་​འཁྲུངས་​པའི་སྐོར།
1དེའི་དུས་ལེ་རོ་མཱ་གོང་མའི་རྒྱལ་པོ་སེ་བཟིར་ཨུ་རྒ་ཟི་ཏོ་​ཟེར་​མཁན་ཁོས་​རོ་མཱའི་རྒྱལ་ཁབ་​ཀྱི་མི་དམངས་ཡེ་རེ་ལེ་​མིང་ཐོ་​རྒྱག་​དགོས་​འོད་​དིག་ཟིན་བཀའ་​བཏང་​པི་​དིག 2མིང་ཐོ་རྒྱག་དགོས་རྒྱུ་དེ་ནི་ཐེང་དང་པོ་ཡིན་དི་མ་ཟད། རོ་མཱའི་རྒྱལ་ཁབ་ཀྱི་དབང་ལེ་འོད་ཡོད་སི་རི་ཡཱ་ལུང་པའི་ས་གནས་དཔོན་པོ་ཀུ་རེ་ནུ་​ཡི་ཟེར་མཁན་​ཁོང་གི་དུས་ལེ་​བྱུང་​པི་​དིག 3མི་​ཡེ་རེ་​མིང་ཐོ་​རྒྱག་​ཏུ་རང་གི་​ཕ་ཡུལ་​ལེ་​ལོག་​དགོས་​བྱུང་​པི་དིག 4དེ་ནས་ཡོ་སེབ་​ཁོ་རང་​ཟང་​རྒྱལ་པོ་​དཱ་བིད་​ཀྱི་བུ་རྒྱུད་ཡིན་དི་མ་ཟད། ཁོ་རང་ནི་ག་ལིལ་​ལུང་པའི་ནང་ལེ་འོད་ཡོད་ནཱ་ཙ་རེལ་​ཟེར་​རི་​ཡུལ་​ལེ་སྡོད་གྱོ་འོད་ཕེན། ཡ་ཧུ་དཱའི་​ལུང་པའི་​ནང་​ལེ་​འོད་ཡོད་​དཱ་བིད་​འཁྲུངས་སའི་​རྒྱལ་ས་བེད་​ལེ་​ཧེམ་​ཡུལ་ལེ་མིང་ཐོ་རྒྱག་རྒྱུ་ཆེད་དུ། 5ཁོ་རང་དིང་ཁོ་རང་ལེ་སློང་ཆང་བཏང་ཚར་རི་མ་ཟད། སྐྱེས་​རྒྱུ་​འོད་ཡོད་​མིར་ཡམ་​མོ་ཁྲིད་དེ་​མིང་ཐོ་​རྒྱག་ཏུ་བུད་​དི་​དིག 6དེ་ནས་​ཁོ་​གཉིས་​ཡུལ་​དེ་རུ་སྡོད་​རྒྱ། ཕྲུ་གུ་​ཟླ་བ་​ཚང་​སྟེ་སྐྱེ་ཟུག་རྒྱག་གྱོ་འོད་དི་མ་ཟད། 7སྡོད་སའི་​མགྲོན་ཁང་​ཞིག་​ཟང་​མ་​འབྱོར་​ཕེན། སྐྱོར་ཕུག་ཞིག་གི་ནང་​ལེ་​སྲས་​དང་པོ་​དེ་​འཁྲུངས་​ཕེན་​རས་​ཞིག་​ལེ་​བཏུམས་ཏེ་ཆག་​གཞོང་​ནང་​ལེ་བོར་རི་དིག
ལུག་རྫི་དིང་ཕོ་ཉའི་སྐོར།
8དེ་ནས་​ཡུལ་​དེའི་​མཐའ་བསྐོར་​ལེ་​རྫི་བོ་​ཀྱ་​ཀྱིས་​མཚན་མོ་​རང་གི་ར་ལུག་​ཁྱུ་​སྲུང་གིན་​བ​སྡད་​འོད་ཕེན། 9དེ་ལོང་​མེད་​དཀོན་མཆོག་གི་ཕོ་ཉ་ཞིག་རྫི་བོ་​དེ་ཀྱ་ཀྱི་རྩ་​ལེ་​ཕེབས་​ཏེ། དཀོན་མཆོག་​གི་​གཟི་བརྗིད་ཀྱི་འོད་ཟེར་དེ་​ཕྱོགས་​ཡེ་རེ་​ལེ་​ཁྱབ་​ཕེན། རྫི་བོ་དེ་ཀྱ་​འཁྱར་སྣང་​འཇུ་གུ་​བྱུང་​པི་​དིག 10ཡིན་ནའང་། ཕོ་ཉ་དེས་​རྫི་བོ་​ཀྱ་​ལེ། ཁྱེད་ཀྱ་འཁྱར་སྣང་​མ་​བགྱིད་​ཅིག ངས་​མི་​ཡེ་རེའི་​ཆེད་དུ་​དགའ་སྤྲོའི་​གཏམ་བཟང་​ཞིག་​ཤོད་​དུ་འོངས་པི་ཡིན། 11དེ་རིང་​རྒྱལ་པོ་​དཱ་བིད་​ཀྱི་རྒྱལ་སའི་ནང་​ལེ། ཁྱེད་​ཀྱ་​ལེ་སྐྱོབ་མཁན་​ཞིག་​འཁྲུངས་​པི་དིག ཁོང་​ནི་​སྐྱབས་མགོན་​ཇོ་བོ་​དེ་ཡིན་​དིག 12ཡང་ཕྲུ་གུ་དེའི་རྟགས་དེ་ནི། ཆག་​གཞོང་​ནང་​དུ་​རས་ཞིག་ལེ་བཏུམས་ཏེ་བསྙལ་བོར་འོད་དི་ཁྱེད་ཀྱ་ཀྱིས་མཐོང་གྱི་དིག་ཟིན་སྨྲས་པི་དིག 13དེ་ནས་དེ་ལོང་མེད་ནམ་མཁའི་ཞིང་ཁམས་​ལེ་​བཞུགས་​མཁན་དཀོན་མཆོག་གི་​ཕོ་ཉ་​མང་པོ་​ཞིག་ཟང་​ཁོང་འོད་ས་ལེ་​མངོན་སུམ་​དུ་​ཕེབས་ཏེ། 14ཕོ་ཉ་​དེ་ཀྱ་​ཀྱིས།
བླ་ན་མེད་པའི་​དཀོན་མཆོག་​ཁྱེད་​རང་ལེ་བསྟོད་པ་​འབུལ་​ལོ། །
ཁྱེད་​ཀྱི་​ཐུགས་​མཉེས་པའི་​ས་​སྟེང་​གི་​མི་​ཀྱ་​ལེ་​ཞི་བདེ་​འཐོབ་པར་​ཤོག །
ཟིན་སྨྲས་པི་དིག 15དེ་ནས་ཕོ་ཉ་དེ་ཀྱ་​རྫི་བོའི་​མདུན་​ནས་​ཡར་རང་འཇགས་ནམ་མཁའི་ཞིང་ཁམས་​ལེ་​ལོག་པའི་རྗེས་ལེ། རྫི་བོ་​དེ་ཀྱ་​གཅིག་གིས་གཅིག་ལེ་ད་​འོ་རང་​ཀྱ་​བེད་​ལེ་​ཧེམ་གྱི་ཡུལ་​ལེ། ཕོ་ཉའི་བ​རྒྱུད་​ནས་ཇོ་བོས་​འུ་​ཀྱ་​ལེ་​གསུངས་པི་དེ་ལེ་ད་ལྟ་​མགྱོགས་པོ་​བལྟ་​རུ་​འགྲོ་ཟིན་བུད་དི་དིག 16དེ་ནས་ཁོང་ཀྱ་ཀྱིས་མིར་ཡམ་དིང་​ཡོ་སེབ། ཡང་​ཆག་​གཞོང་​ནང་​ལེ་བསྙལ་བོར་རི་ཕྲུ་གུ་​དེ་མཐོང་པི་དིག 17དེ་ནས་​རྫི་བོ་​ཀྱ་ཀྱིས་དོན་དེ་མཐོང་སྟེ། ཕོ་ཉས་ཕྲུ་གུ་​དེའི་​སྐོར་​ལེ་​སྨྲས་པའི་གཏམ་​དེ་རྒྱལ་ས་​ཡེ་རེ་ལེ་​བཤད་​དི་མ་ཟད། 18ཡང་རྫི་བོ་ཀྱ་ཀྱིས་ཅི་སྨྲས་པི་དེ་ཐོས་​མཁན་​མི་ཡེ་རེས་ཟང་​ཧ་ལས་​ཆེན་པོ་​བྱུང་​པི་​དིག 19ཡིན་ནའང་​། མིར་ཡམ་​གྱིས་​དེ་སྔོན་རང་ལེ་ཕོ་ཉས་ཅི་སྨྲས་པི་དོན་དེ་ཀྱ་ནི། རང་གི་​སེམས་ནང་ལེ་བོར་ཏེ་བསམ་བློ་​མང་པོ་​བཏང་​པི་དིག 20ཡང་རྫི་བོ་​དེ་ཀྱ་ཕ་ལེ་ལོག་སྟེ། ཕོ་ཉས་ཅི་སྨྲས་པི་​ཅོག་འདྲ་​མཐོང་​བའི་​དོན་དེ་​ཡེ་རེའི་ཆེད་དུ། དཀོན་མཆོག་​ལེ་​བསྟོད་པ་​ཕུལ་​ལི་དིག 21དེ་ནས་ཕྲུ་གུ་​དེ་ཉིན་​མ་བརྒྱད་ཡིན་རྒྱ། ཡ་ཧུ་དཱ་པའི་​ལུགས་སྲོལ་​ཅོག་འདྲ། ཕོ་མཚན་གྱི་རྩེ་ལྤགས་​བཅད་དེ་མ་ཟད། ཕྲུ་གུའི་མིང་ལེ་ཡེ་ཤུ་ཟིན་བཏགས་པི་དིག མིང་དེ་ནི་མིར་ཡམ་མོ་རང་ལེ་ཕྲུ་གུ་མ་​ཆགས་པའི་​སྔོན་​ནས་དཀོན་མཆོག་​གི་ཕོ་ཉས་​མོ་ལེ། ཕྲུ་གུ་དེའི་མིང་ལེ་ཡེ་ཤུ་ཐོགས་ཤིག་ཟིན་སྨྲས་ཚར་འོད་དིག#2.21 ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་དེ་ནི། ཡ་ཧུ་དཱ་པ་ཀྱ་ལེ་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་བསྲུངས་པའི་རྟགས་ཞིག་ཡིན་དིག
མཆོད་ཁང་​ནང་​ལེ་ཡེ་ཤུ་​ཁྱེར་རི་སྐོར།
22ཡང་​ལུང་སྟོང་པ་​མོ་ཤེ་ལེ་དཀོན་མཆོག་གིས་གནང་བའི་ཆོས་ཁྲིམས་​ཅོག་འདྲ། ཡོ་སེབ་དིང་མིར་ཡམ་ཁོ་གཉིས་ཀྱིས་གཙང་སྦྲ་བགྱིད་རྒྱུ་དུས་དེ་སླེབས་ཕེན། ཕ་མ་གཉིས་ཀྱིས་བི་ས་ཡེ་ཤུ་ནི། ཇོ་བོ་​དཀོན་མཆོག་​གི་ཕྱག་ལེ་འབུལ་རྒྱུ་ཆེད་དུ། ཡེ་རུ་ས་གླིང་​རྒྱལ་ས་​ལེ་བུད་དི་དིག 23དེ་ནས་ཇོ་བོ་དཀོན་མཆོག་​གི་​ཆོས་ཁྲིམས་​ཀྱི་མདོ་​ལེ། སུ་​ལེ་​བི་ས་​དང་པོ་​སྐྱེས་​ནི་བི་ས་​དེ་ཇོ་བོའི་དྲུང་དུ་འཁྱེར་འོངས་ཏེ། ཁོང་གི་ཕྱག་ལེ་འབོར་དགོས་འོད་དིག་ཟིན་བྲིས་འོད་ཕེན། 24ཇོ་བོ་དཀོན་​མཆོག་​གི་​ཆོས་ཁྲིམས་ཅོག་འདྲ། ཕ་མ་གཉིས་ཀྱིས་ཟང་ཕུག་མོ་ཆུང་མ་གཉིས་དམར་མཆོད་ལེ་ཕུལ་ལི་དིག 25དེ་རྒྱ་ཡེ་རུ་ས་གླིང་​རྒྱལ་ས་​དེ་རུ་མིང་ལེ་སི་མུ་ཨོན་ཟེར་​མཁན་མི་​དྲང་པོ་​དིང་​ཆོས་སེམས་​ཆེན་པོ་འོད་ཡོད་​ཞིག་འོད་དིག ཁོ་རང་ནི་ཡི་སི་ར་ཨེལ་པའི་​མི་རིགས་​ཀྱ་སྐྱོབ་​རྒྱུ་ཡིན་དི་དུས་དེ་ལེ་​སྒུག་​སྡོད་​མཁན་​ཞིག་ཟང་ཡིན་དི་དིང་། དམ་པའི་ཐུགས་ཉིད་ཟང་མི་ཁོའི་སྐྱེན་ལེ་འོད་དི་མ་ཟད། 26ཁོ་ལེ་ཁྱོད་རང་མ་ཤི་བའི་​སྔོན་​ལེ་​ཇོ་བོ་སྐྱབས་མགོན་​དེ་མཇལ་​གྱི་དིག་ཟིན་དམ་པའི་ཐུགས་ཉིད་ཀྱིས་སྔོན་མ་ནས་གསུངས་ཚར་ཕེན། 27དམ་པའི་​ཐུགས་ཉིད་​ཀྱིས་​སི་མུ་ཨོན་ལེ་བསྐུལ་​ཏེ། ཁོ་རང་མཆོད་ཁང་​ལེ་འོངས་པི་དིག དུས་དེ་རྒྱ་ཆོས་ཁྲིམས་ཅོག་འདྲ་སྒྲུབ་རྒྱུ་ཆེད་དུ། མིར་ཡམ་དིང་ཡོ་སེབ་ཁོང་གཉིས་ཟང་ཡེ་ཤུ་​འཁྲིད་དེ་མཆོད་ཁང་ནང་ལེ་སླེབས་པི་དིག 28སི་མུ་ཨོན་ཁོས་ཟང་​ཕྲུ་གུ་​དེ་པང་​དུ་​བླངས་​ཏེ་​དཀོན་མཆོག་​ལེ།
29ཇོ་བོའོ། ད་ལྟ་ཁྱེད་​ཀྱི་​བཀའ་ཅོག་འདྲ། །
ཁྱེད་​ཀྱི་​ཞབས་ཕྱི་​ང་​ཞི་བདེ་​ངང་​ནས་​ཤི་རུ་​འཇུག་རོགས། །
30-31ཁྱེད་​ཀྱིས་​མི་རིགས་ཀུན་གྱི་དོན་ལེ་བརྫངས་པའི་​སྐྱབས་མགོན་ནི། །
ངའི་མིག་​གིས་ཁྱེད་​ཀྱིས་​བཀོད་གནང་བའི་ཐར་པ་དེ་མཐོང་བྱུང་། །
32ཁོང་ནི་ཕྱི་མི་ཀུན་​ལེ་​འོད་ཟེར་​གནང་​མཁན་​དེ་ཡིན་དིག །
ཁྱེད་​ཀྱི་​མི་རིགས་​ཡི་སི་ར་ཨེལ་​གྱི་​གཟི་བརྗིད་ཟང་​ཡིན་​དིག །
ཟིན་​བསྟོད་པ་ཕུལ་ལི་དིག 33དེ་ནས་ཡབ་ཡུམ་གཉིས་ཀྱིས་ཟང་ཕྲུ་གུའི་སྐོར་​ལེ་ཅི་​སྨྲས་པི་​དེ་ལེ་ཡ་མཚན་​ཆེན་པོ་སྐྱེས་​པི་​དིག 34ཡང་སི་མུ་ཨོན་གྱིས་​ཁོང་ཀྱ་ལེ་བྱིན་གྱིས་བརླབས་ཏེ། ཡུམ་མིར་ཡམ་​ལེ། གཟིགས་​དང་། ཕྲུ་གུ་​འདི་​ནི་​ཡི་སི་ར་ཨེལ་པ་མང་པོ་​ཞིག་ཡར་འདེགས་ཀྱི་དིག ཡང་​མང་པོ་ཞིག་མར་འབེབས་ཀྱི་དིག ཡང་ཁོང་རང་​ནི་དཀོན་མཆོག་མངོན་སུམ་སྟོན་རྒྱུ་ཡིན་དི་རྟགས་དེ་ཡིན་​དིག ཡིན་ནའང་། མི་མང་པོ་ཞིག་གིས་ཁོང་ལེ་དགྲ་སྡང་པོ་བགྱིད་ཀྱི་དིག 35ཡང་​ཕྲུ་གུ་འདི་ནི་མིའི་སེམས་ནང་ལེ་སྦས་པའི་གསང་བ་དེ་ཕྱི་​ལེ་མངོན་སུམ་སྟོན་​རྒྱུ་​ཆེད་དུ་ཡིན་​དིག ཁྱོད་​ཀྱི་​སེམས་​ལེ་​ཟང་​རལ་གྲི་​བཙུགས་​པི་​ཅོག་འདྲ་​འོང་གྱི་དིག་ཟིན་སྨྲས་པི་དིག 36ཡང་​དེ་​རུ་​ལུང་སྟོན་​མཁན་​ཨ་ནཱ་​ཟེར་མཁན་​ཨི་བི་ཞིག་​འོད་དིག མོ་​རང་ནི་ཨ་ཤེར་​ཟེར་མཁན་​གྱི་​རིགས་རྒྱུད་​ནས་ཡིན་​དི་​མ་ཟད། ཕཱ་ནུ་ཨེལ་​ཟེར་མཁན་​གྱི་​བུ་མོ་​ཡིན་དིག མོ་རང་ཆང་ས་བརྒྱབ་སྟེ་ལོ་བདུན་གྱི་རྗེས་ལེ་མོའི་ཁྱོ་ག་དེ་ཤི་​པི་​དིག 37དེ་ནས་མོ་རང་​བློ་​སེམས་​ཆོས་​ལེ་​བུད་​དེ། ལོ་​བརྒྱད་ཅུ་གྱ་བཞི་​ཐུབ་མོ་རང་​མཆོད་ཁང་​དིང་ཁ་མ་​འབྲལ་ཏེ། ཉིན་མཚན་​མེད་སྨྱུང་​གནས་སྲུང་གྱོ་འོད་དི་མ་ཟད། གསོལ་བ་སྨོན་ལམ་བཏབ་སྟེ་དཀོན་མཆོག་​ལེ་བསྙེན་བཀུར་འབུལ་གྱོ་འོད་དིག 38ཡང་སི་མུ་ཨོན་གྱིས་​ཕྲུ་གུ་དེ་ཅི་​གི་ཞིག་འོང་​རྒྱུ་​ཡིན་དི་​སྐོར་​དེ། ཕ་མ་​གཉིས་​ལེ་​སྐད་ཆ་​ཤོད་​རྒྱ། ཨི་བི་མོ་རང་​ཟང་​། ཁོང་ཀྱ་ཀྱི་རྩ་ལེ་འོངས་ཏེ། ཕྲུ་གུ་དེའི་ཆེད་དུ་དཀོན་མཆོག་​ལེ་​བསྟོད་པ་​ཕུལ་​ལི་​མ་ཟད། ཨི་བི་མོས་ཡེ་རུ་ས་གླིང་གི་ཐར་བའི་ཉིན་མོ་དེ་ལེ་​སྒུག་​སྡོད་​མཁན་​མི་ཡེ་རེ་ལེ། ཕྲུ་གུ་དེའི་སྐོར་ཡང་​ནས་​ཡང་​དུ་ལབ་གླེང་བྱས་པི་​དིག 39དེ་ནས་ཕྲུ་གུའི་ཡབ་ཡུམ་གཉིས་ཀྱིས་ཇོ་བོའི་ཆོས་ཁྲིམས་ཅོག་འདྲ་​ཡེ་རེ་​བསྒྲུབས་ཚར་རི་​རྗེས་​ལེ། ག་ལིལ་​ལུང་པའི་ནང་ལེ་འོད་ཡོད་རང་གི་ཡུལ་ནཱ་ཙ་རེལ་​ལེ་​ལོག་​པི་དིག 40དེ་ནས་​བི་ས་ཡེ་ཤུ་​ཁོང་རང་འཚར་ལོངས་​བྱུང་​སྟེ་​སེམས་​ལེ་​སྟོབས་​དིང་བློ་​ལེ་ཤེས་རབ་​རྒྱས་པི་མ་ཟད། ཡང་​དཀོན་མཆོག་​གི་​ཐུགས་རྗེ་​གཟིགས་སྐྱོང་དེ་ཟང་ཁོང་གི་སྐྱེན་ལེ་གནས་འོད་​དིག
ཡེ་ཤུ་​མཆོད་ཁང་ནང་ལེ་བཞུགས་པའི་​སྐོར།
41ཡང་​ལོ་​གྲངས་​སྲོག་​ཐར་​རི་​དུས་ཆེན་​དེ་ལེ། ཡེ་ཤུའི་​ཡབ་ཡུམ་​གཉིས་​ཟང་ཡེ་རུ་ས་གླིང་​རྒྱལ་ས་ལེ་འགྲོ་འོད་དིག 42ཡེ་ཤུ་​དགུང་ལོ་​བཅུ་གཉིས་​ཡིན་​རྒྱ། ནམ་རྒྱུན་ཅོག་འདྲ་​དུས་ཆེན་​ལེ་​ཁོང་​ཀྱ་​ཡེ་རུ་ས་གླིང་​ལེ་​བུད་དི་དིག 43ཡང་དུས་ཆེན་​དེ་ནུས་པི་རྗེས་ལེ་​ཁོང་​ཀྱ་​ཚུར་​ལོག་​འོང་​རྒྱ། བི་ས་​ཡེ་ཤུ་ནི་​ཡེ་རུ་ས་གླིང་​རུ་​བཞུགས་པི་དེ་ཡབ་ཡུམ་​གཉིས་​ཀྱིས་​ཧ་​མ་​གོ་ཕེན། 44-45ཡབ་ཡུམ་​གཉིས་​སེམས་པ་​ལེ། ཁོང་རང་ལམ་རོགས་​ཀྱ་ཀྱི་​དཀྱིལ་​ལེ་​འོངས་​འོད་​དྲོ་​བསམས་​ཏེ་ཉིན་མ་​གཅིག་གི་​ས་​ལེ་​བུད་དི་དིག ཡིན་ནའང་། ཡབ་ཡུམ་​གྱིས་བི་ས་ཡེ་ཤུ་རང་གི་གཉེན་ཚན་​དིང་​བྲངས་རོགས་​ཀྱི་​ནང་​ལེ་​བཙལ་​ཏེ་མ་རྙེད་​ཕེན། འཚོལ་གིན་འཚོལ་གིན་ཡེ་རུ་ས་གླིང་གི་རྒྱལ་ས་ལེ་​རང་འཇགས་ལོག་པི་​དིག 46དེ་ནས་​ཉིན་​མ་གསུམ་​འགོར་​རི་​རྗེས་ལེ་ཡེ་ཤུ་ནི་མཆོད་ཁང་​གི་​དྭངས་རའི་​ནང་​ལེ། སློབ་དཔོན་​ཀྱ་​ཀྱི་​དཀྱིལ་​ལེ་ཆོས་ལེ་ཉན་ཏེ། བཀའ་འདྲི་གནང་སྟེ་བཞུགས་འོད་​དི་​ཡབ་ཡུམ་​གཉིས་​ཀྱིས་​མཐོང་​པི་དིག 47ཡང་ཡེ་ཤུས་​བློ་​ཤེས་རབ་​ཆེན་པོས་ངང་​ནས་​ལན་​རྒྱག་གྱོ་འོད་དི་མ་ཟད། ཐོས་མཁན་​མི་​ཡེ་རེས་ཟང་​ཧ་ལས་​བགྱིད་འོད་དིག 48ཡང་ཡབ་ཡུམ་​གཉིས་​ཀྱིས་​ཟང་​དོན་​དེ་​མཐོང་སྟེ་​ཡ་མཚན་​ཆེན་པོ་​སྐྱེས་ཏེ། ཡུམ་​གྱིས་བི་སོའོ། ཁྱོད་ཀྱིས་ཅི་​ལེ་​ཉེད་ལེ་འདི་གི་བགྱིད་དི་ཡིན་​དོ། ལྟོས་​དང་། ཁྱོད་ཀྱི་​ཨ་​ཀྱི་ཉེད་​གཉིས་ཀྱིས་སེམས་​འཚབས་​ངང་​ནས་​ཁྱོད་​ལེ་འཇུ་གུ་​བཙལ་​ལི་​ཡིན་​སྨྲས་ཕེན། 49ཡེ་ཤུས་ཁྱེད་ཀྱ་ཀྱིས་ཅིའི་ཆེད་དུ་ང་ལེ་​འཚོལ་​ལི་​ཡིན་དོ། ང་​ནི་རང་གི་​ཡབ་​ཀྱི་​ཕོ་བྲང་ལེ་​སྡོད་​དགོས་​འོད་​དི་​ཁྱེད་​གཉིས་​ལེ་​ཆ་​མེད་​དས་གསུངས་​པི་​དིག 50ཡིན་ནའང་། ཡབ་ཡུམ་གཉིས་​ཀྱིས་​ཁོང་གིས་​ཅི་གསུངས་གནང་བའི་དོན་​དག་དེ་ཧ་​མ་​གོ་​པི་​དིག 51དེ་ནས་​ཡེ་ཤུ་ཁོང་རང་ཡབ་ཡུམ་​གཉིས་​དིང་སྐྱེན་​ལེ། སྨད་​ཕྱོགས་​ནས་བྱས་ཏེ་ནཱ་ཙ་རེལ་​ཡུལ་​ལེ་ཕེབས་​ཏེ། ཡབ་ཡུམ་གཉིས་​ཀྱི་​བཀའ་​ལེ་​ཉན་​ཏེ་བཞུགས་​པི་​དིག ཡིན་ནའང་། ཡུམ་​གྱིས་དོན་​དེ་ཡེ་རེ་​རང་གི་སེམས་​ནང་​ལེ་​བོར་​རི་​དིག 52ཡང་​ཡེ་ཤུ་​ནི་ཉིན་རེ་​ནས་ཉིན་རེ་ཤེས་​རབ་​དིང་། གཟུགས་​སྟོབས། དཀོན་མཆོག་གིས་ཁོང་ལེ་ཐུགས་འགྱེས་པོ། ཡང་མི་​ཡེ་རེས་ཟང་ཁོང་​ལེ་​འཐད་པོ་​བགྱིད་འོད་དི་མ་ཟད། བརྩི་​བཀུར་ངང་​ནས་​ཁོང་རང་ཚར་ལོང་​བྱུང་​པི་​དིག །

Currently Selected:

ལུ་ཀཱ། 2: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in