YouVersion Logo
Search Icon

ཡོ་ཧ་ནན། 21

21
ལེའུ་ཉི་ཤུ་རྩ་གཅིག
ཡེ་ཤུས་​རང་གི་སྐུ་གཟུགས་​མངོན་སུམ་སློབ་མ་ཀྱ་ལེ་​བ​སྟན་པ།
1དེ་ནས་ཡང་དོན་​དེའི་​རྗེས་​ལེ། ཏི་པེར་ཡཱ་​ཟེར་​རི་​མཚོ་​འགྲམ་​དུ་​ཡེ་ཤུས་​སློབ་མ་​ཀྱ་​ལེ་རང་གི་​སྐུ་གཟུགས་​མངོན་སུམ་​དུ་​བསྟན་​གནང་པི་​དིག ཅི་གི་​བྱས་​ཏེ་​མངོན་སུམ་དུ་བསྟན་​གནང་པི་ཡིན་དིག་ཟེར་​ནི།#21.1 ཏི་པེར་ཡཱ་ཟེར་རི་མཚོ་དེ་ལེ། ག་ལིལ་མཚོ་ཟང་ཟིན་འོད་དིག 2དང་པོ​། སློབ་མ་​སི་མོན་པེ་ཏྲོ་​དིང་​། མིང་​འདོགས་​ལེ་​མཚེ་མ་​ཟེར་མཁན་​ཐོ་མཱ་​དིང་​། ག་ལིལ་ལུང་པའི་​ནང་​ལེ་​འོད་ཡོད་​ཡུལ་ཀ་ནཱ་​ནས་​ཡིན་​དི་​མིང་​ལེ་​ནཱ་ཐན་ཨེལ་​ཟེར་མཁན་​དིང་​། ཡང་​ཟེ་བད་ཡཱ་​ཟེར་མཁན་​གྱི་​བི་ས་​གཉིས་​དིང་​། ཡང་​ཁོང་​གི་​སློབ་མ་​གཉིས་​ཟང་མི་​དེ་​ཀྱ་​ཀྱི་​སྐྱེན་​ལེ་​འོད་དིག 3སི་མོན་པེ་ཏྲོ་ཁོས། ད་​ང་​ནི་​ཉ་​འཛིན་​དུ་​འགྲོ་​གྱི་​ཡིན་སྨྲས་​ཕེན། སློབ་མ་​གཞན་མ་​ཀྱ་​ཀྱིས་​ཉེད་​ཀྱ་​ཟང་། ཁྱོད་ཀྱི་​སྐྱེན་​ལེ་​འགྲོ་​གྱི་ཡིན་ཟིན་སྨྲས་​པི་​དིག དེ་ནས་​ཁོང་​ཀྱ་​ཡེ་རེ་​གྲུའི་​ནང་​ལེ་​བཞོན་​ཏེ་​བུད་​དི་​དིག ཡིན་ནའང་​། འདིའི་​མཚན་མོ་​ཁོང་​ཀྱ་ཀྱིས་​ཉ་​གཅིག་​ཟང་འཛིན་མ་​ཐུབ་​པི་​དིག 4ཡང་ནམ་​མ་​ལངས་​ཚོད་​ཡེ་ཤུ་མཚོའི་འགྲམ་​དུ་ཡར་ལངས་ཏེ་​བསྡད་འོད་དིག ཡིན་ནའང་། སློབ་མ་​ཀྱ་​ཀྱིས་​ཁོང་ནི་ཡེ་ཤུ་​ཡིན་​དི་ངོ་​མ་​ཤེས་​པི་​དིག 5དེ་ནས་ཡེ་ཤུས་​སློབ་མ་​ཀྱ་​ལེ། བི་སོའོ། ཁྱེད་​ཀྱ་​ཀྱིས་​ཉ་​ཟིན་མ་​ཐུབ་​བྱུང་གས་ཟིན་གསུངས་ཕེན​། ཁོང་ཀྱ་​ཀྱིས་ཁོང་ལེ། ཉེད་ཀྱ་ཀྱིས་ཟིན་མ་​ཐུབ་​བྱུང་​ཟིན་ཞུས་​པི་​དིག 6ཡང་ཁོང་​གིས་​ཁྱེད་​ཀྱ་​ཀྱིས་གྲུའི་​གཡས་​ཕྱོགས་​ལེ་​དྲྭ་​གཡུགས་​དང་​། ཉ་འཛིན་ཐུབ་​ཀྱི་​དིག་​ཟིན་གསུངས་ལོང་མེད​། ཁོང་​ཀྱ་​ཀྱིས་​ཟང་​དྲྭ་​དེ་ཆུའི་​ནང་​ལེ་​གཡུགས་​པི་དིག དེ་ནས་དྲྭ་​ནང་​ལེ་​ཉ་མང་པོ་འཇུ་གུ་ཟིན་ཐུབ་ཕེན། དྲྭ་​དེ་གྲུའི་​ནང་​ལེ་​འཐེན་​མ་​ཐུབ་​པི་​དིག 7དེ་ནས་ཡེ་ཤུས་​གཅེས་​པོ་གནང་​ས་​སློབ་མ་​ཁོས་​པེ་ཏྲོ་​ལེ། ཁོང་ནི་ཇོ་བོ་ཡིན་དིག་​ཟིན་སྨྲས་​ཕེན། སི་མོན་པེ་ཏྲོས་​ལབ་​འདི་​ཐོས་​ལོང་​མེད། ཁོས་ནང་གོས་​གྱོན་​འགྲོ་​ནས་​མ་​གྱོན་​ཏེ། ཡང་ཁ་གྱོན་​དེ་ཟང་​རྐེད་པ་​ལེ་​དཀྲིས་​ཏེ་​ཆུའི་​ནང་​ལེ་​མཆོངས་​པི་​དིག 8ཡང་སློབ་མ་​གཞན་མ་​ཀྱ་​གྲུ་​ལེ་​བཞོན་​ཏེ་​མཚོ་​འགྲམ་​དིང་​བར་​ཐག་​རིང་​ལོད་​གོམ་རྒྱང་​བརྒྱ་​ཚོད་​མཚོའི་​ནང་​ལེ་​ཉ་འོད་ཡོད་དྲྭ་​དེ་དྲུད་​འོངས་པི་དིག 9དེ་ནས་ཁོང་ཀྱ་མཚོའི་འགྲམ་​ལེ་​སླེབས་རྒྱ། དེ་རུ་​མེ་​བཏང་​འོད་དི་མ་ཟད། ཡང་མེའི་ལྟག་ག་​ལེ་​ཉ་ཤ་​དིང་། སྒོར་ཕྱེ་​ཟང་འོད་​དི་​ཁོང་ཀྱ་ཀྱིས་མཐོང་​པི་​དིག 10དེ་ནས་​ཡེ་ཤུས་​ཁོང་ཀྱ་ལེ། ཁྱེད་​ཀྱ་​ཀྱིས་​ཟིན་པའི་ཉ་​ཁ་ཤས་​ཞིག་འདི་རུ་​ཁྱེར་​ལེད་​དང་ཟིན་གསུངས་​ཕེན​། 11སི་མོན་པེ་ཏྲོ་​གྲུའི་​ནང་​ལེ་​ཕྱིན་​ཏེ། དྲྭ་དེ་​མཚོའི་འགྲམ་​ལེ་​འཐེན་​འོངས་པི་དིག ཡང་དྲྭ་དེའི་ནང་​ལེ་​ཉ་​ཆེན་པོ་​པ་རྐྱང་​བརྒྱ་​རིང་​ལྔ་བཅུ་ང་གསུམ་​འོད་​དི་​མ་ཟད། ཉ་​འོ་དེ་གི་མང་པོ་​འོད་​ནའང་​དྲྭ་​དེ་མ་​རྡོལ་​ལི་​དིག 12ཡང་ཡེ་ཤུས་​ཁོང་​ཀྱ་​ལེ། ཁྱེད་​ཀྱ་​ཚུར་ཤོག ཞོགས་ཇ་ཟོས་དང་ཟིན་གསུངས་​ཕེན། ཁོང་​ཀྱ་​ཀྱིས་​ཁོང་ནི་ཇོ་བོ་ཡིན་​དི་​ངོ་​ཤེས་​པི་​དིག ཡིན་ནའང་​། སློབ་མ་​སུ་ཞིག་གིས་​ཟང་​ཁོང་​ལེ། ཁྱེད་རང་​སུ་ཡིན་​དོས་​ཟིན་​བཀའ་འདྲི་​ཞུ་​མ་​ཕོད་​པི་​དིག 13དེ་ནས་​ཡེ་ཤུ་​ཁོང་ཀྱ་ཀྱི་མདུན་​ལེ་​འོངས་ཏེ། སྒོར་ཕྱེ་​ཕྱག་ལེ་བསྣམས་ཏེ། ཁོང་​ཀྱ་​ལེ་​གཏད་དི་དིག ཡང་དེ་ཅོག་འདྲ་ཉ་ཤ་དེ་ཟང་ཕྱག་ལེ་བསྣམས་ཏེ་ཁོང་ཀྱ་ལེ་གཏད་དི་དིག 14ཡེ་ཤུ་ཁོང་རང་​སྐུ་​གྲོངས་​ཏེ་​ཡང་དང་​གསོན་པོ་བྱུང་བའི་​རྗེས་​ལེ། རང་གི་​སློབ་མ་ཀྱ་ལེ་སྐུ་གཟུགས་མངོན་སུམ་བསྟན་གནང་པི་དེ་ནི་ལན་མ་གསུམ་པ་ཡིན་དིག
ཡེ་ཤུས་ཡང་​དང་སློབ་མ་​པེ་ཏྲོ་ལེ་ཡིད་ཆེས་རུ་བཅུག་པ།
15དེ་ནས་​སློབ་མ་​ཀྱ་​ཀྱིས་​ཞོགས་ཇ་བཟའ་ནུས་བའི་​རྗེས་​ལེ། ཡེ་ཤུས་​སི་མོན་པེ་ཏྲོ་​ལེ། ཡོ་ཧ་ནན་​གྱི་​བི་ས་​སི་མོན། ཁྱོད་​ཀྱིས་ཁོང་ཀྱ་ལས་​ལྷག་​ཚོད་ང་ལེ་བརྩེ་བ་​བགྱིད་​འོད་​དས་ཟིན་​གསུངས་​ཕེན། ཁོས་​བགྱིད་​འོད་​ཆེ། ཇོ་བོ། ངས་​ཁྱེད་​ལེ་​བརྩེ་བ་​འོད་​དི་​ཁྱེད་​ཀྱིས་​མཁྱེན་​གནང་གྱོ་​འོད་དིག་​ཟིན་​ཞུས་པི་དིག དེ་ནས་ཡེ་ཤུས་​ཁོ་ལེ། ཁྱེད་ཀྱིས་ངའི་​ལུ་གུ་​ཀྱ་​དགའ་མོ་​བྱས་​ཏེ་​སྐྱོངས་​ཤིག་​ཟིན་གསུངས་​པི་​དིག 16ཡང་དང་ཡེ་ཤུས་​སི་མོན་པེ་ཏྲོ་​ལེ། ཡོ་ཧ་ནན་​གྱི་​བི་ས་​སི་མོན། ཁྱོད་​ཀྱིས་ང་​ལེ་​བརྩེ་བ་​བགྱིད་འོད་​དས་​ཟིན་གསུངས་​ཕེན། ཁོས་བགྱིད་​འོད་​ཆེ། ཇོ་བོ། ངས་​ཁྱེད་རང་ལེ་​བརྩེ་བ་​འོད་​དི་​ཁྱེད་​ཀྱིས་​མཁྱེན་​གནང་​གྱོ་​འོད་དིག་​ཟིན་​ཞུས་​པི་དིག ཡང་​དང་ཁོང་​གིས་​ཁྱོད་ཀྱིས་ངའི་​ལུག་​ཀྱ་​དགའ་མོ་​བྱས་​ཏེ་​སྐྱོངས་​ཤིག་​ཟིན་གསུངས་​པི་​དིག 17ཡང་དང་ཡེ་ཤུས་​ཁོ་ལེ། ཡོ་ཧ་ནན་​གྱི་​བི་ས་​སི་མོན། ཁྱོད་​ཀྱིས་ང་​ལེ་​བརྩེ་བ་​བགྱིད་འོད་​དས་​ཟིན་ལན་མ་གསུམ་དྲིས་ཕེན། པེ་ཏྲོ་སེམས་​སྐྱོ་​རེ། ཁོས་ཇོ་བོ་ལེ། ཁྱེད་​ནི་​དོན་​ཡེ་རེ་​མཁྱེན་​གནང་​གྱོ་འོད་​ཕེན། ངས་​ཁྱེད་​རང་ལེ་​བརྩེ་བ་​འོད་​མེད་དི་ཟང་​། ཁྱེད་​ཀྱིས་​མཁྱེན་གནང་​གྱོ་​འོད་དིག་ཟིན་​ཞུས་ཕེན། ཡེ་ཤུས་​ཁོ་ལེ། ཁྱོད་ཀྱིས་ངའི་​ལུག་​ཀྱ་​དགའ་མོ་​བྱས་​ཏེ་​སྐྱོངས་​ཤིག་​ཟིན་གསུངས་​པི་​དིག 18ཡང་ཡེ་ཤུས་​པེ་ཏྲོ་ལེ། ང་ཁྱོད་ལེ་བདེན་པ་ཟེར་རོ། ཁྱོད་རང་ན་སོ་གཞོན་ནུ་​ཡིན་​རྒྱ། རང་གི་​སྐ་བོ་​རང་གིས་​བཅིངས་​ཏེ་​ག་ན་ལེ་​འགྲོ་​འདོད་​འོད་​ནའང་​འགྲོ་​རྒྱུ་​འོད་དིག ཡིན་ནའང་​། ན་སོ་​རྒན་​པོ་ཡིན་རྒྱ། ཁྱོད་ཀྱིས་རང་​གི་ལག་ག་​ཡར་​བརྐྱངས་​ཏེ། མི་​གཞན་མ་​གྱིས་​ཁྱོད་ལེ་སྐ་བོ་​བཅིངས་ཏེ། ཁྱོད་རང་​འགྲོ་​འདོད་​མེད་​དི་​ས་​ལེ་​འཁྲིད་​འགྲོ་གྱི་དིག་​ཟིན་གསུངས་​པི་​དིག 19ཡེ་ཤུས་​འོད་​དེ་​གསུང་གི་​དོན་​དེ་ནི། པེ་ཏྲོས་​རྗེས་མ་​དཀོན་མཆོག་​གི་གཟི་བརྗིད་སྟོན་རྒྱུ་དོན་ལེ། ཁོ་རང་དཀའ་སྡུག་​ཆེན་པོ་​མྱངས་ཏེ་ཤི་​དགོས་​པའི་སྐོར་​ལེ་​ལུང་བསྟན་​གནང་​པི་​དིག ཡང་ཡེ་ཤུས་​པ་ཏྲོ་​ལེ། ཁྱོད་​ངའི་​རྗེས་​ལེ་​འབྲོངས་​ལེད་​ཅིག་​ཟིན་གསུངས་​པི་དིག
20དེ་ནས་པེ་ཏྲོ་​ཁ་​ཚུར་​ལེ་བསྐོར་ཏེ་​ལྟ་རྒྱ། ཡེ་ཤུས་གཅེས་པོ་གནང་ས་སློབ་མ་ཁོས་དེ་སྔོན་​ཁོང་​ཡེ་རེ་​སྐྱེན་​ལེ་​དགོང་མའི་​བཞེས་ལག་​མཆོད་​དི་དུས་ལེ། ཡེ་ཤུའི་​སྐུ་གཟུགས་​ལེ་​མགོ་བསྙེས་​ཏེ། ཇོ་བོ། ཁྱེད་རང་དགྲའི་ལག་ལེ་གཏོད་མཁན་དེ་སུ་ཡིན་གོ་ཟིན་འདྲི་མཁན་ཁོ་རང་ཟང་། ཡེ་ཤུའི་​རྗེས་​ལེ་​འབྲངས་​པི་དེ་པེ་ཏྲོས་མཐོང་​པི་དིག 21དེ་ནས་​པེ་ཏྲོས་​ཡེ་ཤུ་ལེ། ཇོ་བོ། མི་འདི་ལེ་དོན་​ཅི་​འོང་​འོད་​དི་​གོ་​ཟིན་​ཞུས་​ཕེན། 22ཡེ་ཤུས་​ཁོ་ལེ། ང་​མ་​སླེབ་​བར་​དུ་​གལ་སྲིད་​ཁོ་རང་ད་རུང་གསོན་པོ་​གནས་རྒྱུ་དེ་ང་ལེ་​འདོད་པ་​འོད་​ནི། ཁྱོད་​རང་དོན་​དེ་​ལེ་​འབྲེལ་བ་​ཅི་​འདུག་​གོ། ངའི་​རྗེས་​ལེ་​འབྲོངས་​ལེད་​ཅིག་​ཟིན་གསུངས་​པི་​དིག 23འོ་དེ་ལེ་བརྟེན་ཏེ། སློབ་མ་དེ་ཤི་གྱི་མི་དིག་ཟེར་རི་གཏམ་དེ་ནི། དད་པ་གཅིག་པའི་སྤུན་ཟླའི་ནང་ལེ་ཁྱབ་པི་དིག ཡིན་ནའང་། ཡེ་ཤུས་སློབ་མ་དེ་ཤི་གྱི་མ་དིག་ཟིན་གསུངས་མ་གནང་པི་དིག ང་​མ་​སླེབ་​བར་​དུ་​གལ་སྲིད་ཁོ་​རང་གསོན་པོ་​གནས་རྒྱུ་དེ་ང་ལེ་​འདོད་པ་འོད་​ནི། ཁྱོད་​རང་དོན་དེ་​ལེ་​འབྲེལ་བ་​ཅི་​འདུག་གོ་ཟིན་གསུངས་པི་​དིག
མཇུག་བསྡུའི་གཏམ།
24དོན་དེ་ཀྱ་ལེ་བདེན་དཔང་བྱས་པི་མ་ཟད། དོན་འདི་ཀྱ་ཡི་གེ་ལེ་བྲིས་མཁན་དེ་ནི། སློབ་མ་ཁོ་རང་ཡིན་དིག ཉེད་ཀྱ་ཀྱིས་ཟང་ཁོས་བྱས་པའི་བདེན་པའི་དཔང་པོ་དེ་ཟང་བདེན་པ་ཡིན་དི་ཧ་གོ་བྱུང་། 25ཡེ་ཤུས་​མཛད་པའི་ཕྱག་ལས་མང་པོ་​འཇུ་གུ་འོད་ཕེན། གལ་སྲིད་​ཁོང་​གིས་​མཛད་པའི་ཕྱག་ལས་​དེ་​ཡེ་རེ་​རིན་པ་​བཞིན་​དུ། མདོ་ནང་​ལེ་བྲིས་​པི་​ཡིན་​ནི། འཇིག་རྟེན་འདིའི་​ནང་​ལེ་​ཤོང་​སྲིད་ཀྱི་​མ་དིག ། ། །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in