ཡོ་ཧ་ནན། 18
18
ལེའུ་བཅོ་བརྒྱད།
ཡེ་ཤུ་འཛིན་བཟུང་བྱས་པ།
1ཡེ་ཤུས་གསོལ་བ་སྨོན་ལམ་བཏབ་ཚར་རི་རྗེས་ལེ། ཡེ་ཤུ་དིང་སློབ་མ་ཀྱ་སྐྱེན་ལེ་ས་ཆ་དེ་ནས་ཀིད་རོན་ཟེར་རི་བྲག་ཆེན་པོའི་ཕར་ཀན་ལེ་འོད་ཡོད་སྡོང་ནགས་ཐུག་པོ་འོད་ས་དེ་རུ་ཕེབས་གནང་པི་དིག#18.1 སྡོང་ནགས་དེ་ནི་རང་ཞིན་གྱིས་སྐྱེས་པི་མ་དིག མི་ཀྱ་ཀྱིས་བཙུགས་པི་དིག ཡང་སྡོང་པོ་དེ་ཀྱ་ལེ་སྐྱེས་པའི་ཤིང་ཏོག་གི་ཨིག་ཙི་དེ་སྣུམ་བཟོ་འོད་དིག 2ས་ཆ་དེ་རུ་ཡེ་ཤུ་དིང་སློབ་མ་ཀྱ་སྐྱེན་ལེ་ལན་མ་མང་པོ་ཕེབས་མྱོང་འོད་དི་མ་ཟད། ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཁོ་རང་ལེ་ཟང་ས་ཆ་དེའི་སྐོར་ལེ་ཆ་རྒྱུས་འོད་དིག 3དེ་ནས་ཡུ་དཱ་ཁོས་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་བརྫངས་པའི་མཆོད་ཁང་གི་སྲུང་དམག་ཁ་ཤས་ཞིག་སྐྱེན་ལེ་ཁྲིད་འོངས་ཏེ། ལག་ག་ལེ་མེ་རྒྱུག་དིང་། སྒྲོན་མེ། མཚོན་ཆ་ཁྱེར་ཏེ་ས་ཆ་དེ་རུ་སླེབས་པི་དིག 4དེ་ནས་ཡེ་ཤུས་རང་ལེ་ཅི་འོང་རྒྱུ་ཡིན་དི་སྐོར་ཡེ་རེ་མཁྱེན་གནང་ཕེན། ཁོང་རང་མི་དེ་ཀྱ་ཀྱི་གདོང་ལེ་ཕེབས་ཏེ། ཁྱེད་ཀྱ་ཀྱིས་སུ་འཚོལ་ལི་ཡིན་དོ་ཟིན་གསུངས་ཕེན། 5མི་དེ་ཀྱ་ཀྱིས་ནཱ་ཙ་རེལ་ཡུལ་གྱི་ཡེ་ཤུ་ཁོ་འཚོལ་ལི་ཡིན་སྨྲས་པི་དིག དེ་ནས་ཡེ་ཤུས་མི་ཀྱ་ལེ། མི་དེ་ནི་ང་རང་ཡིན་ཟིན་གསུངས་ཕེན། ཡེ་ཤུ་དགྲའི་ལག་ལེ་གཏོད་མཁན་ཡུ་དཱ་ཁོ་རང་ཟང་མི་དེ་ཀྱ་དིང་སྐྱེན་ལེ་ལངས་བསྡད་འོད་དིག 6ཡེ་ཤུས་མི་དེ་ང་ཡིན་ཟིན་གསུངས་ལོང་མེད། མི་དེ་ཀྱ་ནི་ཕྱི་ནུད་བརྒྱབ་ཏེ་ས་ལེ་འགྱེལ་ལི་དིག 7ཡང་དང་ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་མི་སུ་འཚོལ་ལི་དོ་ཟིན་གསུངས་ཕེན། ནཱ་ཙ་རེལ་ཡུལ་གྱི་ཡེ་ཤུ་ཁོ་འཚོལ་ལི་ཡིན་ཟིན་སྨྲས་པི་དིག 8དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། མི་དེ་ནི་ང་རང་ཡིན་ཟིན་ངས་སྨྲས་ཚར་རི་ཡིན། ཁྱེད་ཀྱ་ཀྱིས་ང་འཚོལ་ལི་ཡིན་ནི། མི་གཞན་མ་འདི་ཀྱ་ཕ་ལེ་འགྲོ་རུ་ཆུག་ཟིན་གསུངས་པི་དིག 9དེ་ནི་ཡེ་ཤུས་ཁྱེད་ཀྱིས་ང་ལེ་གནང་བའི་མི་དེ་ཀྱ་ཀྱི་ནང་ནས་གཅིག་ཟང་བསྐྱུར་མེད་ཟིན་སྔོན་མ་གསུངས་གནང་པི་དེ་སྒྲུབ་རྒྱུ་ཆེད་དུ་དོན་དེ་བྱུང་པི་དིག#18.9 ཡོ་ཧ་ནན་ལེའུ་ 6 ཨང་ 39 ནང་ལེ་གཟིགས་རོགས། 10དེ་ནས་སི་མོན་པེ་ཏྲོ་ཁོའི་ལག་ལེ་རལ་གྲི་ཞིག་འོད་ཕེན། ཁོས་མཆོད་པ་འབུལ་མཁན་གཙོ་བོའི་གཡོག་པོ་མཱལ་ཀུ་ཟེར་མཁན་གྱི་རྣ་མཆོག་ལེ་རལ་གྲི་དེ་བརྒྱབ་སྟེ་རྣ་གཡས་པ་བཅད་དི་དིག 11དེ་ནས་ཡེ་ཤུས་པེ་ཏྲོ་ལེ། རལ་གྲི་ཤུབས་ནང་ལེ་ཆུག་ཅིག ཨ་ཀྱིས་ང་ལེ་གནང་བའི་ཕོར་རུ་གང་པོ་དེ་ངས་མི་འཐུང་རྒྱུ་ཟིན་གསུངས་པི་དིག#18.11 ཕོར་རུ་གང་པོ་དེ་ངས་མི་འཐུང་རྒྱུ་ཟེར་རི་དོན་ནི། ཡེ་ཤུ་གདུང་མ་ཀུ་རུ་ཁ་ལེ་དཀའ་ངལ་ཆེན་པོ་མྱང་སྟེ་གྲོངས་དགོས་པའི་སྐོར་ལེ་ཡིན་དིག 12-13དེ་ནས་དམག་དཔོན་དིང་། ཡ་ཧུ་དཱ་པའི་མཆོད་ཁང་གི་སྲུང་དམག་དེ་ཀྱ་ཀྱིས་ཡེ་ཤུ་འཛིན་བཟུན་བྱས་པི་མ་ཟད། ལག་ག་བཀྱིགས་ཏེ། དང་པོ་ཨ་ནཱ་སི་ཟེར་མཁན་ཁོང་གི་དྲུང་དུ་ཁྲིད་དི་དིག ཅི་ལེ་ཟེར་ནི། ཨ་ནཱ་སི་ཁོ་རང་ནི། ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་གཙོ་བོ་ཀ་ཡ་ཕཱ་ཟེར་མཁན་གྱི་མནའ་མའི་ཨ་ཀྱི་ཡིན་དིག 14ཀ་ཡ་ཕཱ་ཁོས་དེ་སྔོན་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ཀྱ་ལེ། མི་ཡེ་རེ་ཤི་བ་ལས་མི་གཅིག་མི་ཡེ་རེའི་དོན་ལེ་ཤི་ནི་དགའ་ཡིན་དིག་ཟིན་གྲོས་གླེང་བགྱིད་མཁན་དེ་ཡིན་དིག#18.14 ཡོ་ཧ་ནན་ལེའུ་ 11 ཨང་ 50 ནང་ལེ་གཟིགས་རོགས།
པེ་ཏྲོས་ཡེ་ཤུ་ལེ་ཁས་ལེ་མ་བྱས་པ།
15དེ་ནས་ཡང་ཡེ་ཤུ་འཛིན་བཟུང་བྱས་པའི་རྗེས་ལེ། སི་མོན་པེ་ཏྲོ་དིང་སློབ་མ་གཞན་མ་ཞིག་ཟང་ཁོང་གི་རྗེས་ལེ་འབྲངས་པི་དིག སློབ་མ་གཞན་མ་ཁོས་མཆོད་པ་འབུལ་མཁན་གཙོ་བོ་ཁོ་དགའ་མོ་ངོ་ཤེས་གྱོ་འོད་ཕེན། ཁོ་རང་དྭངས་རའི་ནང་ལེ་འོང་དུ་བཅུག་པི་དིག 16ཡིན་ནའང་། པེ་ཏྲོ་ཁོ་རང་རྒྱལ་སྒོའི་ཕྱི་ལེ་ལངས་ཏེ་བསྡད་འོད་ཕེན། མཆོད་པ་འབུལ་མཁན་གཙོ་བོ་ཁོ་ངོ་ཤེས་མཁན་སློབ་མ་ཁོས་རྒྱལ་སྒོ་སྲུང་མཁན་གཡོག་མོ་ལེ་ཚིག་ཁ་ཤས་ཞིག་བཤད་དི་རྗེས་ལེ། པེ་ཏྲོ་ཟང་དྭངས་རའི་ནང་ལེ་ཁྲིད་དི་དིག 17དེ་ནས་རྒྱལ་སྒོ་སྲུང་མཁན་མོས་པེ་ཏྲོ་ལེ། ཁྱོད་ཟང་འཛིན་བཟུང་བྱས་པའི་མི་འདིའི་སློབ་མ་ཀྱ་ནང་གཅིག་མ་གས་སྨྲས་ཕེན། ཁོས་མོ་ལེ་ང་མན་སྨྲས་པི་དིག 18དེ་རྒྱ་གནམ་གྲང་མོ་འོད་ཕེན་གཡོག་པོ་དིང་མཆོད་ཁང་གི་སྲུང་དམག་ཀྱ་དྭངས་རའི་ནང་ལེ་ལངས་ཏེ་མེ་བསྲོས་ཏེ་བསྡད་འོད་དིག དེ་ནས་པེ་ཏྲོ་ཁོ་རང་ཟང་ཁོང་ཀྱ་ཀྱི་སྐྱེན་ལེ་མེ་བསྲོས་ཏེ་བསྡད་དི་དིག
མཆོད་པ་འབུལ་མཁན་གཙོ་བོ་ཁོས་ཡེ་ཤུ་ལེ་འདྲི་རྩད་བྱས་པ།
19དེ་ནས་མཆོད་པ་འབུལ་མཁན་གཙོ་བོ་ཁོས་ཡེ་ཤུ་ལེ། ཁོང་གི་སློབ་མ་དིང་། ཁོང་གིས་བསྟན་པའི་ཆོས་ཀྱི་སྐོར་ལེ་དྲི་བ་དྲིས་ཕེན། 20ཡེ་ཤུས་ངས་མི་ཀུན་ལེ་མངོན་སུམ་དུ་ཆོས་བསྟན་པི་ཡིན། ང་ཉིན་གྲངས་ཡ་ཧུ་དཱ་པ་ཀྱ་འཛོམས་སའི་ཚོགས་ཁང་དིང་། མཆོད་ཁང་ཆེན་མོའི་དྭངས་རའི་ནང་ལེ་མི་ཀྱ་ལེ་ཆོས་བསྟན་པི་ཡིན། གསང་བའི་ངང་ནས་ཅི་གང་བཤད་མེད། 21ད་ལྟ་ང་ལེ་ཅིའི་ཆེད་དུ་འདྲི་འོད་དོ། ངས་ཅི་བཤད་དི་གཏམ་ཐོས་མཁན་ཀྱ་ལེ་དྲིས་ཤིག ངས་ཅི་བཤད་དི་དེ་ནི་ཁོང་ཀྱ་ཀྱིས་ཧ་གོ་འོད་དིག་ཟིན་གསུངས་པི་དིག 22ཡང་ཁོང་གི་ཉེ་འགྲམ་རུ་ལངས་ཏེ་བསྡད་འོད་ཡོད་སྲུང་དམག་ཀྱ་ནང་ནས་མི་གཅིག་གིས་ཡེ་ཤུ་ལེ། ཁྱོད་ཀྱིས་མཆོད་པ་འབུལ་མཁན་གཙོ་བོ་ཁོང་ལེ། ཁ་སློག་བགྱིད་དི་ཡིན་དས་ཟིན་འགྲམ་ལྕག་བཞུས་པི་དིག 23དེ་ནས་ཡེ་ཤུས། གལ་སྲིད་ངས་ལབ་ནོར་བ་ཞིག་སྨྲས་འོད་ནི། ང་ལེ་ར་སྤྲོད་གྱིས་ཤིག གལ་སྲིད་ངས་སྨྲས་པའི་ལབ་དེ་བདེན་པ་ཡིན་ནི། ཁྱོད་ཀྱིས་ང་ལེ་ཅི་ལེ་རྡུང་གི་ཡིན་དོ་ཟིན་གསུངས་པི་དིག 24དེ་ནས་ཡེ་ཤུའི་ལག་ག་བཀྱིགས་བཀྱིགས་ལེ་བོར་ཏེ། ཨ་ནཱ་སི་ཁོས་ཡེ་ཤུ་མཆོད་པ་འབུལ་མཁན་གཙོ་བོ་ཀ་ཡ་ཕཱ་ཁོང་གི་དྲུང་དུ་ཁྲིད་དུ་བཅུག་པི་དིག 25སི་མིན་པེ་ཏྲོ་ཁོ་རང་ལངས་ཏེ་མེ་བསྲོས་ཏེ་སྡོད་རྒྱ། མི་ཞིག་གིས་ཁོ་ལེ། ཁྱོད་རང་ཟང་ཁོའི་སློབ་མ་ཀྱ་ནང་ནས་ཞིག་མ་གས་ཟིན་དྲིས་ཕེན། ཁོས་ང་མན་ཟིན་ཁས་ལེན་མ་བྱས་པི་དིག 26ཡང་དེ་སྔོན་པེ་ཏྲོས་མཆོད་པ་འབུལ་མཁན་གཙོ་བོའི་གཡོག་པོ་ལེ། རལ་གྲི་བརྒྱབ་ཏེ་རྣ་མཆོག་བཅད་ས་ཁོའི་སྤུན་ཞིག་གིས་པེ་ཏྲོ་ལེ། ངས་ཟང་ཁྱོད་རང་མི་འདིའི་སྐྱེན་ལེ་ལྡུམ་རེའི་ནང་ལེ་མཐོང་མྱོང་འདུག་སྨྲས་ཕེན། 27པེ་ཏྲོས་ཡང་དང་ང་མན་ཟིན་ཁས་ལེན་མ་བྱས་པི་དིག དེ་ནས་དེ་ལོང་མེད་བྱ་སྐད་བརྒྱབ་པི་དིག
སྤྱི་དཔོན་པི་ལ་ཏིའི་དྲུང་དུ་ཡེ་ཤུ་ཁྲིད་པ།
28དེ་ནས་སྔ་དྲོ་ནམ་མ་ལངས་པའི་སྔོན་ལེ། ཡ་ཧུ་དཱ་པའི་ཆོས་དཔོན་ཀྱ་ཀྱིས་ཀ་ཡ་ཕཱ་ཁོའི་ལག་ནས། ཡེ་ཤུ་སྤྱི་དཔོན་པི་ལ་ཏི་ཟེར་མཁན་ཁོའི་ཕོ་བྲང་ནང་ལེ་ཁྲིད་དི་དིག ཡིན་ནའང་། ཆོས་དཔོན་དེ་ཀྱ་ཀྱིས་རང་ལེ་བཙོག་གྲིབ་མི་ཤོར་རི་ཆེད་དུ་དིང་། ཡང་སྲོག་ཐར་རི་དུས་ཆེན་གྱི་ཟ་མ་ཟ་རྒྱུ་འབྱོར་གྱི་མ་དིག་བསམས་ཏེ། སྤྱི་དཔོན་པི་ལ་ཏིའི་ཕོ་བྲང་ནང་ལེ་མ་འཛུལ་ལི་དིག 29འོ་དེ་ལེ་བརྟེན་ཏེ། སྤྱི་དཔོན་པི་ལ་ཏི་ཁོང་རང་ཕོ་བྲང་ནས་ཕྱི་ལེ་ཐོན་འོངས་ཏེ། ཁྱེད་ཀྱ་ཀྱིས་མི་དེ་ཁྲིམས་ལེ་གཏུགས་དགོས་པའི་རྒྱུ་མཚན་ཅི་ཡིན་དོ་ཟིན་དྲིས་ཕེན། 30མི་དེ་ཀྱ་ཀྱིས། གལ་སྲིད་མི་དེ་ལེ་ནག་ཉེས་ཞིག་མེད་ནི། ཉེད་ཀྱ་ཀྱིས་ཁྱེད་རང་ལེ་གཏོད་དགོས་དོན་མེད་དིག་སྨྲས་པི་དིག 31ཡང་པི་ལ་ཏི་ཁོས་ཆོས་དཔོན་དེ་ཀྱ་ལེ། མི་འདི་ཕ་ལེ་ཁྲིད་དེ། ཁྱེད་ཀྱ་ཀྱི་ཁྲིམས་དིང་ཅོག་འདྲ་ཁྲིམས་ཐག་ཆོད་ཅིག་སྨྲས་ཕེན། ཆོས་དཔོན་དེ་ཀྱ་ཀྱིས་པི་ལ་ཏི་ལེ། ཉེད་ཀྱི་ཁྲིམས་དིང་ཅོག་འདྲ་ཉེད་ཀྱ་ཀྱིས་ཁྲིམས་ཐག་བཅད་ནའང་། མི་གསོད་རྒྱུ་དབང་ཆ་དེ་ཉེད་ཀྱ་ལེ་མེད་དིག་ཟིན་སྨྲས་པི་དིག 32(དེ་ནི་སྔོན་མ་ཡེ་ཤུས་ང་ཅི་གི་བྱས་ཏེ་ཤི་དགོས་པའི་སྐོར་ལེ་ལུང་བསྟན་པི་དེ་འགྲུབ་རྒྱུ་ཆེད་དུ་ཡིན་དིག) 33དེ་ནས་པི་ལ་ཏི་ཁོ་རང་ཡང་དང་ཕོ་བྲང་ནང་ལེ་འཛུལ་ཏེ། ཡེ་ཤུ་ཟང་ཕོ་བྲང་ནང་ལེ་འཁྲིད་ལེད་ཟིན་བཀའ་གནང་པི་དིག དེ་ནས་སྤྱི་དཔོན་ཁོས་ཡེ་ཤུ་ལེ་ཁྱོད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་དས་ཟིན་དྲིས་ཕེན། 34ཡེ་ཤུས་འདི་ཁྱེད་རང་གི་ཁ་ནས་འདྲི་ཡིན་དོ། ཡང་ནི་མི་གཞན་གྱིས་ངའི་སྐོར་ལེ་ལབ་གླེང་བྱས་བྱུང་གོ་ཟིན་གསུངས་པི་དིག 35ཡང་པི་ལ་ཏི་ཁོས་ཡེ་ཤུ་ལེ། ང་ནི་ཡ་ཧུ་དཱ་པ་ཞིག་མན། ཁྱོད་ཀྱི་ཡུལ་མི་དིང་མཆོད་པ་འབུལ་མཁན་ཀྱ་ཀྱིས་ཁྱོད་རང་ངའི་ལག་ལེ་གཏད་བྱུང་། ཁྱོད་ཀྱིས་ཉེས་པ་ཕོག་རྒྱུ་ལས་ཀ་ཅི་བྱས་འོད་དོ་སྨྲས་ཕེན། 36ཡེ་ཤུས་ངའི་རྒྱལ་ཁབ་ནི་འཇིག་རྟེན་འདིའི་རྒྱལ་ཁབ་མ་དིག གལ་སྲིད་ཡིན་ནི། ངའི་ཞབས་ཕྱི་ཀྱ་ཀྱིས་ང་ཡ་ཧུ་དཱ་པའི་ལག་ལེ་མི་གཏོད་འོད་དི་མ་ཟད། ངའི་ཕྱོགས་བྱས་ཏེ་འཐབ་རོགས་བགྱིད་ཀྱི་དིག ཡིན་ནའང་། ངའི་རྒྱལ་ཁབ་ནི་འཇིག་རྟེན་འདི་ནས་ནི་མ་དིག་ཟིན་གསུངས་པི་དིག 37ཡང་པི་ལ་ཏིས་ཡེ་ཤུ་ལེ། འོ་ནེ། ཁྱོད་རང་རྒྱལ་པོ་ཡིན་དས་ཟིན་དྲིས་ཕེན། ཡེ་ཤུས་ཁྱེད་ཀྱིས་འོ་འདི་གི་ཟིན་འདུག ངོ་ཐོག་བྱས་ནི། ང་འཇིག་རྟེན་འདི་རུ་སྐྱེས་པི་མ་ཟད། བདེན་པ་ལེ་དཔང་པོ་བགྱིད་རྒྱུ་ཆེད་དུ། ང་འཇིག་རྟེན་འདི་རུ་འོངས་པི་ཡིན། བདེན་པའི་ཕྱོགས་ཀྱི་མི་ཀྱ་ཀྱིས་ངའི་ཅི་སྨྲས་དེ་ལེ་ཉན་གྱོ་འོད་དིག་ཟིན་གསུངས་པི་དིག 38ཡང་པི་ལ་ཏི་ཁོས་ཡེ་ཤུ་ལེ། བདེན་པ་དེ་ཅི་ཡིན་གོ་སྨྲས་ཏེ། ཕྱི་ལེ་ཡ་ཧུ་དཱ་པའི་མི་ཀྱ་འོད་ས་ལེ་འོངས་ཏེ། ཁོང་ཀྱ་ལེ་ངས་མི་འདི་ལེ་ཉེས་སྐྱོན་ཅི་གང་མ་རྙེད་བྱུང་། 39ཡིན་ནའང་། སྲོག་ཐར་རི་དུས་ཆེན་གྱི་ཉིན་མོ་ལེ། ཁྱེད་ཀྱ་ཀྱི་ལུགས་སྲོལ་ལེ་བཙོན་པ་ཞིག་བཙོན་ཁང་ནས་གློད་བཀྲོལ་གཏོང་གྱོ་འོད་ཕེན། ངས་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཟེར་མཁན་མི་འདི་གློད་བཀྲོལ་གཏང་ནི། ཁྱེད་ཀྱ་དེ་ལེ་འདོད་པ་འོད་དས་ཟིན་དྲིས་པི་དིག 40ཡང་མི་འདི་ཀྱ་ཀྱིས་སྐད་ཆེན་པོས་ངང་ནས། མི་འདི་མ་གློད་ཅིག པཱ་རབ་པཱ་ཁོ་གློད་བཀྲོལ་ཐོང་རོགས་གྱིས་ཟིན་ཞུས་པི་དིག པཱ་རབ་པཱ་ཁོ་ནི་ཇག་པ་ཞིག་ཡིན་དིག །
Currently Selected:
ཡོ་ཧ་ནན། 18: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.