ཡོ་ཧ་ནན། 10
10
ལེའུ་བཅུ་པ།
ལུག་རྫི་བཟང་པོའི་དཔེ་སྐོར།
1དེ་ནས་ཡང་ཡེ་ཤུས་ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་སུ་ཞིག་ལུག་རྭའི་སྒོ་བརྒྱུད་ནས་མ་འཛུལ་ལི་གྱང་ནས་ཡར་ལེ་འཛེག་མཁན་དེ་ནི་རྐུན་མ་དིང་ཇག་པ་ཡིན་དིག 2ཡིན་ནའང་། ལུག་རྭའི་སྒོ་བརྒྱུད་ནས་འཛུལ་མཁན་དེ་ནི་རྫི་བོ་ཡིན་དིག 3སྒོ་སྲུང་མཁན་གྱིས་སྒོ་ཕྱེ་ལོང་མེད། ལུག་ཡེ་རེས་ཟང་ལུག་རྫིའི་སྐད་ལེ་ཉན་དེ་དིང་། ལུག་རྫིས་ལུག་གི་མིང་ནས་འབོད་དེ་རྩྭ་ཆུ་དགའ་མོ་འོད་ས་ལེ་འཁྲིད་འགྲོ་འོད་དིག 4དེ་ནས་རང་གི་ལུག་ཡེ་རེ་བཏོན་ཚར་རི་རྗེས་ལེ། ཁོང་རང་ལུག་གི་སྔོན་ལེ་འགྲོ་བ་དིང་། ཡང་ལུག་ཀྱ་ཟང་ཁོང་གི་སྐད་ངོ་ཤེས་ཕེན། ཁོང་གི་རྗེས་ལེ་འབྲང་འགྲོ་འོད་དིག 5ཡིན་ནའང་། ལུག་ཀྱ་ཀྱིས་མི་ཆ་རྒྱུས་མེད་མེད་ཞིག་གི་རྗེས་ལེ་འབྲང་མི་འགྲོ་འོད་དི་མ་ཟད། ཁོའི་སྐད་ཟང་ངོ་མི་ཤེས་འོད་ཕེན་འབྲོས་འགྲོ་གྱི་དིག་ཟིན་གསུངས་པི་དིག 6དཔེ་འདི་ནི་ཡེ་ཤུས་གསུངས་པི་ཡིན་ནའང་། ཕཱ་རུ་ཤི་པ་ཀྱ་ཀྱིས་དཔེ་དེའི་དོན་དག་ཅི་ཟེར་རི་ཡིན་དི་ཧ་མ་གོ་པི་དིག
7འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ལུག་རྭའི་སྒོ་དེ་ནི་ང་རང་ཡིན། 8ངའི་སྔོན་ལེ་འོང་མཁན་ཀྱ་ཡེ་རེ་རྐུན་མ་དིང་ཇག་པ་ཡིན་དི་ཕེན། ལུག་ཀྱ་ཟང་དེའི་སྐད་ལེ་ཉན་གྱི་མ་དིག 9ང་ནི་སྒོ་དེ་ཡིན་ཕེན། ངའི་བརྒྱུད་ནས་འཛུལ་ཏེ་འོང་མཁན་སུ་ཞིག་ཡིན་ནའང་། དེའི་ཚེ་སྲོག་སྐྱོབ་ཀྱི་དིག ཡང་དེ་ཀྱ་ལེ་རང་དབང་ངང་ནས་ཕྱི་ལེ་འགྲོ་ནང་ལེ་འཛུལ་བགྱིད་རྒྱུ་འབྱོར་རི་དིང་། ཡང་རྩྭ་ཁ་བཟང་པོ་འོད་ས་ཞིག་རྙེད་ཀྱི་དིག 10རྐུན་མ་ཀྱ་ཀྱིས་རྐུན་མ་རྒྱག་རྒྱུ་དིང་། སྲོག་གཅོད་རྒྱུ། གཏོར་བཤིག་གཏོང་རྒྱུ་པ་རྐྱང་ཆེད་དུ་འོང་འོད་དིག ཡིན་ནའང་། ང་ནི་ཁོང་ཀྱ་ལེ་མཐའ་མེད་པའི་ཚེ་ཕུན་སུམ་ཚོགས་པོ་དེ་ཐོབ་རྒྱུ་ཆེད་དུ་འོངས་པི་ཡིན། 11ང་ནི་རྫི་བོ་བཟང་པོ་ཡིན། རྫི་བོ་བཟང་པོས་ལུག་གི་དོན་ལེ་རང་གི་སྲོག་བློས་གཏོང་གྱོ་འོད་དིག 12ཡང་མི་གླ་ནི་རྫི་བོ་ངོ་ཐོག་དེ་མ་དིག ཡང་ལུག་གི་བདག་པོ་དེ་ཟང་མན་ཕེན། སྤྱང་རྐུ་འོང་གི་མཐོང་ལོང་མེད་ལུག་ཡེ་རེ་གཡུགས་ཏེ་འབྲོས་འགྲོ་འོད་དི་མ་ཟད། སྤྱང་རྐུས་ལུག་འཁྱེར་ཏེ་ལུག་ཁྱུ་ཡེ་རེ་ཁ་གཏོར་གཏོང་གྱི་དིག 13ཅི་ལེ་ཟེར་ནི། རྫི་བོ་དེ་ནི་མི་གླ་ཡིན་ཕེན། ལུག་ཁྱུ་དོན་ལེ་སེམས་ཁུར་མེད་དི་འབྲོས་འགྲོ་འོད་དིག 14ང་ནི་རྫི་བོ་བཟང་པོ་ཡིན་ཕེན། ངས་རང་གི་ལུག་ཀྱ་ལེ་ངོ་ཤེས་པི་མ་ཟད། ལུག་གིས་ཟང་ང་ལེ་ངོ་ཤེས་གྱོ་འོད་དི་ཅོག་འདྲ། 15ངའི་ཨ་ཀྱིས་ང་ལེ་ངོ་ཤེས་གྱོ་འོད་དི་དིང་། ངས་ཟང་ཨ་ཀྱི་ངོ་ཤེས་གྱོ་འོད། ངས་རང་གི་སྲོག་འདི་ཟང་ལུག་ཁྱུ་ཀྱ་ཀྱི་དོན་ལེ་བློས་གཏོང་གྱི་ཡིན། 16ང་ལེ་ལུག་དེ་མིན་པ་ད་རུང་ལུག་གཞན་མ་ཟང་འོད་ཕེན། དེ་ཀྱ་ཟང་ཚུར་འཁྲིད་འོང་དགོས་འོད། ལུག་དེ་ཀྱ་ངའི་སྐད་ལེ་ཉན་དི་མ་ཟད། ལུག་དེ་ཀྱ་ཟང་ཁྱུ་གཅིག་འོང་གི་མ་ཟད། རྫི་བོ་ཟང་གཅིག་འོང་གྱི་དིག 17ངས་རང་གི་སྲོག་བློས་བཏང་པི་དེ་ལེ་བརྟེན་ཏེ། ཨ་ཀྱིས་ང་ལེ་བྱམས་བརྩེ་བ་གནང་གྱོ་འོད་དི་དིག ངས་རང་གི་སྲོག་བློས་གཏོང་རྒྱུ་དེ་ནི། ཡང་དང་གསོན་པོ་འོང་རྒྱུ་ཆེད་དུ་ཡིན། 18ངས་རང་སྲོག་བློས་གཏོང་རྒྱུ་འདི་ལེ་མི་སུས་ཟང་འཕྲོག་མི་ཐུབ། ང་ལེ་རང་སྲོག་བློས་གཏོང་རྒྱུ་དབང་ཆ་འོད་དི་མ་ཟད། ཡང་དང་གསོན་རྒྱུ་དབང་ཆ་ཟང་འོད། དོན་དེ་ནི་ངའི་ཨ་ཀྱིས་ང་ལེ་གནང་བའི་བཀའ་ཡིན་དིག་ཟིན་གསུངས་པི་དིག 19ཡེ་ཤུས་འོ་དེ་གི་གསུངས་པའི་རྐྱེན་གྱིས་ཡ་ཧུ་དཱ་པའི་ནང་ལེ་ཡང་དང་ལྟ་བ་མི་མཐུན་པའི་ལབ་གླེང་ཞིག་བྱུང་པི་དིག 20མི་མང་ཆེ་བ་ཞིག་གིས་ཡེ་ཤུ་ལེ། མི་འདི་གདོན་འདྲེ་ཞུགས་ཏེ་སྨྱོ་འདུག ཅི་ལེ་ཁྱེད་ཀྱ་ཀྱིས་ཁོ་ལེ་ཉན་དི་ཡིན་དོ་ཟིན་འོད་དིག 21ཡིན་ནའང་། ཡང་མི་ཁ་ཤས་ཀྱིས་སྐད་ཆ་འདི་ནི། གདོན་འདྲེ་ཞུགས་པའི་སྐད་ཆ་མ་དིག གདོན་འདྲེས་ཞར་ར་ཅི་གི་བྱས་ཏེ་མཐོང་རྒྱུ་འོད་ཡོད་བཟོ་ནུས་རྒྱུ་ཟིན་འོད་དིག
ཡ་ཧུ་དཱ་པའི་མི་ཀྱ་ཡེ་ཤུ་ལེ་ཡིད་ཆེས་མ་བྱས་པ།
22-23དེ་ནས་ཡང་ཡེ་རུ་ས་གླིང་གི་མཆོད་ཁང་བསྐྱར་བཟོ་བྱས་པའི་དུས་ཆེན་གྱི་དྲན་གསོ་བགྱིད་རྒྱུ་དུས་དེ་ཡིན་རྒྱ། ཡེ་ཤུ་མཆོད་ཁང་དེའི་རྭའི་ནང་ནས་སོ་ལོ་མོན་ཟེར་རི་གཡབ་རིང་པོ་འོད་ཡོད་དེའི་ནང་ལེ་ཞབས་ཐང་ལེ་ཕེབས་པི་དིག ཡང་དུས་ཚོད་དེ་ནི་དགུན་ཀ་ཡིན་དིག 24དེ་ནས་ཡ་ཧུ་དཱ་པ་ཀྱ་ཀྱིས་ཡེ་ཤུའི་མཐའ་བསྐོར་ཏེ། ཁྱོད་ཀྱིས་ཉེད་ཀྱ་ལེ་ཡུན་རིང་ལོད་ཐེ་ཚོམ་སྐྱེས་རུ་འཇུག་གྱི་དོ། ཁྱོད་རང་བདེན་པ་ངོ་ཐོག་སྐྱབས་མགོན་དེ་ཡིན་མིན་ཉེད་ཀྱ་ལེ་གསལ་པོ་བྱས་ཏེ་ཤོད་ལེད་ཅིག་སྨྲས་པི་དིག 25དེ་ནས་ཡེ་ཤུས་ཡ་ཧུ་དཱ་པའི་མི་དེ་ཀྱ་ལེ། ངས་སྔོན་མ་ནས་སྨྲས་ཚར་རི་ཡིན། ཁྱེད་ཀྱ་ཀྱིས་ང་ལེ་ཡིད་མ་ཆེས་ནའང་། ངས་རང་གི་ཨ་ཀྱིའི་མིང་ནང་ལེ་བྱས་པའི་ལས་དེ་ཀྱ་ཀྱིས་ང་ལེ་དཔང་པོ་བགྱིད་འོད་དིག 26ཡིན་ནའང་། ཁྱེད་ཀྱ་ངའི་ལུག་མན་ཕེན། ང་ལེ་ཡིད་ཆེས་མི་བགྱིད་འོད་དིག 27ངའི་ལུག་གིས་ངའི་སྐད་ལེ་ཉན་དི་དིང་། ངས་ཟང་ལུག་དེ་ཀྱ་ངོ་ཤེས་པི་མ་ཟད། ལུག་དེ་ཀྱ་ཟང་ངའི་རྗེས་ལེ་འབྲང་འོང་འོད་དིག 28ཡང་ངས་དེ་ཀྱ་ལེ་མཐའ་མེད་པའི་ཚེ་གཏད་འོད་ཕེན། དེ་ཀྱ་ནམ་ཡིན་ནའང་རྩ་མེད་འགྲོ་མི་སྲིད། ཡང་མི་སུས་ཟང་དེ་ཀྱ་ངའི་ལག་ནས་འཕྲོག་ཐུབ་ཀྱི་མ་དིག 29-30ངའི་ཨ་ཀྱིས་དེ་ཀྱ་ང་ལེ་གནང་བྱུང་། ཁོང་རང་ནི་ཡེ་རེ་ནང་ནས་ནུས་སྟོབས་ཆེ་ཤོས་ཡིན་ཕེན། སུས་ཟང་ངའི་ཨ་ཀྱིའི་ལག་ནས་དེ་འཕྲོག་མི་ཐུབ་འོད་དིག ང་དིང་ཨ་ཀྱི་གཅིག་ཡིན་ཟིན་གསུངས་པི་དིག
31དེ་ནས་ཡ་ཧུ་དཱ་པའི་མི་དེ་ཀྱ་ཀྱིས་ཡང་དང་ཁོང་ལེ། རྡོ་རྒྱག་རྒྱུ་ཆེད་དུ་རྡོ་བླངས་པི་དིག 32ཡིན་ནའང་། ཡེ་ཤུས་མི་དེ་ཀྱ་ལེ། ངས་རང་གི་ཨ་ཀྱི་ནས་བྱུང་བའི་དོན་བཟང་པོ་མང་པོ་ཁྱེད་ཀྱ་ལེ་བསྟན་པི་ཡིན། དོན་བཟང་པོ་ཅི་གི་ཞིག་གི་ཆེད་དུ་ང་ལེ་རྡོ་རྒྱག་རྒྱུ་ཅོམ་པི་ཡིན་དོ་ཟིན་གསུངས་ཕེན། 33ཡ་ཧུ་དཱ་པ་ཀྱ་ཀྱིས། ཁྱོད་ཀྱིས་ལས་བཟང་པོ་བྱས་པའི་དོན་ལེ་རྡོ་རྒྱག་རྒྱུ་ཅོམ་པི་མན། ཡིན་ནའང་། ཁྱོད་རང་ནི་མི་ཡིན་ནའང་། ཁྱོད་ཀྱིས་རང་གིས་རང་ལེ་དཀོན་མཆོག་ཡིན་ཟིན་དཀོན་མཆོག་ལེ་སྐུར་བ་བཏབ་པི་དེའི་ཆེད་དུ་ཡིན་སྨྲས་པི་དིག 34དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱི་ཆོས་ཁྲིམས་ནང་ལེ་དཀོན་མཆོག་གིས་ཁྱེད་ཀྱ་ནི་ལྷ་ཡིན་དིག་ཟིན་གསུངས་མྱོང་འོད་དི་མ་གས།#10.34 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 82 ཨང་ 6 ནང་ལེ་གཟིགས་རོགས། 35དཀོན་མཆོག་གི་གསུང་རབ་ནང་ལེ་བྱུང་བའི་བཀའ་དེ་ཡེ་རེ་དུས་གཏན་དུ་བདེན་པ་ཡིན་ཕེན། དཀོན་མཆོག་གིས་རང་གི་བཀའ་ཐོབ་མཁན་མི་ཀྱ་ལེ་ལྷ་ཡིན་དིག་ཟིན་གསུངས་འོད་ནི། 36ངའི་ཨ་ཀྱིས་ང་བདམས་ཏེ་འཇིག་རྟེན་དུ་བརྫངས་ཕེན། ངས་ང་ནི་དཀོན་མཆོག་གི་སྲས་ཡིན་སྨྲས་ནི། ཁྱེད་ཀྱ་ཀྱིས་ངས་དཀོན་མཆོག་ལེ་སྐུར་བ་འདེབས་ཀྱི་འདུག་ཟེར་རི་རྒྱུ་མཚན་ཅི་ཡིན་གོ། 37གལ་སྲིད་ངས་རང་གི་ཨ་ཀྱིའི་ལས་ཀ་མ་བྱས་ནི། ཁྱེད་ཀྱ་ཀྱིས་ཟང་ང་ལེ་ཡིད་ཆེས་བགྱིད་དགོས་མེད་དིག 38ཡིན་ནའང་། ངས་རང་གི་ཨ་ཀྱིའི་ལས་ཀ་བསྒྲུབ་པི་མ་ཟད། ཡང་ངས་སྨྲས་པི་དེ་ལེ་ཁྱེད་ཀྱ་ཀྱིས་ཡིད་མི་ཆེས་འོད་དིག ཡིན་ནའང་། ངས་ངོ་མཚར་ཆེ་པའི་ལས་བྱས་པི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཡིད་ཆེས་བགྱིད་དགོས་འོད་དིག ངའི་ཨ་ཀྱི་ནི་ངའི་སེམས་ནང་ལེ་བཞུགས་འོད་དི་མ་ཟད། ང་ཟང་ཁོང་གི་སེམས་ནང་ལེ་འོད་དི། ཁྱེད་ཀྱ་ཀྱིས་གསལ་པོ་ཧ་གོ་ཐུབ་རྒྱུ་ཆེད་དུ་ཡིན་ཟིན་གསུངས་པི་དིག 39དེ་ནས་ཡ་ཧུ་དཱ་པ་ཀྱ་ཀྱིས་ཡང་དང་ཡེ་ཤུ་ལེ་འཛིན་བཟུང་བགྱིད་རྒྱུ་བྱས་པི་དིག ཡིན་ནའང་། ཁོང་ནི་མི་དེ་ཀྱ་ཀྱི་ལག་ནས་ཐར་ཕེན། 40ཁོང་རང་ཡོར་དན་གཙང་པོའི་ཕར་ཀན་ལེ་ཐོན་ཏེ། སྔོན་མ་ཡོ་ཧ་ནན་གྱིས་ཁྲུས་གསོལ་བགྱིད་སའི་ས་ཆ་དེ་ལེ་ཕེབས་ཏེ་བཞུགས་པི་དིག 41དེ་ནས་ཡང་མི་མང་པོ་ཞིག་ཁོང་གི་དྲུང་དུ་འོངས་ཏེ། མི་དེ་ཀྱ་གཅིག་གིས་གཅིག་ལེ། ཡོ་ཧ་ནན་གྱིས་ངོ་མཚར་གྱི་རྟགས་ཅི་གང་མ་བསྟན་འོད་ནའང་། ཡོ་ཧ་ནན་གྱིས་མི་འདིའི་སྐོར་ལེ་ཅི་སྨྲས་པི་དེ་ཡེ་རེ་ནི་བདེན་པ་ཡིན་དིག་ཟིན་འོད་དིག 42ཡང་ས་ཆ་དེ་རུ་མི་མང་པོ་ཞིག་གིས་ཡེ་ཤུ་ལེ་དད་པ་བྱས་པི་དིག །
Currently Selected:
ཡོ་ཧ་ནན། 10: DLPO
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.