YouVersion Logo
Search Icon

མཛད་པ། 14

14
ལེའུ་བཅུ་བཞི།
ཕོལ་ལོལ་​དིང་​པར་ན་པཱ་​གཉིས་ཀྱིས་​ཨི་ཀོན་ཡཱ་​རྒྱལ་ས་ལེ་ཆོས་བཤད་པ།
1ཡང་དེ་སྔོན་ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་​ཀྱིས་ཨི་ཀོན་ཡཱ་​རྒྱལ་སའི་ནང་ལེ་འོད་ཡོད་​ཡ་ཧུ་དཱ་པའི་​ཆོས་ཀྱི་ཚོགས་ཁང་​ལེ་​ཕྱིན་ཏེ། དེ་རུ་ཁོ་གཉིས་ཀྱིས་ཆོས་སྟོན་སྟངས་དགའ་མོ་དེ་ལེ་བརྟེན་ཏེ​། ཡ་ཧུ་དཱ་པ་​དིང་​གེ་རིག་​གི་​མི་​མང་པོ་​ཞིག་ཟང་དད་པ་​བྱས་​པི་​དིག 2ཡིན་ནའང་​། དད་པ་​མི་བགྱིད་མཁན་ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཕྱིའི་མི་​ཀྱ་​ཀྱི་སེམས་དཀྲུགས་ཕེན། ཕྱི་མི་ཀྱ་ཀྱིས་ཕོལ་ལོལ་དིང་པར་ན་པཱ་ཁོ་གཉིས་ལེ་ཞེ་སྡང་ལངས་པི་དིག 3འོ་དེ་ལེ་བརྟེན་ཏེ། ཁོ་​གཉིས་​རྒྱལ་ས་​དེ་རུ་​ཡུན་རིང་པོ་​བསྡད་​དི་​མ་ཟད། ཇོ་བོ་ཡེ་ཤུ་ལེ་བརྟེན་ཏེ་བློ་སྟོབས་ཆེན་པོས་ངང་ནས་ཆོས་བསྟན་པི་དིག ཡང་ཁོ་གཉིས་ཀྱིས་རྟགས་དིང་ངོ་མཚར་གྱི་དོན་མང་པོ་སྒྲུབ་ཕེན། ཇོ་བོ་ཡེ་ཤུ་ཁོང་གིས་ཟང་རང་གི་ཐུགས་རྗེ་གཟིགས་སྐྱོང་གི་བཀའ་དེ་མི་དེ་ཀྱ་ལེ་བདེན་དཔང་མཛད་པི་དིག 4ཡིན་ནའང་། རྒྱལ་ས་དེའི་ནང་གི་མི་​ཀྱ་​ནི་ཕྱོགས་ཁག་​གཉིས་​བྱུང་​ཕེན། ལ་ལས་​དད་པ་​མི་བགྱིད་མཁན་ཡ་ཧུ་དཱ་པའི་​ཕྱོགས་བྱས་པི་​དིང་​། ཡང་ལ་ལས་​སྐུ་ཚབ་​ཀྱ་ཀྱི་​ཕྱོགས་​བྱས་པི་དིག 5དུས་དེ་རྒྱ་ཕྱིའི་​མི་​དིང་། ཡང་ཁོང་ཀྱ་ཀྱི་​དཔོན་པོ་​ཀྱ་ཀྱིས་ཟང་རུབ་​སྟེ། ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་​ལེ་​བརྙས་བཅོས་བགྱིད་རྒྱུ་དིང་། རྡོ་རུབ་​གཏོང་​རྒྱུ་​ཇུས་ངན་བྱས་​པི་​དིག 6ཡིན་ནའང་། ཁོ་​གཉིས་​ཀྱིས་​གནས་ཚུལ་​དེ་​ཧ་གོ་​སྟེ། ལི་ཀ་ཨོན་ཡཱ་​ཟེར་​རི་​ཡུལ་​གྱི་​ལིས་ཏྲཱ་​དིང་​ཌེར་སྦེ་​རྒྱལ་ས་​དེ་​གཉིས་​ཀྱི་​ཉེ་འགྲམ་གྱི་ཡུལ་གཡས་གཡོན་​ལེ་​བྲོས་​པི་​དིག 7ཡུལ་​དེ་རུ་​ཟང་​ཡང་​ཁོ་གཉིས་ཀྱིས་མུ་མཐུད་​དེ་ཇོ་བོ་​ཡེ་ཤུའི་​གཏམ་བཟང་​བཤད་​དི་​དིག
སྐུ་ཚབ་ཁོ་གཉིས་ཀྱིས་ལིས་ཏྲཱ་​དིང་​ཌེར་སྦེ་​རྒྱལ་ས་​ལེ་​ཆོས་​བཤད་པ།
8ཡང་​ལིས་ཏྲཱ་​རྒྱལ་ས་​ལེ་​མི་​ཞིག་​སྐྱེས་​དུས་ནས་​ཕེན་​གོམ་པ་​དུས་ནམ་ཟང་རྒྱག་​མྱོང་​མེད་མེད་རྐང་པ་ཞ་རིལ་​ཞིག་​བསྡད་​འོད་དིག 9དེ་ནས་ཁོས་​ཕོལ་ལོལ་​གྱི་​ཆོས་​བཤད་​དེ་​ལེ་​ཉན་​ཕེན​། ཕོལ་ལོལ་གྱིས་​ཟང་རྐང་པ་​ཞ་རིལ་​ཁོ་​ལེ་​དགའ་མོ་བྱས་ཏེ་བལྟས་​ཕེན། མི་​དེ་ལེ་རང་གི་​ན་ཚ་​དྲག་​ཐུབ་པའི་​དད་པ་​འོད་​དི་​མཐོང་​པི་དིག 10ཡང་ཕོལ་ལོལ་གྱིས་སྐད་ཆེན་པོས་​ངང་​ནས་ཁྱོད་ཀྱིས་རང་གི་​རྐང་པ་​ས་​ལེ་​བཙུགས་​ཏེ་​ཡར་ལོངས་​དང་ཟིན་སྨྲས་ལོང་​མེད། ཞ་རིལ་​ཁོ་ཡར་ལངས་ཐུབ་པི་མ་ཟད། མཆོངས་ཏེ་ཕར་​འགྲོ་​ཚུར་​འགྲོ་​བྱས་​པི་​དིག 11དེ་ནས་​ཕོལ་ལོལ་གྱིས་​བྱས་པའི་དོན་དེ་​མི་ཚོགས་​ཀྱིས་​མཐོང་​སྟེ་​སྐད་ཆེན་པོས་​ངང་​ནས་​ལི་ཀ་ཨོན་ཡཱའི་​ཡུལ་སྐད་​ནང་ལེ། ལྷ་​རྣམས་​མིའི་གཟུགས་ནང་ལེ་འུ་ཀྱ་​ཀྱི་​དཀྱིལ་ལེ་བབས་​འདུག་​ཟེར་​རི་​དིང་​། 12ཡང་མི་དེ་ཀྱ་ཀྱིས་ཟུ་སཱི་ཟེར་རི་ལྷ་དེའི་མིང་དེ་​པར་ན་པཱ་​ལེ་བཏགས་​པི་​དིག ཕོལ་ལོལ་​ནི་​གསུང་​མཁན་​གཙོ་བོ་​དེ་ཡིན་​ཕེན། ཁོ་ལེ་​ཧེར་མཱེ་​ཟེར་རི་ལྷའི་མིང་​དེ་བཏགས་​པི་དིག#14.12 ཟུ་སཱི་ཟེར་དོན་དེ་ནི། གེ་རིག་གི་མི་མང་ཀྱ་ཀྱིས་བརྩི་ས་ལྷ་གཙོ་བོ་ཞིག་ཡིན་དི་དིང་། ཡང་ཧེར་མཱེ་ཟེར་རི་ལྷ་དེ་ནི་གསུང་མཁན་གཙོ་བོ་དེ་ཡིན་དིག 13རྒྱལ་སའི་​ཕྱི་ལེ་འོད་ཡོད་ཟུ་སཱིའི་ལྷ་ཁང་​གི་​མཆོད་པ་འབུལ་མཁན་ཁོ་རང་ཟང་མི་མང་དིང་​སྐྱེན་​ལེ། སྐུ་ཚབ་​ཁོ་གཉིས་ལེ་​དམར་མཆོད་​ཀྱི་མཆོད་པ་འབུལ་རྒྱུ་​ཆེད་དུ། མེ་ཏོག་དིང་གླང་​པོ་ཁ་ཤས་འ​ཁྲིད་​འོངས་ཏེ་སྒོ་​འགྲམ་​དུ་​སླེབས་​པི་​དིག 14ཡིན་ནའང་། སྐུ་ཚབ་​པར་ན་པཱ་​དིང་​ཕོལ་ལོལ་ཁོ་​གཉིས་​ཀྱིས་​དོན་​དི་​ཧ་​གོ་​སྟེ་འཐད་པོ་མ་བྱུང་ཕེན། རང་གི་​སྟོད་ཙེའི་​ཧྲལ་ཏེ། མི་ཚོགས་​ཀྱི་​ནང་​ལེ་​རྒྱུགས་​འོངས་ཏེ་​སྐད་ཆེན་པོས་​ངང་​ནས། 15ཁྱེད་མི་ཚོགས་ཀྱ། ཅི་ལེ་འོ་འདི་གི་བགྱིད་དི་ཡིན་དོ། ཉེད་​གཉིས་​ནི་​ཁྱེད་​ཀྱ་དིང་ཅོག་འདྲ་​མི་ཡི​ན​། ཁྱེད་​ཀྱ་​ཀྱིས་​ཁུངས་​ལུང་​མེད་​མེད་དོན་​འདི་​ཀྱ་​སྤངས་​ཏེ། ནམ་མཁའ་དིང་ས་གཞི། རྒྱ་མཚོ། དེའི་ནང་ལེ་འོད་ཡོད་ཡེ་རེ་བཀོད་གནང་མཁན་དིང་། དུས་རྟག་ཏུ་​གསོན་པོ​་​བཞུགས་​མཁན་​དཀོན་མཆོག་​ལེ། ཁྱེད་ཀྱ་ཀྱིས་དད་པ་བགྱིད་རྒྱུ་ཆེད་དུ། ཉེད་གཉིས་ཀྱིས་ཁྱེད་ཀྱ་ལེ་གཏམ་བཟང་ཤོད་དུ་འོངས་པི་ཡིན། 16སྔོན་མའི་​དུས་​ལེ། ཁོང་གིས་མི་རིགས་ཀུན་ལེ་​སོ་སོའི་​འདོད་པ་​ཅོག་འདྲ་​བགྱིད་​དུ་​བཅུག་​གནང་པི་དིག 17ཁྱེད་ཀྱ་ལེ་ཕྱག་ལས་བཟང་པོ་གནང་བའི་བརྒྱུད་ནས། ཁོང་ནི་བཟང་པོ་ཡིན་དི་བདེན་དཔང་གནང་པི་དིག དཔེར་ན། ཁོང་​གིས་​ཁྱེད་​ཀྱ་​ལེ་​དུས་​རྟག་​ཏུ་​ཐུགས་རྗེ་​གནང་​སྟེ། ནམ་མཁའ་​ནས་​ཆར་ཆུ་​དིང་​ས་​ལེ་​ལོ་​ཏོག་​སྐྱེས་རུ་བཅུག་གནང་ཕེན། ཁྱེད་​ཀྱ་​ལེ་​བཟའ་​བཏུང་​རང་​བཞིན་​འོད་​དི་​མ་ཟད​། ཁོང་གིས་ཁྱེད་ཀྱ་ལེ་དགའ་སྤྲོ་སྐྱེ་རུ་​བཅུག་གནང་པི་དིག་​ཟིན་སྨྲས་​པི་​དིག 18ཡང་ཁོ་​གཉིས་​ཀྱིས་​འོ་དེ་གི་​ཟིན་ཤོད་​རྒྱ། མི་ཚོགས་ཀྱིས་ཁོ་གཉིས་ལེ་དམར་མཆོད་​ཀྱི་མཆོད་པ་འབུལ་​རྒྱུ་​ཆེད་དུ། ཨུ་ཚུགས་​བགྱིད་འོད་ཕེན་འགེག་རྒྱུ་ལེ་​དཀའ་ལས་​ཁག་པོ་​བྱུང་​པི་​དིག
19ཡིན་ནའང་། ཨན་ཏི་ཡོག་ཡཱ་​དིང་​ཨི་ཀོན་ཡཱ་​རྒྱལ་ས་​ནས་​འོངས་པའི་ཡ་ཧུ་དཱ་པ་​ཁ་ཤས་​ཀྱིས་​མི་​ཀྱ་​ལེ་ངན་སྐུལ་བྱས་ཕེན​། མི་ཀྱ་​ཀྱིས་​ཕོལ་ལོལ་ལེ་​རྡོ་​རུབ་བཏང་པི་མ་ཟད། ཁོ་​ཤི་​ཚར་​རི་​ཡིན་དིག་​བསམས་​ཏེ། ལིས་ཏྲཱ་རྒྱལ་སའི་​ཕྱི་​ལེ་​དྲུད་​དེ་​གཡུགས་པི་​དིག 20ཡིན་ནའང་​། དད་པ་​བགྱིད་​མཁན་​ཀྱ་​ཀྱིས་​ཁོའི་​མཐའ་བསྐོར་​ལེ་འཛོམས་འོངས་ཏེ་རོགས་རམ་བྱས་ཕེན། ཁོ་རང་ཡར་ལངས་ཏེ། ཡང་དང་ལིས་ཏྲཱ་​རྒྱལ་སའི་ནང་ལེ་ལོག་​པི་དིག དེ་ནས་དེའི་​སྔ་དྲོ་ཁོ་རང་​པར་ན་པཱ་​དིང་​སྐྱེན་​ལེ་​ཌེར་སྦེ་​རྒྱལ་ས་​ལེ་​བུད་​དི་​དིག
སི་རི་ཡཱ་​ལུང་པའི་ཨན་ཏི་ཡོག་ཡཱ་​རྒྱལ་ས་​ལེ་རང་འཇགས་ལོག་​འགྲོ་བ།
21དེ་ནས་​ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་​ཀྱིས་​རྒྱལ་ས་​དེའི་​མི་​ཀྱ་​ལེ་​སྐྱབས་མགོན་​ཡེ་ཤུའི་​གཏམ་བཟང་​བཤད་​ཕེན། མི་​མང་པོ་ཞིག་རང་གི་​སློབ་མ་​ལེ་བསྐོས་པའི་རྗེས་ལེ​། ཁོ་གཉིས་​ལིས་ཏྲཱ་དིང་། ཨི​་ཀོན་ཡཱ་དིང་། ཨན་ཏི་ཡོག་ཡཱ་རྒྱལ་ས་​ལེ་​རང་འཇགས་ལོག་​པི་དིག 22འུ་​ཀྱ་​དཀོན་མཆོག་​གི་​རྒྱལ་ཁབ་​ནང་ལེ་འགྲོ་རྒྱ​། དཀའ་ངལ་​མང་པོ་​མྱོང་​དགོས་​འོང་​གྱི་​དིག་​ཟིན། དེ་རུ་​འོད་ཡོད་​རྗེས་འབྲང་​པ་ཀྱ་​ལེ་སེམས་ཤུགས་སྤར་ཏེ། མུ་མཐུད་དེ་དད་པ་​བརྟན་པོ་བགྱིད་​དགོས་​པའི་སྐོར་ལེ་ཁ་བསྒོས་བཅུག་པི​་​དིག 23དེ་ནས་​ཁོ་​གཉིས་​ཀྱིས་​ཡེ་ཤུའི་​ཆོས་ཚོགས་​རེ་རེ་​ལེ་བློ་འགེལ་བགྱིད་ཆོག་པའི་མི་ཁ་ཤས་ཞིག་འགན་ཁུར་​བགྱིད་མཁན་ལེ་​བསྐོས་​པི་རྗེས་ལེ། སྨྱུང་གནས་​བསྲུངས་ཏེ་​དཀོན་མཆོག་​ལེ་​གསོལ་བ་​སྨོན་ལམ་བཏབ་པི་མ་ཟད། མི་​དེ་ཀྱ་​ཀྱི་དད་པ་​བཅོལ་ས་​དེ་ནི། ཇོ་བོ་ཡེ་ཤུ་​ཡིན་ཕེན། ཁོང་​གི་​ཕྱག་​ལེ་​བཅོལ་​ལི་​དིག 24དེ་ནས་​ཁོ་​གཉིས་​པི་སི་དི་ཡཱ་​ལུང་པ་བརྒྱུད་​ནས་​ཕམ་ཕིལ་ཡཱ་​ཟེར་​རི་​ལུང་པ་​ལེ་སླེབས་​པི་​དིང་​། 25ཕིར་གེ་​རྒྱལ་ས་ལེ་​དཀོན་མཆོག་​གི་​བཀའ་​བཤད་​དི་རྗེས་​ལེ་​སྨད་ཕྱོགས་​ཀྱི་ཨ་ཏལ་ཡཱ་​རྒྱལ་ས་​ལེ་​བུད་དི་དིག 26རྒྱལ་ས་དེ་ནས་​གྲུ་​གཟིངས་​ཞིག་ལེ་བ​ཞོན་​ཏེ། སིར་ཡཱ་​ལུང་པའི་​རྒྱལ་ས་​ཨན་ཏི་ཡོག་ཡཱ་​ལེ་​རང་འཇགས་ལོག་​པི་​དིག ས་ཆ་དེ་ནི་སྔོན་མ་ཆོས་ཚོགས་ཀྱིས་ཁོ་གཉིས་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གི་ནང་ལེ་བཅོལ་སའི་ས་ཆ་དེ་ཡིན་དི་མ་ཟད། ཁོ་གཉིས་ཀྱིས་ད་ལྟ་ལས་དོན་དེ་ཀྱ་བསྒྲུབས་ཚར་རི་བྱས་པི་དིག 27ཁོ་​གཉིས་​རྒྱལ་ས་​དེ་རུ་​སླེབས་པའི་​རྗེས་​ལེ། ཆོས་ཚོགས་​ཀྱ་འཛོམས་​འོངས་ཏེ། དཀོན་མཆོག་​གིས་​ཁོ་​གཉིས་​བརྒྱུད་ནས་​དོན་​ཅི་མཛད་པི་དེ་ཀྱ་​དིང་​། ཡ་ཧུ་དཱ་པ་མིན་པའི་ཕྱི་མི་​ཀྱ་​ལེ་​དད་པའི་སྒོ་དེ་ཅི་གི་བྱས་ཏེ་ཕྱེ་​གནང་​འོད་​མེད་​དེའི་གནས་ཚུལ་​ཡེ་རེ་​སྨྲས་​པི་​དིག 28དེ་ནས་​ཁོ་​གཉིས་​ཀྱིས་ཡེ་ཤུ་ལེ་​དད་པ་​བགྱིད་​མཁན་​ཀྱ་​དིང་​སྐྱེན་​ལེ་​རྒྱལ་ས་​དེ་རུ་​ཡུན་རིང་པོ་​བསྡད་​དི་​དིག །

Currently Selected:

མཛད་པ། 14: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in