མར་ཀུ། དེབ་ཀྱི་ངོ་སྤྲོད།
དེབ་ཀྱི་ངོ་སྤྲོད།
མར་ཀུ་གོ་ཡེ་ཤུའི་ཉེ་གནས་བཅུ་གཉིས་ནས་སི་མོན་པེ་ཏྲོའི་ལས་ཀ་ལ་རོགས་བ་བྱེད་ཀྱིན་རྩ་ཆེ་མི་གཅིག་ལགས། པེ་ཏྲོ་ཡིས་མར་ཀུ་ལ་ངའི་བི་ཛའོ་སྨྲས་རེ་སྨྲས་འོད་ད་ལགས། (༡ པེ་ཏྲོ་ ༥:༡༣) ཁོ་བར་ན་བཱ་ཡི་སྤུན་ཟླ་དང་སྐུ་ཚབ་པའུ་ལུ་ཡི་རོགས་བ་ལགས། (མཛད་པ། ༡༢:༢༥, ཀོ་ལོ་ས་པར་ ༤:༡༠, ༢ ཏི་མོ་ཐེའུ་ ༤:༡༡)
མར་ཀུ་ཁོ་རང་ཉེ་གནས་བཅུ་གཉིས་ནས་མིན་ནའང་། ཁོས་ཡེ་ཤུའི་མི་ཚེ་སྐོར་ལ་པེ་ཏྲོ་ནས་སྦྱངས་བ་ལགས། ཁོས་ཁོ་རི་གཏམ་བཟང་འདི་པེ་ཏྲོ་ཡིས་སྨྲས་ན་ཅོག་རེ་བྲིས་པ་ལགས། གསུང་རབ་ཀྱི་མཁས་བ་མང་ཆེ་ཡིས་མར་ཀུ་ཡི་འདི་གཏམ་བཟང་དེ། རོ་མཱ་པ་རྒྱལ་ཁབ་ཀྱི་རོམ་རྒྱལ་ས་རུ་བྲིས་པ་ལགས་སྨྲས་རེ་བསམ་བློ་འོད་ད་ལགས། མད་ཐཱ་ཡིས་ཁོ་རི་གཏམ་བཟང་ཡ་ཧུ་དཱ་པ་ཀྱ་ལ་བྲིས་བྲ་ཅོག་རེ། མར་ཀུ་ཁོ་རི་གཏམ་བཟང་འདི་རོ་མཱ་པ་ཀྱ་ལ་སྨྲས་རེ་བྲིས་པ་ལགས། གཏམ་བཟང་བཞི་བོ་ནས་མར་ཀུ་ཡི་གཏམ་བཟང་འདི་ཨེན་ཡོག་བྲིས་པ་ལགས། མར་ཀུ་ཡི་གཏམ་བཟང་འདི་ཕྱི་ལོ་ ༥༥ ནས་ ༦༥ གནང་ལ་ཡེ་ཤུ་གྲོངས་རེ་ལོ་སུམ་བཅུ་ཚོད་ལ་བྲིས་པ་ལགས། མད་ཐཱ་དང་ལུ་ཀ་གཉིས་བོ་ཡིས་མར་ཀུ་ཡི་གཏམ་བཟང་ལ་འོད་གིན་ལབ་མང་ཆེ་ཁོ་རང་ཀྱ་ཡི་གཏམ་བཟང་ལ་བསྲེས་འོད་ད་ལགས། དངོས་གནས་སྨྲ་ན་མར་ཀུ་ཡི་གཏམ་བཟང་གི་རི་མད་ཐཱ་ཡི་གཏམ་བཟང་ལ་བསྲེས་འོད་ད་ལགས།
དཀར་ཆག
གཏམ་བཟང་གི་འགོ་འཛུགས། ༡:༡-༡༣
ཡེ་ཤུ་ཡིས་ག་ལིལ་དུ་མཛད་ཛ་ཕྱག་ལས། ༡:༡༤–༩:༥༠
ག་ལིལ་ནས་ཡེ་རུ་ཤ་ལེམ་ཐུག་པའི། ༡༠:༡-༥༢
ཡེ་རུ་ཤ་ལེམ་དུ་བདུན་ཕྲག་ཞུག་ཡོག་གོ། ༡༡:༡–༡༥:༤༧
ཡེ་ཤུ་འཆི་བ་ནས་སླར་གསོན་པ། ༡༦:༡-༨
གཙོ་བོ་སླར་གསོན་ཏེ་མངོན་པ་དང་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཕེབས་པ། ༡༦:༩-༢༠
Currently Selected:
མར་ཀུ། དེབ་ཀྱི་ངོ་སྤྲོད།: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society