YouVersion Logo
Search Icon

མད་ཐཱ། 28

28
ཡེ་ཤུ་འཆི་བ་ནས་གསོན་པོ་བཞེངས་པ།
(མར་ཀུ། ༡༦:༡-༡༠; ལུ་ཀ། ༢༤:༡-༡༢; ཡོ་ཧ་ནན། ༢༠:༡-༡༠)
1ངལ་གསོ་གིན་ཉིན་མ་གཤམ་ནས་བདུན་ཕྲག་གི་ཉིན་མ་དང་པོ་གོ་ལ། གནམ་ཟ་ར་ཟི་རི་ལ་མིར་ཡམ་མག་ད་ལི་ནི་དང་མིར་ཡམ་གཞན་མ་གོ་དུར་ཁྲོད་ལྟ་རུ་སོང་བ་ལགས། 2དེ་ནས་ལམ་སང་གཙོ་བོའི་བང་ཆེན་གཅིག་ནམ་མཁའི་ཞིང་ཁམས་ནས་འོ་དུ་རུ་བབས་ཏེ་ས་ཡོམ་ཆེ་གཅིག་བརྒྱབ་པ་ལགས། དེ་ནས་ཁོང་པ་ཕེབས་ཏེ་དུར་ཁྲོད་ཀྱི་ཕོང་གིན་གོ་ཧ་ལ་རིལ་རེ། འོ་དེའི་ཐོག་ལ་བཞུགས་པ་ལགས། 3ཁོང་པ་ཡི་ཞལ་གློག་མར་ཅོག་རེ་དང་། ཁོང་པ་ཡི་ན་བཟའ་གོ་ཁ་བ་ཅོག་རེ་དཀར་བོ་འོད་ད་ལགས། 4དེ་ནས་སྲུང་མཁན་ཀྱ་ཁོང་ལ་འཇིགས་ཏེ། འདར་ཏེ་མི་གཤིན་པོ་ཅོག་རེ་བྱུང་བ་ལགས།
5ཡིན་ནའང་བང་ཆེན་གྱིས་སྐྱེས་དམན་གཉིས་བོ་ལ་གསུངས་བ་ལགས། མ་འཇིགས། ཁྱེད་གཉིས་བོ་རྒྱང་ཤིང་ཁར་ལ་བཀྲོངས་ཀྱིན་ཡེ་ཤུ་ལ་བཙལ་ལ་ལགས་སྨྲས་རེ་ང་ལ་ཤེས་ཡས་འོད། 6ཁོང་པ་ཡིས་གསུངས་ཀྱིན་ཅོག་རེ། ཁོང་སྐུ་གསོན་པོ་བཞེངས་ཚར་ཏེ་དུ་རུ་མིན་འདུག།ཤོག།ཁོང་པ་བཞག་ས་ས་ཆ་གོ་ལྟོས། 7དེ་ནས་མགྱོགས་སེ་སོང་རེ། ཁོང་པ་ཡི་ཉེ་གནས་ཀྱ་ལ་ཁོང་པ་འཆི་བ་ནས་གསོན་པོ་བཞེངས་ཚར་འདུག་སྨྲས་རེ་ཤོད། དེ་ནས་ཁོང་པ་ཁྱེད་ཀྱ་ནས་ཨེན་ལ་ག་ལིལ་དུ་ཕེབས་ཀྱི་ལགས། དེ་ནས་འོ་དུ་རུ་ཁོང་པ་ལ་མཇལ་གྱི་ལགས་སྨྲས་རེ་ཤོད། ད་ངས་ཁྱེད་ཀྱ་ལ་བཤད་ཚར་འོད།
8ད་ཁོང་ཀྱ་འཇིགས་སྐྲག་དང་དགའ་སྤྲོ་ཡིས་ཁངས་རེ། ལུ་ལུ་དུར་ཁྲོད་ནས་ཉེ་གནས་ཀྱ་རྩ་རུ་བང་བཏང་རེ་བཤད་དུ་སོང་བ་ལགས།
9དེ་ནས་ལམ་སང་ཡེ་ཤུ་ཁོང་ཀྱ་གདོང་དུ་ཕེབས་ཏེ་ཁོང་གཉིས་བོ་ལ་གསུངས་བ་ལགས། ཁྱེད་ཀྱ་ལ་ཞི་བདེ་འོང་བར་ཤོག།དེ་ནས་ཁོང་གཉིས་བོ་ཁོང་པ་ཡི་གདོང་དུ་འོངས་རེ། ཁོང་པ་ཡི་ཞབས་ལ་འཇུས་རེ་ཕྱག་འཚལ་བ་ལགས། 10དེ་ནས་ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་གསུངས་བ་ལགས། ཁྱེད་ཀྱ་མ་འཇིགས། སོང་ལ་ངའི་སྤུན་ཀྱ་ལ་ག་ལིལ་དུ་སོང་སྨྲོས། དེ་ནས་འོ་དུ་རུ་ཁོང་ཀྱ་ཡིས་ང་ལ་མཐོང་གི་ལགས།
སྲུང་མཁན་ཀྱ་ཡིས་ལབ་བཟོས་བ།
11ད་འོ་དེ་སྐྱེས་དམན་གཉིས་བོ་འགྲོའི་གང་ལ། སྲུང་མཁན་ཀྱ་ནས་རིང་འགའ་རྒྱལ་ས་རུ་སོང་རེ། གི་བྱུང་གིན་གི་རི་མཆོད་དཔོན་ཆེ་ལ་བཤད་པ་ལགས། 12དེ་ནས་མཆོད་དཔོན་ཆེ་ཀྱ་རྒན་པ་ཀྱ་མུ་ལ་འཛོམས་ཏེ། གྲོས་བྱས་རེ་དམག་མི་ཀྱ་ལ་དམི་ཅིག་གི་ཨ་ལེ་སྟེར་ཏེ། 13དེ་རེ་སྨྲས་བ་ལགས། ཁོའི་ཉེ་གནས་ཀྱ་མཚན་ལ་འོངས་རེ་འེ་ཀྱ་གཉིད་ཤོར་ཏེ་བསྡད་དེ་གང་ལ། ཁོས་རོ་བརྐུས་རེ་ཁྱེར་ཏེ་ལ་སོང་སྨྲས་རེ་མི་མང་ཀྱ་ལ་ཤོད། 14དེ་ནས་འདི་ལབ་དེ་སྤྱི་ཁྱབ་ཀྱི་ཨམ་མཆོག་རུ་གོ་ན། འེ་ཀྱ་ཡིས་ལབ་སྒྲིག་སྟེ་ཁྱེད་ཀྱ་ལ་རྙོག་གྲ་དེ་ནས་བཏོན་དོ། 15འོ་བྱས་རེ་ཁོང་ཀྱ་ཡིས་ཨ་ལེ་གོ་སྲུང་མཁན་ཀྱ་ཡིས་ཁྱེར་ཏེ་གི་བྱེད་དུ་བཅུག་གིན་གོ་བྱས་བ་ལགས། དེ་ནས་གཏམ་འདི་དི་རིང་ཐུག་པའི་ཡ་ཧུ་དཱ་པ་ཀྱ་ཡི་ཁོག་ཏུ་དར་འོད་ད་ལགས།
མཐའ་མའི་བཀའ་ལོན།
(མར་ཀུ། ༡༦:༡༤-༡༨; ལུ་ཀ། ༢༤:༣༦-༤༩; ཡོ་ཧ་ནན། ༢༠:༦-༨)
16ད་ཉེ་གནས་བཅུ་གཅིག་པ་ཀྱ་ཡེ་ཤུ་ཡིས་གསུངས་ཀྱིན་ཅོག་རེ། ག་ལིལ་གྱི་རི་རུ་སོང་བ་ལགས། 17དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་མཇལ་ལི་གང་ལ། ཁོང་ཀྱ་ཡིས་ཕྱག་འཚལ་བ་ལགས། ཡིན་ནའང་རིང་འགའ་ཡིས་དོགས་པ་བྱས་བ་ལགས། 18དེ་ནས་ཡེ་ཤུ་ཁོང་ཀྱ་རྩ་རུ་ཕེབས་ཏེ་གསུངས་བ་ལགས། གནམ་ས་གཉིས་ཀྱི་དབང་གི་རི་ང་ལ་གནང་འོད་ད་ལགས། 19འོ་བྱས་རེ་སོང་། དེ་ནས་མི་རིགས་གི་རི་ལ་ཉེ་གནས་བཟོས། དེ་ནས་ཡབ་དང་། སྲས་དང་། དམ་པའི་ཐུགས་ཉིད་ཀྱི་མཚན་ནས་ཁོང་ཀྱ་ལ་ཁྲུས་གསོལ་སྟེར། 20དེ་ནས་ངས་ཁྱེད་ཀྱ་ལ་བསླབས་ཀྱིན་བཀའ་གི་རི་སྲུང་ཡས་ལ་ཁོང་ཀྱ་ལ་སློབས། དེ་ནས་མཐའ་ཡི་དུས་ཐུག་པའི་ནམ་ཡིན་ན། ང་ཁྱེད་ཀྱ་མུ་ལ་འོད་སྨྲས་རེ་ཧ་གོ་ར་བྱེད།།

Currently Selected:

མད་ཐཱ། 28: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in