མར་ཀུ། 7
7
ལུགས་སྲོལ་གྱི་སྐོར་ལ།
(མད་ཐཱ། ༡༥:༡-༩)
1ཉིན་མ་གཅིག་ཡེ་རུ་ཤ་ལེམ་ནས་འོངས་བ་ཕཱ་རུ་ཤི་པ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་རིང་འགའ་ཡེ་ཤུ་ཡི་དྲུང་དུ་འཛོམས་མའི་གང་ལ། 2ཁོང་པ་ཡི་ཉེ་གནས་རིང་འགའ་ཡི་ཡ་ཧུ་དཱ་པ་ཆོས་ལུག་ལ་མི་སྒྲིག་གིན་བྱས་རེ་ལག་པ་ཛོར་ར་མ་འཁྲུད་བ་ཟ་གིན་གོ་ཁོང་ཀྱ་ཡིས་མཐོང་བ་ལགས། 3དང་པོའི་ཕ་མ་ཀྱ་ཡི་ལུགས་སྲོལ་ལ་བརྩིས་རེ་ཕཱ་རུ་ཤི་པ་ཀྱ་དང་། ཡ་ཧུ་དཱ་པ་ཀྱ་གི་རི་ལག་པ་འཁྲུད་རེ་མ་ན་ཟ་མ་མེད་ཟ་བ་ལགས། 4དེ་ནས་ཁོང་ཀྱ་ཁྲོམ་ས་ནས་འོང་ན་ལག་པ་འཁྲུད་རེ་མ་ན་མེད་ཟ་བ་ལགས། དོ་རང་འང་ཕོར་ར་དང་། རག་ཟངས་དང་། ཟངས་ཀྱི་སྣོད་ཀྱ་གཙང་མ་བཟོ་གིན་ལུགས་སྲོལ་ཅོག་རེ་གཞན་མ་དམི་ཅིག་གི་མང་ང་ཁོང་ཀྱ་སྲུང་ང་ལགས།
5འོ་བྱས་རེ་ཕཱ་རུ་ཤི་པ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱེད་རང་གི་ཉེ་གནས་ཀྱ་དང་པོའི་ཕ་མ་ཀྱ་ཡི་ལུགས་སྲོལ་མི་སྲུང་བ་ལག་པ་མི་འཁྲུད་བ་གི་བྱས་རེ་ཟ་ལེ།
6དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཟོག་པོ་ཀྱ་ཡི་སྐོར་ལ་ཡེ་ཤ་ཡཱ་མངོན་ཤེས་མཁན་གྱིས་ཏག་བའི་དེ་རེ་བྲིས་འདུག།
འདི་མི་ཀྱ་ཡིས་ང་ལ་ཁ་ནས་གཅིག་ཀ་གུས་ཞབས་བྱེད་ད་ལགས།
ཡིན་ནའང་ཁོང་ཀྱ་ཡི་སེམས་ང་ནས་ཐག་རིང་ང་འདུག
7ང་ལ་ཆོ་མེད་ད་ལ་ཕྱག་མཆོད་པ་བྱེད་ད་ལགས།
ཡིན་ནའང་ཁོང་ཀྱ་ཡི་བསླབ་བྱ་ཀྱ་མི་ཡིས་བསླབས་ལ་ལྟ་བ་གཅིག་ཀ་ལགས།#ཡེ་ཤ་ཡཱ། ༢༩:༡༣
8ཁྱེད་ཀྱ་དཀོན་མཆོག་གི་བཀའ་ལ་བོར་ཏེ་མིའི་ལུགས་སྲོལ་གོ་སྲུང་ང་ལགས།
9ཡེ་ཤུ་ཡིས་ཁོང་ཀྱ་ལ་ཡང་གསུངས་བ་ལགས། ཁྱེད་ཀྱ་རང་གི་ལུགས་སྲོལ་ལ་སྲུང་སྐྱོབ་བྱེད་ཡས་ལ་དཀོན་མཆོག་གི་བཀའ་ཀྱ་ལ་ངོ་ལོག་བྱེད་ཡས་ཀྱི་ལམ་ཁ་དགའ་གཅིག་འབྱོར་འདུག། 10མོ་ཤེས་གསུངས་འོད་ད་ལགས། རང་གི་ཕ་མ་ལ་གུས་ཞབས་བྱེད།#སྡེབ་ཐོན། ༢༠:༡༢; བཀའ་ཁྲིམས། ༥:༡༦ དེ་ནས་རང་གི་ཕ་མ་ཡི་སྐོར་ལ་སྨད་སྤྲ་པབ་མཁན་ཀྱ་ལ་བསད་དགོས་ཀྱི་ལགས།#སྡེབ་ཐོན། ༢༡:༡༧; ལེ་ཝི། ༢༠:༩ 11ཡིན་ནའང་ཁྱེད་ཀྱ་དེ་རེ་སྨྲ་ལགས། མི་གཅིག་གིས་རང་ཕ་མ་ལ་འབུལ་དགོས་ཡས་གོ་ཀོར་བཱན་(དཀོན་མཆོག་ལ་མཆོད་པ་ཕུལ་བ།)ལགས་སྨྲས་རེ་ཕ་མ་ལ་སྨྲ་ན། 12ཁྱེད་ཀྱ་ཡིས་ཁོ་ལ་ཁོ་རི་ཕ་མ་ཡི་ཕྱིར་ལ་གིའང་བྱེད་དུ་མི་བཅུག་བ་ལགས། 13འདུག་བྱས་རེ་ཁྱེད་ཀྱ་ཁྱེད་རི་བརྩིས་རེ་འོངས་བ་ལུགས་སྲོལ་ལ་བསྲུངས་རེ་བཞག་སྟེ། དཀོན་མཆོག་གི་བཀའ་གོ་མེད་ད་ལ་བཏང་ང་ལགས། དེ་ནས་ཁྱེད་ཀྱ་དེ་རེ་ཅོག་རེ་ལས་ཀ་གཞན་མ་ཀྱ་བྱེད་ད་ལགས།
སེམས་ཉིད་ཀྱི་གཙང་མའི་སྐོར་ལ།
(མད་ཐཱ། ༡༥:༡༠-༢༠)
14ཡང་ད་ཡེ་ཤུ་ཡིས་མི་ཚོགས་ལ་ཁོང་པ་རྩ་རུ་བོས་མཛད་དེ་གསུངས་བ་ལགས། ཁྱེད་གི་རི་ང་ལ་ཉན། དེ་ནས་ཧ་གོ་ར་བྱེད། 15ཕི་ནས་ཁོག་པ་ནང་དུ་འཛུལ་གྱིན་གིན་ད་ཡིས་མི་ལ་མེད་གཙང་ང་བཟོ་གི་མ་ལགས། ཡིན་ནའང་ཁོག་པ་ནང་ནས་ཕི་ལ་འཐོན་གྱིན་ཀྱ་ཡིས་མི་ལ་མེད་གཙང་ང་བཟོ་བ་ལགས། 16[ཨམ་མཆོག་འོད་མཁན་ཀྱ་ཡིས་མཉན་ཏེ་ཧ་གོ་ར་ཤོག]#༧:༡༦ གྷི་རིག་དེབ་རིང་འགའ་ལ་འདི་ཚིག་དེ་མེད་ད་ལགས།
17དེ་ནས་མི་མང་ཀྱ་ལ་བོར་ཏེ་ཡེ་ཤུ་ནང་དུ་ཕེབས་བའི་གང་ལ། ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་འོ་དེ་དཔེའི་སྐོར་ལ་ཞུས་བ་ལགས། 18ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱའང་འོ་རེ་གླེན་ད་ལེ། ཕི་ནས་ཁོག་པ་ནང་དུ་འཛུལ་གྱིན་གིན་གྱིས་འང་འོ་དེ་མི་ལ་མེད་གཙང་ང་མེད་བཟོ་གི་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཆ་མེད་དེ། 19གི་བྱས་རེ་སྨྲ་ན་འོ་དེ་ཁོའི་སེམས་ལ་མིན་ད་ཕོ་བ་ལ་འགྲོ་བ་ལགས། དེ་ནས་འོ་དེ་ཕི་ལ་འཐོན་ད་ལགས། (དེ་རེ་གསུངས་རེ་ཡེ་ཤུ་ཡིས་ཟ་མ་གི་རི་གཙང་མ་ལགས་གསུངས་རེ་གསལ་བསྒྲགས་མཛད་པ་ལགས།)
20དེ་ནས་ཁོང་པ་ཡིས་ཡང་གསུངས་བ་ལགས། མིའི་ཁོག་པ་ནང་ནས་འཐོན་གྱིན་གྱིས་ཁོ་ལ་མེད་གཙང་ང་བཟོ་བ་ལགས། 21གི་བྱས་རེ་སྨྲ་ན་མིའི་ཁོག་པ་ནང་ནས་བསམ་བློ་ངན་པ་ཀྱ་དང་། བྱི་པོ་བྱི་མོ་དང་། རྐུ་མ་རྐུ་ཡས་དང་། མི་བསད་ཡས་དང་། 22ལོག་གཡེམ་དང་། ཧམ་པ་དང་། ངན་པ་དང་། མགོ་སྐོར་དང་། འདོད་ཆགས་དང་། ཕྲག་དོག་དང་། ཕྲ་མ་དང་། ང་རྒྱལ་དང་། གླེན་པ་ཀྱ་འཐོན་ད་ལགས། 23དེ་ལས་ཀ་ངན་པ་གི་རི་ཁོག་པ་ནང་ནས་འཐོན་ད་ལགས། དེ་ནས་དེ་ཀྱ་ཡིས་མི་ལ་མེད་གཙང་ང་བཟོ་བ་ལགས།
སི་རི་ཡཱ་ཕོ་ནི་ཀེའི་སྐྱེས་དམན་གཅིག་གི་དད་པ།
(མད་ཐཱ། ༡༥:༢༡-༢༨)
24འོ་དེ་ནས་བཞེངས་ཏེ་ཡེ་ཤུ་ཏཱ་ཨར་དང་སི་དཱོན་གྱི་ཡུལ་ཕྱོགས་ལ་ཕེབས་པ་ལགས། ཁོང་པ་ཁང་པ་ནང་དུ་ཕེབས་པ་ལགས། དེ་ནས་རང་འོ་དུ་རུ་སླེབས་ཀྱིན་གོ་སུ་ལ་ཧ་གོ་ཏུ་བཅུག་ཉིད་མ་འདོད་པ་ལགས། ཡིན་ནའང་རང་ལ་ཡིབས་མ་ཐུབ་པ་ལགས། 25འོ་དེ་གང་ལ་རང་གནོད་པ་འཛུལ་ཛ་བུ་མོ་ཅི་མེ་གཅིག་གི་ཨ་མ་གཅིག་གིས་ཁོང་པ་ཡི་སྐོར་ལ་ཧ་གོ་སྟེ། ཁོང་པ་ཡི་སྐུ་མདུན་དུ་འོངས་རེ་ཕྱག་འཚལ་བ་ལགས། 26ད་མོ་སི་རི་ཡཱའི་ཕོ་ནི་ཀེ་རུ་སྐྱེས་ཀྱ་ཡ་ཧུ་དཱ་པ་མིན་མཁན་སྐྱེས་དམན་གཅིག་ལགས། དེ་ནས་མོ་རི་བུ་མོའི་ནང་གི་གནོད་པ་བཏོན་རོགས་མཛད་སྨྲས་རེ་མོས་ཡེ་ཤུ་ལ་ཞུས་བ་ལགས།
27ཁོང་པ་ཡིས་མོ་ལ་གསུངས་བ་ལགས། དང་པོ་ཕྲུ་བ་ཀྱ་ལ་ཟ་མ་ཟ་རུ་ཆུག། གི་བྱས་རེ་སྨྲ་ན་ཕྲུ་བ་ཡི་ཟ་མ་ཕྲོགས་སྟེ་ཁྱི་ལ་སྟེར་ན་དགའ་མ་ལགས།
28ཡིན་ནའང་མོས་སྨྲས་བ་ལགས། ལགས་གཙོ་བོ། གི་ཡིན་ན་ལྕོག་ཙེའི་འོག་གི་ཁྱི་ཀྱ་ཡིས་འང་ཕྲུ་བ་ཡི་ཟ་མ་ལྷིམ་ལ་ཀྱ་ཟ་ལགས།
29དེ་ནས་ཡེ་ཤུ་ཡིས་མོ་ལ་གསུངས་བ་ལགས། ཁྱོས་དེ་རེ་སྨྲས་རེ་ད་ཁྱོད་ནང་ལ་སོང་། ཁྱོའི་བུ་མོ་ནང་ནས་གནོད་པ་ཐོན་ཚར་འདུག། 30དེ་ནས་མོ་ཁྱིམ་དུ་སླེབས་ཏེ་མོ་རི་བུ་མོ་ནས་གནོད་པ་གོ་ཐོན་ཚར་ཏེ་ཉལ་ས་རུ་ཉལ་རེ་བསྡད་ད་མཐོང་བ་ལགས།
མི་གོ་བ་གཅིག་བཅོས་ག་བྱུང་བ།
31དེ་ནས་ཡེ་ཤུ་ཏཱ་ཨར་ཡུལ་ཕྱོགས་ནས་ལོག་སྟེ་སི་དཱོན་ནས་བྱུང་རེ། དེ་ཀ་པོ་ལིས་ཀྱི་ཡུལ་ཕྱོགས་ནས་ག་ལིལ་གྱི་རྒྱ་མཚོ་ཕྱོགས་ལ་ཕེབས་པ་ལགས། 32འོ་དུ་རུ་མི་ཀྱ་ཡིས་ཨམ་མཆོག་མེད་གོ་གིན་དང་། ལབ་བཏང་མི་ཐུབ་ཀྱིན་མི་གོ་བ་གཅིག་ལ་ཁྱེར་ཏེ་འོངས་རེ། ཁོང་པ་ཡི་ཕྱག་མཛད་དེ་བཅོས་ག་མཛད་རོགས་གནང་སྨྲས་རེ་ཡེ་ཤུ་ལ་ཞུས་བ་ལགས། 33དེ་ནས་ཁོང་པ་ཡིས་ཁོ་ལ་མི་མང་ཀྱ་ནས་ཧ་ལ་འཁྲིད་བ་མཛད་དེ། ཁོའི་ཨམ་མཆོག་ནང་དུ་རང་གི་ཕྱག་མཛུབ་བཅུག་མཛད་པ་ལགས། དེ་ནས་རང་གི་ཕྱག་ལ་ལྗགས་ཆབ་གཏོར་ཏེ་ཁོའི་ལྕེ་མོ་ལ་འཇུས་བ་ལགས། 34དེ་ནས་ཁོང་པ་ཡིས་ནམ་མཁའ་ཕྱོགས་ལ་གཟིགས་ཏེ། དབུགས་ཤུགས་མཛད་དེ་ཁོ་ལ་གསུངས་བ་ལགས། ཨེ་ཕ་ཐ། འོ་དེ་སྨྲ་ན་བས་བར་ཤོག། 35ཨུ་ཀུ་ར་གཅིག་ལ་ཁོའི་ཨམ་མཆོག་བས་བ་ལགས། དེ་ནས་ལྕེ་མོ་གོ་གྲོལ་བ་ལགས། དེ་ནས་ཁོ་ལབ་ཤ་རེ་བཏང་ཐུབ་ཀྱིན་བྱུང་བ་ལགས། 36དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་དེ་ལབ་སུ་ལའང་མ་སྨྲ་ན་གསུངས་རེ་བཀའ་གནང་བ་ལགས། ཡིན་ནའང་ཁོང་པ་ཡིས་གསུངས་ཀྱིན་ནས་ལྷག་ཁོང་ཀྱ་ཡིས་འོ་དེ་ལབ་དེ་བཀྲམ་པ་ལགས། 37ཁོང་ཀྱ་དམི་ཅིག་གི་ཧ་ལས་རེ་སྨྲས་བ་ལགས། ཁོང་པ་ཡིས་གི་རི་བཟང་ང་མཛད་འདུག། ཁོང་པ་ཡིས་ཨམ་མཆོག་མེད་གོ་མཁན་ལ་གོ་གིན་དང་། ལབ་བཏང་མི་ཐུབ་མཁན་ལ་བཏང་ཐུབ་ཀྱིན་མཛད་འདུག །།
Currently Selected:
མར་ཀུ། 7: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society