མད་ཐཱ། 21
21
ཡེ་རུ་ཤ་ལེམ་དུ་ཡེ་ཤུ་ལ་ཕེབས་སུ།
(མར་ཀུ། ༡༡:༡-༡༡; ལུ་ཀ། ༡༩:༢༨-༤༠; ཡོ་ཧ་ནན། ༡༢:༡༢-༡༩)
1དེ་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་ཀྱ་ཡེ་རུ་ཤ་ལེམ་གྱི་ཉེ་འགྲམ་དུ་ཕེབས་ཏེ། སྐྱུར་རུ་ཤིང་གི་རི་རུ་འོད་ཀྱིན་བེད་ཕཱ་གེ་རུ་སླེབས་པ་ལགས། དེ་ནས་ཡེ་ཤུ་ཡིས་ཉེ་གནས་གཉིས་ལ་དེ་རེ་གསུངས་རེ་བརྫངས་བ་ལགས། 2ཁྱེད་ཀྱ་ཡི་གདོང་དུ་འོད་ཀྱིན་ཡུལ་དུ་སོང་། དེ་ནས་འོ་དུ་རུ་སླེབས་ལུང་མེད་ད་ལ། ཁྱེད་ཀྱ་ཡིས་བོང་གུ་གཅིག་རང་གི་བོང་ཕྲུག་མུ་ལ་བཏགས་ཏེ་བཞག་ཞ་རྙེད་ཀྱི་ལགས། འོ་དེ་ཀྱ་ལ་བཀྲོལ་རེ་ངའི་རྩ་རུ་འཁྲིད་དེ་ཤོག 3དེ་ནས་མི་རེས་ཀྱིས་ཁྱེད་ཀྱ་ལ་གཅིག་རེ་སྨྲ་ན་ཁྱེད་གཉིས་བོ་དེ་རེ་སྨྲོས། གཙོ་བོ་ལ་དེ་ཀྱ་དགོས་ལི། དེ་ནས་འོ་དེ་ཡིས་ཁྱེད་ཀྱ་ལ་ལམ་སང་འཁྲིད་དུ་བཅུག་གི་ལགས།
4མངོན་ཤེས་མཁན་གྱི་ཐོག་ནས་དེ་རེ་གསུངས་ཀྱིན་གོ་སྒྲུབ་ཏུ་བཅུག་ཡས་ལ་དེ་རེ་བྱུང་བ་ལགས།
5སི་ཡོན་གྱི་བུ་མོ་ལ་སྨྲོས།
ལྟོས་དང་། ཁྱོའི་རྒྱལ་བོ་གོ་ཉམ་ཆུང་བྱུང་རེ།
བོང་གུ་ཁར་ལ་བོང་གི་བོང་ཕྲུག་གཅིག་ཁར་ལ།
ཁྱོའི་རྩ་རུ་ཕེབས་བའི།#ཟེ་ཀ་རི་ཡཱས། ༩:༩
6དེ་ནས་ཉེ་གནས་གཉིས་བོ་སོང་རེ། ཡེ་ཤུ་ཡིས་གསུངས་ཀྱིན་ཅོག་རེ་བྱས་བ་ལགས། 7དེ་ནས་ཁོང་གཉིས་བོ་ཡིས་བོང་གུ་དང་བོང་ཕྲུག་གོ་ཁྲིད་དེ་འོངས་རེ། རང་གི་གོས་ལག་ཀྱ་འོ་དེ་ཀྱ་ཁར་ལ་བརྒྱབ་སྟེ། དེ་ནས་ཡེ་ཤུ་འོ་དེ་ཁར་ལ་བཅིབས་པ་ལགས། 8མི་ཚོགས་མང་ཆེ་ཡིས་རང་གི་གཟན་གོས་ཀྱ་ལམ་ཁ་ལ་བཏིང་བ་ལགས། དེ་ནས་གཞན་མ་ཀྱ་ཡིས་སྤྱང་མའི་ལོ་མ་ཀྱ་བཅད་དེ་ལམ་ཁ་ལ་བཀྲམ་པ་ལགས། 9དེ་ནས་ཁོང་པ་ཡི་གདོང་དང་རྒྱབ་ལ་རྒྱུག་གིན་མི་ཚོགས་ཀྱ་ཡིས་སྐད་བརྒྱབ་སྟེ་སྨྲས་བ་ལགས།
དཱ་བིད་ཀྱི་སྲས་ལ་ཧོ་ཤ་ཨ་ནཱ།#༢༡:༩ ཧོ་ཤ་ཨ་ནཱ་སྨྲ་ན་ཨིབ་རི་པ་སྐད་ལ་དཀོན་མཆོག་ལ་བསྟོད་སྒྲ་ལགས།
གཙོ་བོའི་མཚན་ནས་ཕེབས་མཁན་ཁོང་པ་གིན་གྱི་བྱིན་རླབས་ཆེ།
མཐོ་ཤོས་རུ་འོད་ཀྱིན་གོ་ལ་ཧོ་ཤི་ཨ་ནཱ།#གསུང་མགུར། ༡༡༨:༢༥-༢༦
10དེ་ནས་ཁོང་པ་ཡེ་རུ་ཤ་ལེམ་དུ་ཕེབས་ཏེ། རྒྱལ་ས་གི་རི་རུ་འདི་སུ་ལེ་སྨྲས་རེ་དམི་ཅིག་གི་གྲགས་སྐད་བྱུང་བ་ལགས། 11དེ་ནས་མི་ཚོགས་ཀྱ་ཡིས་སྨྲས་བ་ལགས། འདི་ནི་ག་ལིལ་གྱི་ན་ཙ་རེད་ནས་ཡིན་གྱིན་མངོན་ཤེས་མཁན་ཡེ་ཤུ་གོ་ལགས།
ཡེ་ཤུ་ཡེ་རུ་ཤ་ལེམ་མཆོད་ཁང་དུ་ཕེབས་པ།
(མར་ཀུ། ༡༡:༡༥-༡༩; ལུ་ཀ། ༡༩:༤༥-༤༨; ཡོ་ཧ་ནན། ༢:༡༣-༢༢)
12ཡེ་ཤུ་དཀོན་མཆོག་གི་མཆོད་ཁང་གི་གཡབ་ཀུ་རུ་ཕེབས་ཏེ། འོ་དུ་རུ་ཚོང་བྱེད་མཁན་ཀྱ་ལ་ཕི་ལ་བཏོན་མཛད་པ་ལགས། དེ་ནས་དངུལ་རྗེ་མཁན་ཀྱ་ཡི་ཅོག་ཙེ་དང་པུང་མོ་བཙོངས་མཁན་ཀྱ་ཡི་རྐུབ་སྐྱགས་ཀྱ་མགོ་རྟིང་སློག་མཛད་པ་ལགས། 13ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའི་ཁང་པ་ནི་སྨོན་ལམ་གྱི་ཁང་པ་སྨྲས་རེ་སྨྲ་གི་ལགས་#ཡེ་ཤ་ཡཱ། ༥༦:༧; ཡེར་མི་ཡཱ། ༧:༡༡སྨྲས་རེ་གསུང་རབ་ལ་བྲིས་འོད་ད་ལགས། ཡིན་ནའང་ཁྱེད་ཀྱ་ཡིས་འདི་ལ་ཇག་པ་ཀྱ་ཡི་ཚང་བཟོ་འདུག།
14ཞ་ར་དང་ཞ་ཀྱོག་ཀྱ་མཆོད་ཁང་དུ་ཁོང་པ་ཡི་གདོང་དུ་འོངས་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་དྲག་གསོ་གནང་བ་ལགས། 15ཡིན་ནའང་ཁོང་པ་ཡིས་དེ་རེ་ཧང་སང་གིན་ཕྱག་ལས་ཀྱ་མཛད་ཀྱིན་གོ་དང་། ཕྲུ་བ་ཀྱ་ཡིས་མཆོད་ཁང་དུ་དཱ་བིད་ཀྱི་སྲས་ལ་ཧོ་ཤ་ཨ་ནཱ་སྨྲས་རེ་སྐད་བརྒྱབ་ཀྱིན་གོ། མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་མཐོང་རེ་ཁོང་ཀྱ་ཞེ་སྡང་ལངས་བ་ལགས།
16དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་དྲིས་བ་ལགས། དེ་ཀྱ་ཡིས་གི་སྨྲིས། ཁྱོས་གོ་རི།
དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། གོ་རི། ཕྲུ་བ་ཀྱ་དང་འོ་མ་འཐུང་གིན་སྨ་ཉག་ཀྱ་ཡི་ཁ་ནས། ཁྱེད་རང་གི་བསྟོད་ར་བྱེད་དུ་བཅུག་འདུག་#གསུང་མགུར། ༨:༢སྨྲས་རེ་གསུང་རབ་ལ་བྲིས་བྲ་གོ་ཁྱེད་ཀྱ་ཡིས་ནམ་མའང་མ་ཀློག་འོད་དེ། 17དེ་ནས་ཁོང་ཀྱ་ལ་བོར་ཏེ་ཁོང་པ་རྒྱལ་ས་ནས་ཐོན་ད་མཛད་དེ་བེད་ཐ་ནི་རུ་ཕེབས་པ་ལགས། དེ་ནས་འོ་དུ་རུ་བཞུགས་པ་ལགས།
འབྲས་བུ་མེད་ཀྱིན་སེ་ཡབ་ཀྱི་སྡོང་པོ།
(མར་ཀུ། ༡༡:༡༢-༡༤,༢༠-༢༤)
18སྔ་རོག་སྔ་ཏི་ཡེ་ཤུ་རྒྱལ་ས་རུ་ལོག་སྟེ་ཕེབས་བའི་གང་ལ་ཁོང་པ་བཀྲེས་བ་ལགས། 19ལམ་ཁའི་ཟུར་ལ་སེ་ཡབ་ཀྱི་སྡོང་པོ་གཟིགས་ཏེ། ཁོང་པ་འོ་དེ་འགྲམ་དུ་ཕེབས་པ་ལགས། ཡིན་ནའང་འོ་དུ་རུ་ལོ་མ་མ་ན་གཞན་མ་གིའང་མ་རྙེད་པ་ལགས། དེ་ནས་ཁོང་པ་ཡིས་འོ་དེ་ལ་གསུངས་བ་ལགས། འདི་ནས་ཧ་ལ་འབྲས་བུ་ནམ་མའང་མ་སྐྱེ་བ་ཤོག། དེ་ནས་ལམ་སང་འོ་དེ་སེ་ཡབ་ཀྱི་སྡོང་པོ་གོ་བསྐམས་པ་ལགས།
20ཉེ་གནས་ཀྱ་ཡིས་འདི་མཐོང་རེ་ཁོང་ཀྱ་ཧ་ལས་རེ་ཁོང་པ་ལ་ཞུས་བ་ལགས། འདི་སེ་ཡབ་ཀྱི་སྡོང་པོ་གང་གི་བྱས་རེ་ལམ་སང་བསྐམས་པ་ལེ།
21དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་བཀའ་ལན་དུ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། དོགས་པ་མི་བྱེད་ད་དད་པ་བྱེད་ན། སེ་ཡབ་ཀྱི་སྡོང་པོ་འདི་ལ་གི་བྱུང་གིན་གོ་གཅིག་ཀ་བྱས་ཐུབ་ཡས་མིན་ད། འདི་རི་དེ་ལ་དེ་ནས་བཀོག་སྟེ་རྒྱ་མཚོ་ནང་ལ་ལྷིམ་སྨྲས་རེ་སྨྲ་ན། འོ་དེ་རེ་རང་འབྱུང་གི་ལགས། 22ཁྱེད་ཀྱ་ལ་དད་པ་འོད་ན། ཁྱེད་ཀྱི་སྨོན་ལམ་ལ་གི་ཞུ་ལི། འོ་དེ་འཐོབ་ཀྱི་ལགས།
ཡེ་ཤུའི་དབང་ཆའི་སྐོར་ལ་དྲི་བ།
(མར་ཀུ། ༡༡:༢༧-༣༣; ལུ་ཀ། ༢༠:༡-༨)
23དེ་ནས་ཡེ་ཤུ་དཀོན་མཆོག་གི་མཆོད་ཁང་ནང་དུ་ཕེབས་ཏེ། འོ་དུ་རུ་ཆོས་གསུངས་བའི་གང་ལ། མཆོད་དཔོན་ཆེ་ཀྱ་དང་མི་མང་ཀྱ་ཡི་རྒན་པ་ཀྱ་ཁོང་པ་རྩ་རུ་བཅར་ཏེ་ཞུས་བ་ལགས། སུའི་དབང་ཆ་ནས་ཁྱོད་དེ་གི་རི་བྱེད་ད། དེ་ནས་དེ་རེ་དབང་ཆ་ཁྱོད་ལ་སུས་སྟེར་སོ།
24ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའང་ཁྱེད་ཀྱ་ལ་དྲི་བ་གཅིག་འདྲི་ཡས་ཡིན། དེ་ནས་ཁྱེད་ཀྱ་ཡིས་ལན་སྟེར་ན། ང་དབང་ཆ་ག་ནས་དེ་གི་རི་བྱེད་ད་ལེ་སྨྲས་རེ་ཁྱེད་ཀྱ་ལ་བཤད་ཡས་ཡིན། 25ཡོ་ཧ་ནན་གྱི་ཁྲུས་གསོལ་འདི་ག་ནས་བྱུང་བ་ལེ། ནམ་མཁའི་ཞིང་ཁམས་ནས་བྱུང་བ་ལེ་ཡང་ན་མི་ནས་བྱུང་བ་ལེ།
དེ་ནས་ཁོང་ཀྱ་ཡིས་ཁོ་རང་ཀྱ་ནང་དུ་གྲོས་བྱས་རེ་དེ་རེ་སྨྲས་བ་ལགས། ནམ་མཁའི་ཞིང་ཁམས་ནས་ལགས་སྨྲ་ན། ཁོས་འོ་རང་ལ་ཁོ་ལ་གི་བྱས་རེ་དད་པ་མི་བྱེད་ད་སྨྲ་གུ་ལགས། 26ཡིན་ནའང་མི་ནས་བྱུང་བ་ལགས་སྨྲས་རེ་སྨྲ་ན། མི་གི་རི་ཡིས་ཡོ་ཧ་ནན་ལ་མངོན་ཤེས་མཁན་ལགས་སྨྲས་རེ་བརྩིས་རེ་འོ་རང་མི་ཚོགས་ལ་འཇིགས་བ་ལགས།
27འོ་བྱས་རེ་ཁོང་ཀྱ་ཡིས་ཡེ་ཤུ་ལ་སྨྲས་བ་ལགས། འེ་ཀྱ་ལ་ཤེས་ཡས་མེད།
དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། དེ་རེ་ཡིན་ན། ང་ཁྱེད་ཀྱ་ལ་དེ་གི་རི་དབང་ཆ་ག་ནས་བྱེད་ད་ལེ་སྨྲས་རེ་མེད་བཤད།
བུ་གཉིས་ཀྱི་དཔེ།
28ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་ཀྱ་ཡི་བསམ་བློ་དེ་ལ་ག་རེ་འོད་དོ། ད་མི་གཅིག་ལ་བི་ཛ་གཉིས་འོད་ད་ལགས། དེ་ནས་ཁོ་བི་ཛ་ཆེ་གོ་རྩ་རུ་སོང་རེ་སྨྲས་བ་ལགས། བི་ཛའོ། སོང་རེ་དི་རིང་རྒུན་འབྲུམ་གྱི་ལྡུམ་ར་རུ་ལས་ཀ་བྱེད་ལེ། 29བི་ཛ་ཡིས་སྨྲས་བ་ལགས། ང་མེད་འགྲོ། ཡིན་ནའང་གཤམ་ལ་ཁོ་འགྱོད་པ་སྐྱེས་རེ་སོང་བ་ལགས། 30དེ་ནས་ཨ་རྒས་ཀྱིས་བི་ཛ་ཆུང་ང་རྩ་རུ་སོང་རེ་འོ་དེ་རེ་རང་སྨྲས་བ་ལགས། དེ་ནས་ཁོས་སྨྲས་བ་ལགས། ངས་འགྲོ་བོ། ཡིན་ནའང་ཁོ་མ་སོང་བ་ལགས། 31ད་དེ་གཉིས་བོ་ནས་ཨ་རྒས་ཁ་ལ་སུས་མཉན་སོ།
ཁོང་ཀྱ་ཡིས་སྨྲས་བ་ལགས། བི་ཛ་ཆེ་ཡིས།
ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྲལ་སྡུད་མཁན་ཀྱ་དང་གཞང་འཚོང་མ་ཀྱ་ཁྱེད་ཀྱ་ནས་ཨེན་ལ་དཀོན་མཆོག་གི་རྒྱལ་སྲིད་དུ་འགྲོ་གི་ལགས། 32གི་བྱས་རེ་སྨྲ་ན་ཁྲུས་གསོལ་མཁན་ཡོ་ཧ་ནན་ཁྱེད་ཀྱ་ལ་དྲང་བདེན་གྱི་ལམ་སྟོན་དུ་འོངས་བ་ལགས། དེ་ནས་ཁྱེད་ཀྱ་ཡིས་ཁོ་ལ་དད་པ་མ་བྱས་བ་ལགས། ཡིན་ནའང་ཁྲལ་སྡུད་མཁན་ཀྱ་དང་གཞང་འཚོང་མ་ཀྱ་ཡིས་ཁོ་ལ་དད་པ་བྱས་བ་ལགས། དེ་ནས་ཁྱེད་ཀྱ་ཡིས་དེ་མཐོང་རེའང་ཁྱེད་ཀྱ་ཡི་སེམས་བསྒྱུར་ཏེ་ཁོ་ལ་དད་པ་མ་བྱས་བ་ལགས།
རྒུན་འབྲུམ་ལྡུམ་རའི་དཔེ།
(མར་ཀུ། ༡༢:༡-༡༢; ལུ་ཀ། ༢༠:༩-༡༩)
33ཡེ་ཤུ་ཡིས་ཡང་གསུངས་བ་ལགས། དཔེ་གཞན་མ་གཅིག་ཉན། ནང་གི་བདག་པོ་གཅིག་གིས་རྒུན་འབྲུམ་ལྡུམ་ར་གཅིག་བཏབ་སྟེ། ཕྱོགས་བཞི་ལ་བར་བསྐོར་པ་ལགས། དེ་ནས་རྒུན་ཆང་བཙིར་བྱེད་བཟོས་རེ་ཐོག་ཁང་གཅིག་བཟོས་བ་ལགས། དེ་ནས་འོ་དེ་ལྡུམ་ར་བོགས་མ་ལ་བཏང་རེ། ཁོ་རང་ཡུལ་གཞན་མ་གཅིག་ལ་སོང་བ་ལགས། 34དེ་ནས་འབྲས་བུ་སྡུད་ཀྱིན་དུས་ཚོད་འོང་ང་རང་། ཁོས་ཁོ་རི་སྐལ་ད་ལེན་དུ་གཡོག་པོ་ཀྱ་ལ་འོ་དེ་བོགས་མ་ལ་ལེན་མཁན་ཀྱ་རྩ་རུ་བཏང་བ་ལགས། 35ཡིན་ནའང་འོ་དེ་ཀྱ་ཡིས་ཁོའི་གཡོག་པོ་ཀྱ་ལ་ཁྲིད་དེ་སོང་རེ་གཅིག་ལ་བརྡུངས། གཅིག་ལ་བསད། དེ་ནས་གཅིག་ལ་རྡོ་གོང་བཞུས་པ་ལགས། 36ལྡབ་ལེ་བདག་པོ་ཡིས་ཨེན་མ་ནས་མང་ང་གཡོག་པོ་ཀྱ་ལ་བརྫངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་ཀྱ་ལ་ཨེན་མ་ཅོག་རེ་བྱས་བ་ལགས།
37དེ་ནས་ཁོང་ཀྱ་ཡིས་ངའི་བི་ཛ་ལ་བརྩིས་གྲོ་སྨྲས་རེ། ཁོས་ཞུག་ལ་ཁོ་རི་བི་ཛ་གོ་བརྫངས་བ་ལགས། 38ཡིན་ནའང་འོ་དེ་བོགས་མ་ལ་ལེན་མཁན་ཀྱ་ཡིས་བི་ཛ་གོ་ལ་མཐོང་རེ་དེ་རེ་སྨྲས་བ་ལགས། འདི་ནི་བརྒྱུད་འཛིན་གོ་ལགས། ཤོག།ཁོ་ལ་བསད་དེ་ཁོའི་ཐོབ་ཐང་གོ་འོ་རང་འཕྲོག་བོ། 39དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཟིམ་ཏེ་ཁྲིད་དེ་སོང་རེ། ལྡུམ་ར་ཕི་ལ་གཡུག་སྟེ་བསད་པ་ལགས།
40ད་ལྡུམ་ར་ཡིས་བདག་པོ་གོ་འོང་བའི་གང་ལ་ཁོས་ཁོང་ཀྱ་ལ་གི་བྱེད་འདིག་འོད་གྲོ།
41ཁོང་ཀྱ་ཡིས་སྨྲས་བ་ལགས། ཁོས་འོ་དེ་ངན་པ་ཀྱ་ལ་སྡུག་པོ་བཏང་རེ་བསད་གྲོ། དེ་ནས་དུས་ཚོད་ལ་ཁོ་རི་ཐོབ་ཐང་འབྲས་བུ་སྟེར་གྱིན་མི་གཞན་མ་ཀྱ་ལ་འོ་དེ་ལྡུམ་ར་གོ་བོགས་མ་ལ་སྟེར་གྲོ།
42ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་གསུང་རབ་ལ་འདི་མ་སྒྲོགས་འོད་དེ།
རྩིག་དཔོན་ཀྱ་ཡིས་སྤངས་རེ་བཞག་ཞ་རྡོ་གོང་གོ།
ཟུར་གྱི་རྡོ་གོང་གཙོ་གོ་བྱུང་འདུག།
འདི་ནི་གཙོ་བོ་ཡིས་མཛད་སྟངས་ལགས། དེ་ནས།
འདི་འོ་རི་དམིགས་བ་ལ་ཡམ་སངས་ང་འདུག#གསུང་མགུར། ༡༡༨:༢༢,༢༣
43འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ནམ་མཁའི་རྒྱལ་སྲིད་དེ་ཁྱེད་ཀྱ་ནས་འཕྲོག་སྟེ་འབྲས་བུ་སྐྱེད་ཀྱིན་མི་རྒྱུད་ཀྱ་ལ་གནང་གི་ལགས། 44དེ་རྡོ་གོང་ཁར་ལ་འགྱེལ་མཁན་གོ་དུམ་བུ་དུམ་བུ་ལ་ཆག་གི་ལགས། དེ་ནས་འོ་དེ་སུའི་ཁར་ལ་ལྷིམ་ན། འོ་དེ་ཡིས་ཁོ་ལ་ལད་ཀྱི་ལགས།
45ད་མཆོད་དཔོན་ཆེ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་དེ་དཔེ་ཀྱ་གོ་རི་གང་ལ། ཁོ་རང་ཀྱ་ཡི་སྐོར་ལ་གསུངས་བའི་སྨྲས་རེ་ཧ་གོ་པ་ལགས། 46དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཟིམ་ཡས་ལ་ཐབ་ཤེས་བྱས་བ་ལགས། ཡིན་ནའང་ཁོང་པ་ལ་མངོན་ཤེས་མཁན་གཅིག་ལགས་སྨྲས་རེ་རྩི་གིན་གོ་ལ་ཁོང་ཀྱ་མི་ཚོགས་མུ་ལ་འཇིགས་པ་ལགས།།
Currently Selected:
མད་ཐཱ། 21: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society