མད་ཐཱ། 20
20
རྒུན་འབྲུམ་ལྡུམ་རའི་མི་ལག་གི་དཔེ།
1ནམ་མཁའི་རྒྱལ་སྲིད་དེ་སྔ་རོག་སྔ་ཏི་སོང་རེ། རང་གི་རྒུན་འབྲུམ་གྱི་ལྡུམ་རའི་ཕྱིར་ལ་མི་ལག་བཙལ་རུ་འགྲོ་གིན་ཁྱིམ་གྱི་བདག་པོ་ཅོག་རེ་ལགས། 2ཞག་མོ་གཅིག་གི་གླ་སྟེར་ཡས་ལ་ཁ་འཆམས་ཏེ། ཁོས་ཁོང་ཀྱ་ལ་ཁོ་རི་རྒུན་འབྲུམ་གྱི་ལྡུམ་ར་རུ་བརྫངས་བ་ལགས། 3ཆུ་ཚོད་དགུ་བ་ཚོད་ལ་ཁོ་ཕི་ལ་འགྲོའི་གང་ལ། ཁོས་ལས་ཀ་མེད་ཀྱིན་མི་གཞན་མ་ཀྱ་ཁྲོམ་ས་རུ་བསྡད་ད་མཐོང་བ་ལགས། 4དེ་ནས་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱའང་རྒུན་འབྲུམ་གྱི་ལྡུམ་ར་རུ་སོང་། དེ་ནས་གླ་སྟེར་དགོས་ཀྱིན་གོ་ངས་ཁྱེད་ཀྱ་ལ་སྟེར་རོ། 5འོ་བྱས་རེ་ཁོང་ཀྱ་སོང་བ་ལགས། དེ་ནས་ལྡབ་ལེ་ཆུ་ཚོད་བཅུ་གཉིས་དང་གསུམ་པ་ལ་ཁོ་ཕི་ལ་ཐོན་ཏེ་འོ་དེ་རེ་རང་བྱས་བ་ལགས། 6དེ་ནས་ཆུ་ཚོད་ལྔ་བ་ཚོད་ལ་ཁོ་ཕི་ལ་ཐོན་ཏེ། ཡང་མི་གཞན་མ་ཀྱ་ལས་ཀ་མེད་ད་ལ་བསྡད་དེ་བཞག་གིན་གོ་མཐོང་བ་ལགས། དེ་ནས་ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་ཉིན་གང་ལས་ཀ་མེད་ད་དུ་རུ་གི་བྱས་རེ་ལངས་རེ་བསྡད་ད། 7ཁོང་ཀྱ་ཡིས་སྨྲས་བ་ལགས། མི་སུས་འང་འེ་ཀྱ་ལ་གླ་ལ་ལས་ཀ་བསྐུལ་གྱི་མིན་འདུག།ཁོས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱའང་རྒུན་འབྲུམ་གྱི་ལྡུམ་ར་རུ་ལས་ཀ་བྱེད་དུ་སོང་།
8ད་དགོང་མོ་བྱུང་བའི་གང་ལ། རྒུན་འབྲུམ་གྱི་ལྡུམ་རའི་བདག་པོ་ཡིས་ཁོ་རི་གཉེར་པ་ལ་བོས་རེ་སྨྲས་བ་ལགས། མི་ལག་ཀྱ་ལ་བོས་རེ་ཁོང་ཀྱ་ལ་གཤམ་ཡོག་ནས་མགོ་འཛུགས་ཏེ་དང་པོ་ཐུག་པའི་གླ་ཆ་སྟེར། 9དེ་ནས་ཆུ་ཚོད་ལྔ་བ་ལ་འོངས་བ་མི་ལག་ཀྱ་འོངས་རེ་ཁོང་ཀྱ་ལ་ཉིན་གང་གི་གླ་ཆ་འབྱོར་པ་ལགས། 10ད་དང་པོ་ལ་འོངས་ཀྱིན་མི་ལག་ཀྱ་ཡིས་ཁོ་རང་ཀྱ་ལ་འདི་ནས་མང་ང་གླ་ཆ་ཐོབ་གྲོ་བསམས་པ་ལགས། ཡིན་ནའང་ཁོང་ཀྱ་ལའང་ཉིན་གང་གི་གླ་ཆ་གཅིག་ཀ་འབྱོར་པ་ལགས། 11དེ་ནས་འོ་དེ་འབྱོར་ཏེ་ཁོང་ཀྱ་ཁྱིམ་གྱི་བདག་པོ་གོ་ལ་ཁ་བཏང་རེ། 12སྨྲས་བ་ལགས། དེ་གཤམ་ཡོག་ལ་འོངས་མཁན་ཀྱ་ཡིས་ཆུ་ཚོད་གཅིག་གཅིག་ཀ་ལས་ཀ་བྱས་བ་ལགས། ཡིན་ནའང་འེ་ཀྱ་ཉིན་མ་ལ་ཚིག་སྟེ་ཉིན་གང་དཀའ་ལས་བརྒྱབ་སྟེའང་། ཁྱེད་རང་གིས་ཁོང་ཀྱ་ལ་འེ་ཀྱ་འདྲ་འདྲ་གླ་ཆ་སྟེར་རི། 13དེ་ནས་བདག་པོ་ཡིས་ཁོང་ཀྱ་ནས་གཅིག་ལ་ལན་བརྒྱབ་པ་ལགས། ཆོས་གྲོགས་བོ། ངས་ཁྱོད་ལ་མེད་དྲང་ང་གིའང་མ་བྱས། ཉིན་གང་གི་གླ་ཆ་འདི་ཚོད་ལ་རང་ཁྱོས་ངའི་མུ་ལ་ཁས་ལེན་པ་མ་ལེ། 14རང་གི་ཐོབ་དང་གོ་ཁྱེར་ཏེ་སོང་། དེ་གཤམ་ལ་འོངས་ཀྱིན་མི་ལག་ཀྱ་ལའང་ཁྱེད་ཀྱ་ལ་ཅོག་རེ་སྟེར་ཡས་ང་འདོད་འདིག་འོད། 15ངའི་ཡིན་གྱིན་གོ་ལ་ང་གི་བྱེད་ཉིད་འདོད་ཀྱིན་གོ་ང་བྱེད་མེད་ཆོག་བ་ལེ། ངས་སྙིང་རྗེ་བྱེད་སྟངས་གོ་ལ་ཁྱོད་ཕྲག་དོག་ལངས་ང་ལེ།
16འོ་བྱས་རེ་གཤམ་ལ་ཡིན་མཁན་ཀྱ་ཨེན་ལ་འབྱུང་གི་ལགས། དེ་ནས་ཨེན་ལ་ཡིན་མཁན་ཀྱ་གཤམ་ལ་ལས་ཀྱི་ལགས།
རང་གི་འཆི་བའི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས་གསུམ་པ།
(མར་ཀུ། ༡༠:༣༢-༣༤; ལུ་ཀ། ༡༨:༣༡-༣༤)
17དེ་ནས་ཡེ་ཤུ་ཡེ་རུ་ཤ་ལེམ་ལ་ཕེབས་བའི་གང་ལ། ཁོང་པ་ཡིས་ཉེ་གནས་བཅུ་གཉིས་ཀྱ་ལ་ཟུར་ལ་འཁྲིད་དེ་ལམ་ཁ་ལ་ཁོང་གིས་ཁོང་ཀྱ་ལ་གསུངས་བ་ལགས། 18ཉན་དང་། འོ་རང་ཀྱ་ཡེ་རུ་ཤ་ལེམ་ལ་འགྲོ་བ་ལགས། དེ་ནས་མིའི་བུ་མཆོད་དཔོན་ཆེ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡི་ལག་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་བསད་ཡས་ཀྱི་ཁྲིམས་བཅད་ཀྱི་ལགས། 19དེ་ནས་ཁོ་ལ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ལག་ལ་འཕྱ་ལས་བརྒྱབ་ཡས་དང་། རྟ་ལྕག་གཞུ་ཡས་དང་། རྒྱང་ཤིང་ལ་བརྐྱང་ཡས་ཀྱི་ཕྱིར་ལ་རྩི་བརྒྱབ་ཀྱི་ལགས། ཡིན་ནའང་ཉིན་མ་གསུམ་པ་གོ་ལ་ཁོ་གསོན་པོ་བཞེངས་ཀྱི་ལགས།
ཨ་མ་གཅིག་གི་ཞུ་བ།
(མར་ཀུ། ༡༠:༣༥-༤༥)
20དེ་ནས་ཟེ་བད་དཱིའི་བི་ཛ་ཀྱ་ཡི་ཨ་མ་གོ། ཁོ་རི་བི་ཛ་ཀྱ་མུ་ལ་ཡེ་ཤུ་དྲུང་དུ་ཞུ་བ་གཅིག་འབུལ་ཡས་ལ་པུས་མོ་ས་ལ་བཙུགས་ཏེ་བསྡད་པ་ལགས། 21དེ་ནས་ཁོང་པ་ཡིས་མོ་ལ་གསུངས་བ་ལགས། ཁྱོད་ལ་གི་དགོས་ལི་བོ།
དེ་ནས་མོས་ཞུས་བ་ལགས། ངའི་བི་ཛ་གཉིས་བོ་འདི་ནས་ཁྱེད་རང་གི་རྒྱལ་སྲིད་དུ་གཅིག་ཁྱེད་རང་གི་གཡས་དང་གཅིག་ཁྱེད་རང་གི་གཡོན་ཕྱོགས་ལ་བསྡད་དུ་བཅུག་ཡས་ལ་བཀའ་གནང་རོགས་མཛད།
22དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཁྱོས་ཞུ་གིན་གྱི་དོན་གོ་ཁྱོད་མེད་ཤེས་ལ་ལགས། ངས་འཐུང་དགོས་ཀྱིན་སྡུག་པོའི་ཕོར་ར་ནས་ཁྱེད་ཀྱ་འཐུང་ཐུབ་བ་བའི།
དེ་ནས་ཁོང་ཀྱ་ཡིས་འཐུང་ཐུབ་ཡས་འོད་སྨྲས་རེ་སྨྲས་བ་ལགས།
23ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའི་ཕོར་ར་ནས་ཁྱེད་ཀྱ་ཡིས་འཐུང་གི་ལགས། ཡིན་ནའང་ངའི་གཡས་དང་གཡོན་ལ་བསྡད་དུ་བཅུག་གིན་གྱི་དབང་ཆ་ང་ལ་མེད། འོ་དེ་ནི་ངའི་ཡབ་ཀྱིས་སུའི་ཕྱིར་ལ་བཤམས་འདུག་འོ་དེའི་ཕྱིར་ལ་རང་ལགས།
24དེ་ནས་གཞན་མ་ཉེ་གནས་བཅུ་ཡིས་འོ་དེ་གོ་རི་གང་ལ། ཁོང་ཀྱ་ཁོང་སྤུན་གཉིས་བོ་མུ་ལ་ཁྲོས་བ་ལགས། 25ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ལ་རང་རྩ་རུ་བོས་རེ་གསུངས་བ་ལགས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་དཔོན་པོ་ཀྱ་ཁོང་ཀྱ་ཁར་ལ་ཁྲིམས་བྱེད་ད་ལགས། དེ་ནས་ཁོང་གི་མི་ཁག་ཆེ་ཀྱ་ཡིས་ཁོང་ཀྱ་ཁར་ལ་དབང་བྱེད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། 26ཁྱེད་ཀྱ་གུང་དུ་དེ་རེ་འབྱུང་གི་མ་ལགས། ཡིན་ནའང་ཁྱེད་ཀྱ་ནས་ཆེ་འབྱུང་ཉིད་འདོད་ཀྱིན་གོ། གི་རིའི་གཡོག་པོ་འབྱུང་དགོས་གུ་ལགས། 27དེ་ནས་ཁྱེད་ཀྱ་ནས་ཨེན་མ་འབྱུང་ཉིད་འདོད་ཀྱིན་གོ། གི་རིའི་བྲན་གཡོག་འབྱུང་དགོས་གུ་ལགས། 28འོ་བྱས་རེ་མིའི་བུ་གོའང་ཞབས་ཕྱི་ལེན་དུ་འོངས་བ་མིན་ད། ཞབས་ཕྱི་ཞུ་རུ་འོང་བ་ལགས། དེ་ནས་མི་མང་ང་ཡི་ཐར་པ་ཡི་ཕྱིར་ལ་རང་གི་སྲོག་འབུལ་རུ་འོང་བ་ལགས།
མི་ཞ་ར་གཉིས་བཅོས་ག་འབྱུང་བ།
(མར་ཀུ། ༡༠:༤༦-༥༢; ལུ་ཀ། ༡༨:༣༥-༤༣)
29དེ་ནས་ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་ཡེ་རི་ཀོ་ནས་ཐོན་ཏེ་ཕེབས་བའི་གང་ལ། མི་ཚོགས་ཆེ་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས། 30དེ་ནས་ལམ་ཁ་ཡི་ཟུར་ལ་བསྡད་ད། ཞ་ར་གཉིས་ཀྱིས་ཡེ་ཤུ་འོ་དེ་ནས་ཕེབས་བའི་སྨྲ་གིན་གོ་གོ་སྟེ་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། གཙོ་བོ། དཱ་བིད་ཀྱི་སྲས། འེ་ཀྱ་ལ་སྙིང་རྗེ་གཟིགས་བ་མཛད། 31མི་ཚོགས་ཀྱིས་ཁོང་གཉིས་བོ་ལ་ཁ་པ་སྡོད་སྨྲས་རེ་ཨང་ཇི་བཏང་བ་ལགས། ཡིན་ནའང་ཁོང་གཉིས་བོ་ཡོལ་ལེ་ཕེ་ར་ཆེ་བརྒྱབ་སྟེ་སྨྲས་བ་ལགས། གཙོ་བོ་ལགས། དཱ་བིད་ཀྱི་སྲས། འེ་གཉིས་བོ་ལ་སྙིང་རྗེ་གཟིགས་རོགས་གནང་།
32དེ་ནས་ཡེ་ཤུ་ཡིས་འཚམས་བཞག་མཛད་དེ་ཁོང་ཀྱ་ལ་བོས་རེ་གསུངས་བ་ལགས། ཁྱིད་ཀྱི་ཕྱིར་ལ་ང་གི་བྱེད་ཀྱིན་གོ་འདོད་འདིག་འོད་དོ།
33ཁོང་ཀྱ་ཡིས་ཞུས་བ་ལགས། གཙོ་བོ། འི་ཀི་མིག་པེ་མཛད་རོགས་གནང་།
34དེ་ནས་ཡེ་ཤུ་ཡིས་སྙིང་རྗེ་སྐྱེས་རེ་ཁོང་ཀྱ་ཡི་མིག་ཁར་ལ་ཕྱག་མཛད་པ་ལགས། དེ་ནས་ལམ་སང་ཁོང་ཀྱ་ཡི་མིག་མཐོང་བ་ལགས། དེ་ནས་ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས།།
Currently Selected:
མད་ཐཱ། 20: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society