ལུ་ཀ། 8
8
ས་ང་བརྒྱབ་ཀྱིན་གྱི་དཔེ།
1དེ་ནས་ཡེ་ཤུ་རྒྱལ་ས་ཀྱ་དང་ཡུལ་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གཏམ་བཟང་གོ་བཤད་དེ་བཤད་དེ་ཕེབས་པ་ལགས། ཁོང་པ་མུ་ལ་ཉེ་གནས་བཅུ་གཉིས་ཀྱ་འོད་ད་ལགས། 2དེ་ནས་གནོད་པ་དང་ན་ཚ་ཀྱ་ནས་བཅོས་ག་བྱུང་བྱ་སྐྱེད་དམན་ཀྱའང་ཁོང་པ་མུ་ལ་འོད་ད་ལགས། ཁོང་ཀྱ་ནས་འདྲེ་བདུན་ཐོན་ད་མག་ད་ལི་ནི་སྨྲ་གིན་མིར་ཡམ། 3དེ་ནས་ཧེ་རོ་དཱེའི་ཁྱིམ་ཚང་གི་གཉེར་པ་ཀུ་སཱའི་སྐྱེད་དམན་ཡོ་ཨ་ནཱ་དང་སུ་སན་ནཱ་དང་གཞན་མ་བུ་མོ་མང་ང་འོད་ད་ལགས། དེ་སྐྱེད་དམན་ཀྱ་ཡིས་རང་གི་རྒྱུ་ནོར་ནས་ཁོང་པ་ཀྱ་ལ་རོགས་བ་བྱེད་ད་ལགས།
4ད་ཡུལ་མང་ང་ནས་མི་ཀྱ་འོངས་རེ་མི་ཚོགས་ཆེ་གཅིག་ཁོང་པ་ཡི་དྲུང་དུ་འཛོམས་ཏེ། ཁོང་པ་ཡིས་ཁོང་ཀྱ་ལ་དཔེ་འདི་གསུངས་བ་ལགས། 5ས་ང་བརྒྱབ་མཁན་གཅིག་ས་ང་བརྒྱབ་ཏུ་ཐོན་པ་ལགས། ས་ང་གཏོར་རི་གང་ལ་རིང་འགའ་ལམ་ཁའི་མཐའ་མ་ལ་ཐོར་པ་ལགས། དེ་ནས་འོ་དེ་ཀྱ་མིའི་རྐང་པ་ཡིས་གླེམ་པ་ལགས། དེ་ནས་བྱ་ཀྱ་ཡིས་བཟས་བ་ལགས། 6རིང་འགའ་ས་ང་ཀྱ་རྡོ་ཧྲུག་ཁོག་ལ་ཐོར་པ་ལགས། དེ་ནས་འོ་དེ་ཀྱ་སྐྱེས་རེ་བཞའ་མེད་ད་ལམ་སང་བསྐམས་པ་ལགས། 7དེ་ནས་རིང་འགའ་ཚེར་མའི་སང་ལ་ཐོར་པ་ལགས། དེ་ནས་འོ་དེ་ཀྱ་མུ་ལ་ཚེར་མ་གོ་འཚར་ཏེ་འོངས་བ་ལགས། དེ་ནས་འོ་དེ་ཀྱ་ལ་བསྣེམས་པ་ལགས། 8དེ་ནས་རིང་འགའ་ས་བཟང་ང་ལ་ཐོར་པ་ལགས། དེ་ནས་འོ་དེ་ཀྱ་འཚར་ཏེ་འབྲས་བུ་ལྡབ་བརྒྱ་སྐྱེས་བ་ལགས།
དེ་གསུངས་ཚར་ཏེ་ཁོང་པ་ཡིས་གསུང་སྐད་ཆེ་ལ་གསུངས་བ་ལགས། ཨམ་མཆོག་འོད་མཁན་ཀྱ་ཡིས་མཉན་ཏེ་ཧ་གོ་ར་ཤོག།
9དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་ཡིས་འདི་དཔེའི་དོན་དག་གོ་གི་ལེ་སྨྲས་རེ་ཁོང་པ་ལ་ཞུས་རེ། 10ཁོང་པ་ཡིས་གསུངས་བ་ལགས། ཁྱེད་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ཡི་ཤེས་རབ་གནང་འོད་ད་ལགས། ཡིན་ནའང་གཞན་མ་ཀྱ་ལ་ང་དཔེ་ནས་སྨྲ་ལགས། འོ་བྱས་རེ་གསུང་རབ་ལ་འོད་ཀྱིན་དེ་བསྒྲུབས་པ་ལགས།
དེ་ཀྱ་ཡིས་བལྟས་རེའང་མེད་མཐོང་གི་ལགས།
དེ་ནས་མཉན་ཏེའང་མེད་གོ་གི་ལགས།#ཡེ་ཤ་ཡཱ། ༦:༩
11ད་དཔེའི་དོན་དག་གོ་ནི་དེ་ལགས། ས་ང་གོ་དཀོན་མཆོག་གི་བཀའ་ལགས། 12ལམ་ཁ་ལ་ཐོར་གྱིན་ས་ང་ཀྱ་བཀའ་གོ་ཚར་མཁན་ཀྱ་ལགས། དེ་ནས་དད་པ་མི་བྱེད་ད་ཤོག། དེ་ནས་མ་སྐྱོབས་བ་ཤོག་སྨྲས་རེ་བདུད་འོངས་རེ་ཁོང་ཀྱ་ཡི་སེམས་ནས་བཀའ་གོ་ཕྲོགས་ཏེ་འགྲོ་བ་ལགས། 13རྡོ་ཧྲུག་ལ་ཐོར་གྱིན་ཀྱ་བཀའ་ལ་མཉན་ཏེ་ཉམ་མོ་དགྱེས་རེ་ལམ་སང་ཁས་ལེན་མཁན་ཀྱ་ལགས། ཡིན་ནའང་འོ་དེའི་རྩ་བ་མེད་ཀྱིན་བྱས་རེ་དུས་ཚོད་ཏི་ཏེ་ཐུག་པའི་དད་པ་བྱེད་ད་ལགས། དེ་ནས་ཚོད་ལྟའི་དུས་ལ་དད་པ་ནས་ལོག་བ་ལགས། 14ཚེར་མའི་སང་ལ་ཐོར་གྱིན་གོ་ཀྱ་བཀའ་ལ་ཉན་ཡས་གོ་མཉན་ཏེ་ཡིན་ནའང་མི་ཚེའི་སྡུང་ང་དང་རྒྱུ་ནོར་དང་འདོད་པ་སྣ་ཚོགས་ཀྱིས་ཁོང་ཀྱ་ལ་སྣེམ་མ་ལགས། དེ་ནས་དེ་ཀྱ་ཡི་འབྲས་བུ་སྐྱེ་མི་ཐུབ་བ་ལགས། 15དེ་ནས་ས་བཟང་པོ་ལ་ཐོར་གྱིན་ཀྱ་བཀའ་ལ་མཉན་ཏེ་སེམས་དྲང་པོ་དང་བཟང་པོ་ནང་དུ་བརྟན་པོ་ཟིམ་མ་ལགས། དེ་ནས་བཟོད་པའི་ཐོག་ནས་འབྲས་བུ་སྟེར་ར་ལགས།
ཀྱུང་གི་དཔེ།
(མར་ཀུ། ༤:༢༡-༢༥)
16སུས་འང་ཀྱུང་སྤར་ཏེ་སྣོད་ཀྱིས་མེད་བཀབ་བ་ལགས། ཡང་ན་ཉལ་ཁྲིའི་འོག་ལ་མེད་བཞག་བ་ལགས། ཡིན་ནའང་ནང་དུ་འོང་མཁན་ཀྱ་ལ་ཀྱ་ཐག་བའི་འོང་བར་ཤོག་སྨྲས་རེ་ས་མཐོ་བ་ལ་བཞག་བ་ལགས། 17གི་བྱས་རེ་སྨྲ་ན་སྦས་རེ་བཞག་ཞ་གི་རི་མཐོང་དུ་བཅུག་གི་ལགས། དེ་ནས་གསང་རེ་བཞག་ཞ་གི་རི་ཧ་གོ་ཏུ་བཅུག་གི་ལགས། 18འོ་བྱས་རེ་ཁྱེད་ཀྱ་ཡིས་གི་ཉན་གྱིན་གོ་ལ་གཟབ་གཟབ་བྱེད། གི་བྱས་རེ་སྨྲ་ན་འོད་མཁན་གོ་ལ་ཡོལ་ལེ་མང་ང་སྟེར་གྱི་ལགས། དེ་ནས་མེད་མཁན་གོ་ལ་ཁོ་ལ་གི་འོད་སྨྲས་རེ་བསམས་ཀྱིན་གོའང་ཁོ་ནས་ཕྲོགས་ཀྱི་ལགས།
ཡེ་ཤུའི་ཡུམ་དང་སྐུ་མཆེད་ཀྱ།
(མད་ཐཱ། ༡༢:༤༦-༥༠; མར་ཀུ། ༣:༣༡-༣༥)
19ཡེ་ཤུའི་ཡུམ་དང་སྐུ་མཆེད་ཀྱ་ཁོང་པ་རྩ་རུ་བཅར་པ་ལགས། ཡིན་ནའང་མི་ཚོགས་ཀྱི་བྱས་རེ་ཁོང་པ་ཡི་དྲུང་དུ་མ་ཐར་པ་ལགས། 20དེ་ནས་ཁོང་པ་ལ་མི་གཅིག་གིས་སྨྲས་བ་ལགས། ཁྱེད་རང་གི་ཡུམ་དང་སྐུ་མཆེད་ཀྱ་ཁྱེད་རང་ལ་མཇལ་རུ་འོངས་རེ་ཕི་ལ་བཞུགས་འདུག།
21ཡིན་ནའང་ཁོང་པ་ཡིས་འོ་དེ་ཀྱ་ལ་གསུངས་བ་ལགས། ངའི་ཨ་མ་དང་ནུ་བོ་ཀྱ་དཀོན་མཆོག་གི་བཀའ་ཉན་གྱིན་དང་འོ་དེ་རྩི་གིན་ཀྱ་ལགས།
ཡེ་ཤུ་ཡིས་རླུང་འཚུབ་ལྷོད་བའི་མཛད་པ།
(མད་ཐཱ། ༨:༢༣-༢༧; མར་ཀུ། ༤:༣༥-༤༡)
22ཉིན་མ་གཅིག་ཡེ་ཤུ་ཁོ་རི་ཉེ་གནས་ཀྱ་ཡི་མུ་ལ་གྲུ་ལ་ཞོན་མཛད་པ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འོ་རང་མཚོའི་ཧ་ཀན་ཕྱོགས་ལ་འགྲོའོ། དེ་ནས་ཁོང་པ་ཀྱ་ཕེབས་པ་ལགས། 23གྲུ་ལ་ཕེབས་བའི་གང་ལ་ཁོང་པ་གཟིམས་མ་མཛད་པ་ལགས། དེ་ནས་མཚོ་ལ་རླུང་འཚུབ་རྒྱུགས་པ་ལགས། གྲུ་གོ་ཆུའི་ཁངས་ཡས་བྱས་རེ་ཁོང་ཀྱ་ལ་འཇིགས་སྐྲག་བྱུང་བ་ལགས།
24དེ་ནས་ཁོང་ཀྱ་ཁོང་པ་བོ་ལོག་ཏུ་འོངས་རེ་དེ་རེ་སྨྲས་རེ་བསླངས་བ་ལགས། སློབ་དཔོན་ལགས། སློབ་དཔོན་ལགས། འོ་རང་བིབ་ཡས་བྱེད་འདིག། ཁོང་པ་བཞེངས་ང་མཛད་དེ་རླུང་འཚུབ་དང་རྦ་རླབས་ལ་བཀའ་བཀྱོན་བཏང་ང་མཛད་པ་ལགས། དེ་ནས་འོ་དེ་གོ་ཆད་དེ་ལྷོད་བའི་བྱུང་བ་ལགས།
25ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡི་དད་པ་ག་རུ་འོད་ད།
དེ་ནས་ཁོང་ཀྱ་འཇིགས་པ་ལགས། དེ་ནས་ཧ་ལས་རེ་གཅིག་གིས་གཅིག་ལ་སྨྲས་བ་ལགས། ཁོང་པ་སུ་ལེ། རླུང་དང་རྦ་རླབས་ལ་བཀའ་གནང་བའི། དེ་ནས་འོ་དེ་ཀྱ་ཡིས་ཁོང་པ་ཡི་བཀའ་མཉན་འདིག།
འདྲེ་འཛུལ་ཛ་མི།
(མད་ཐཱ། ༨:༢༨-༣༤; མར་ཀུ། ༥:༡-༢༠)
26ད་ཁོང་པ་ཀྱ་ག་ལིལ་མཚོའི་ཧ་ཀན་ལ་འོད་ཀྱིན་གེ་ར་སེ་ནེ་ཡུལ་ལ་ཕེབས་པ་ལགས། 27དེ་ནས་མཚོའི་མཐའ་མ་རུ་ཡེ་ཤུ་གྲུ་ནས་འཐོན་མཛད་དེ་རྒྱལ་སའི་འདྲེ་འཛུལ་ཛ་མི་གཅིག་ཐུག་པ་ལགས། འོ་དེ་གོས་ལག་མ་གོན་པ་ནང་དུ་མ་བསྡད་པ་དུར་ཁང་དུ་བསྡད་དེ་ཡུན་རིང་ང་བྱུང་བ་ལགས། 28འོ་དེ་ཡིས་ཡེ་ཤུ་ལ་མཐོང་རེ་ཕེ་ར་བརྒྱབ་སྟེ་ཁོང་པ་ཡི་གདོང་དུ་ཕྱག་འཚལ་བ་ལགས། དེ་ནས་སྐད་བརྒྱབ་སྟེ་སྨྲས་བ་ལགས། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ། ངའི་མུ་ལ་ཁྱེད་རང་གི་འབྲེལ་བ་གི་འོད་དོ། ང་ལ་སྡུག་པོ་བཏང་ང་མ་མཛད་སྨྲས་རེ་ང་ཁྱེད་རང་ལ་ཞུ་བ་འབུལ་ལ་ཡིན། 29གི་བྱས་རེ་སྨྲ་ན་ཁོང་པ་ཡིས་འདྲེ་གོ་ལ་འོ་དེ་མི་ནས་འཐོན་ཏེ་འགྲོ་ཡས་ལ་བཀའ་གནང་ང་མཛད་པ་ལགས། ཁོ་ལ་ཐེངས་མ་དམི་ཅིག་གི་མང་ང་འདྲེ་འདི་ཡིས་ཟིམ་འོད་ད་ལགས། ཁོ་ལ་ལྕགས་ཐག་དང་ལྕགས་སྒྲོག་གིས་བསྡམས་ཏེ་བསྲུངས་རེ་བཞག་འོད་ད་ལགས། ཡིན་ནའང་ཁོས་འོ་དེ་ཀྱ་བཅག་སྟེ། དེ་ནས་འདྲེ་ཡིས་ཁོ་ལ་རི་སྟོང་ཕྱོགས་ལ་ཁྲིད་དེ་འགྲོ་བ་ལགས།
30ཡེ་ཤུ་ཡིས་འོ་དེ་ལ་དྲི་བ་མཛད་པ་ལགས། ཁྱོའི་མིང་གི་ལེ།
དེ་ནས་འོ་དེ་ཡིས་སྨྲས་བ་ལགས། དམག་དཔུང་། གི་བྱས་རེ་སྨྲ་ན་དམི་ཅིག་གི་མང་ང་འདྲེ་ཀྱ་ཁོའི་ནང་དུ་འཛུལ་འོད་ད་ལགས། 31དེ་ཀྱ་ས་གཏིང་དུ་#༨:༣༡ གནོད་པ་དང་བདུད་ཀྱ་བཞག་ས་སའི་ཁོག་ཁོག་ཏུ་འོད་ཀྱིན་དོང་དོང་ཆེ་གོ་ལགས། འདིའི་ནང་དུ་འོ་དེ་ཀྱ་ལ་ཁྲིམས་བཅད་ད་ལགས།འགྲོ་ཡས་ལ་བཀའ་གནང་ང་མ་མཛད་སྨྲས་རེ་ཁོང་པ་ལ་ཞུ་བ་ཕུལ་བ་ལགས། 32འོ་དུ་རུ་རིའི་འགྲམ་དུ་ཕག་ཁྱུ་ཆེ་གཅིག་འཚོས་བའི་འོད་ད་ལགས། དེ་ནས་དེ་ཀྱ་ཡིས་ཕག་ནང་དུ་འཛུལ་རུ་བཅུག་རོགས་མཛད་སྨྲས་རེ་ཁོ་པ་ལ་ཞུ་བ་ཕུལ་བ་ལགས། དེ་ནས་ཁོང་པ་ཡིས་དགོངས་པ་གནང་བ་ལགས། 33དེ་ནས་འདྲེ་ཀྱ་འོ་དེ་མི་ནས་ཐོན་ཏེ་ཕག་ཀྱ་ཡི་ནང་དུ་འཛུལ་བ་ལགས། དེ་ནས་ཕག་ཁྱུ་གོ་རི་གཟར་པོ་ནས་བང་བཏང་རེ་སོང་རེ་མཚོ་ལ་ལྷིམ་པ་ལགས། དེ་ནས་བིབ་སྟེ་ཤི་བ་ལགས།
34ད་ཕག་རྫི་ཀྱ་ཡིས་གི་བྱུང་གིན་གོ་མཐོང་རེ་བྲོས་རེ་སོང་བ་ལགས། དེ་ནས་རྒྱལ་ས་དང་ཡུལ་ཀྱ་ལ་འོ་དེ་ལབ་བཤད་པ་ལགས། 35དེ་ནས་མི་ཀྱ་འོ་དུ་རུ་གི་བྱུང་གིན་གོ་ལྟ་ཡས་ལ་ཡེ་ཤུ་རྩ་རུ་འོངས་བ་ལགས། དེ་ནས་འདྲེ་ཐོན་ཐ་མི་གོ་ཡེ་ཤུའི་ཞབས་ཀྱི་གདོང་ལ་གོས་ལག་གོན་ཏེ་རིག་པ་བརྟན་པོ་བྱུང་རེ་བསྡད་ཀྱིན་གོ་མཐོང་རེ་འོ་དེ་མི་ཀྱ་འཇིགས་པ་ལགས། 36ད་འོ་དེ་མཐོང་ཐ་ཀྱ་ཡིས་འདྲེ་འཛུལ་ཛ་མི་གོ་གང་གི་བྱས་རེ་དྲག་གིན་གོ་དེ་ཀྱ་ལ་བཤད་པ་ལགས། 37དེ་ནས་གེ་ར་སེ་ནེའི་གཡས་གཡོན་གྱི་ཡུལ་གི་རིའི་མི་ཀྱ་ཡིས་ཡེ་ཤུ་ལ་ཁོ་རང་ཀྱ་ཡི་ཡུལ་ནས་ལོག་སྟེ་ཕེབས་བ་མཛད་སྨྲས་རེ་ཞུ་བ་ཕུལ་བ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་དམི་ཅིག་གི་འཇིགས་པ་ལགས། འོ་བྱས་རེ་ཡེ་ཤུ་གྲུ་ལ་ཞོན་ཏེ་ལོག་སྟེ་ཕེབས་པ་ལགས། 38ཡིན་ནའང་འདྲེ་ཐོན་ཐ་མི་ཡིས་ཁོང་པ་མུ་ལ་འགྲོ་ཡས་ལ་ཞུ་བ་ཕུལ་བ་ལགས། ཡིན་ནའང་ཡེ་ཤུ་ཡིས་འོ་དེ་ལ་འདི་གསུངས་རེ་བསློགས་མཛད་པ་ལགས། 39ཁྱོད་ཁྱོད་རི་ནང་ལ་ལོག་སྟེ་སོང་། དེ་ནས་དཀོན་མཆོག་གིས་ཁྱོའི་ཕྱིར་ལ་ཕྱག་ལས་ཆེ་མཛད་ཀྱིན་གོ་ཤོད།
དེ་ནས་ཁོ་སོང་རེ་ཡེ་ཤུའི་ཁོའི་ཕྱིར་ལ་མཛད་ཀྱིན་ཕྱག་ལས་ཆེའི་སྐོར་ལ་ཡུལ་གི་རི་རུ་བཤད་པ་ལགས།
ཡའི་རོ་སིའི་བུ་མོ་དང་སྐྱེས་དམན་ནད་པ་གཅིག།
(མད་ཐཱ། ༩:༡༨-༢༦; མར་ཀུ། ༥:༢༡-༤༣)
40ཡེ་ཤུ་ལོག་སྟེ་ཕེབས་བའི་གང་ལ་མི་ཚོགས་ཀྱི་ཁོང་པ་ལ་ཕེབས་བསུ་ཞུས་བ་ལགས། གི་བྱས་རེ་སྨྲ་ན་དེ་ཀྱ་གི་རི་ཁོང་པ་ལ་སྒུག་སྟེ་བསྡད་འོད་ད་ལགས། 41དེ་ནས་ཡའི་རོ་སི་སྨྲ་མཁན་ཚོགས་ཁང་གི་དཔོན་པོ་གཅིག་གིས་ཡེ་ཤུ་ལ་ཕྱག་འཚལ་རེ་ཁོ་རི་ནང་དུ་ཕེབས་ཡས་ལ་ཞུས་བ་ལགས། 42གི་བྱས་རེ་སྨྲ་ན་ཁོས་ལོ་བཅུ་གཉིས་སླེབས་ལ་བུ་མོ་གཅིག་ཀ་ར་གོ་ཤི་གུ་བྱེད་འདིག་འོད་ད་ལགས། ཡེ་ཤུ་ཕེབས་བའི་གང་ལ་མི་ཚོགས་ཀྱི་ཁོང་པ་ལ་འཚང་ཁ་བརྒྱབ་པ་ལགས།
43དེ་ནས་འོ་དུ་རུ་ལོ་བཅུ་གཉིས་ནས་ཁྲག་འཛག་ན་ཚའི་སྐྱེས་དམན་གཅིག་འོད་ད་ལགས། མོས་མོ་རང་ལ་འོད་ཀྱིན་གི་རི་ཨེམ་རྗེ་ཀྱ་ལ་ཕུལ་རེའང་མོ་ལ་སུས་འང་བཅོས་མ་ཐུབ་པ་ལགས། 44དེ་ནས་མོ་ཁོང་པ་ཡི་རྒྱབ་ཕྱགས་ནས་འོངས་རེ་ཁོང་པ་ཡི་གོས་ཀྱི་སྣེ་མོ་གཅིག་ལ་འཇུས་བ་ལགས། དེ་ནས་ལམ་སང་མོའི་ཁྲག་གོ་ཆད་པ་ལགས།
45དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ང་ལ་འཇུ་མཁན་གོ་སུ་ལེ།
དེ་ནས་མི་གི་རི་ཡིས་ཁས་མེད་ལེན་ཏེ་གང་ལ་པེ་ཏྲོ་ཡིས་ཞུས་བ་ལགས། སློབ་དཔོན་ལགས། མི་ཚོགས་ཀྱ་ཁྱེད་རང་ལ་མཐའ་བསྐོར་ཏེ་འཚང་ཁ་བརྒྱབ་བའི།
46ཡིན་ནའང་ཡེ་ཤུ་ཡིས་གསུངས་བ་ལགས། མི་གཅིག་གིས་ང་ལ་འཇུས་སོང་། གི་བྱས་རེ་སྨྲ་ན་ང་ནས་ཤུགས་ཐོན་ཏེ་འགྲོ་གིན་ངས་ཚོར་བྱུང་། 47ད་མོ་རང་ཡིབས་མི་ཐུབ་ཀྱིན་གོ་མཐོང་རེ་མོ་འདར་རི་འདར་རི་འོངས་བ་ལགས། དེ་ནས་ཁོང་པ་ཡི་དྲུང་དུ་ཕྱག་འཚལ་རེ་མི་མང་གི་རིའི་གདོང་དུ་ཁོང་པ་ལ་མོས་འཇུ་གིན་གྱི་དོན་དག་གོ་དང་མོ་ལམ་སང་བཅོས་ག་བྱུང་གིན་གྱི་སྐོར་ལ་བཤད་པ་ལགས།
48དེ་ནས་ཁོང་པ་ཡིས་མོ་ལ་གསུངས་བ་ལགས། བུ་མོ། ཁྱོའི་དད་པ་ཡིས་ཁྱོད་ལ་བཅོས་ག་བྱས་བ་ལགས། ད་ཞི་བདེ་ལ་སོང་།
49ཁོང་པ་བཀའ་མོལ་གསུངས་བའི་གང་ལ་ཚོགས་ཁང་གི་དཔོན་པོའི་ནང་ནས་མི་གཅིག་འོངས་རེ་སྨྲས་བ་ལགས། ཁྱེད་རང་གི་བུ་མོ་གྲོངས་སོང་། ད་སློབ་དཔོན་ལ་དཀའ་ལས་བཏང་ང་མ་མཛད།
50ཡིན་ནའང་ཡེ་ཤུ་ཡིས་དེ་གསན་ཏེ་ཡའི་རོ་སི་ལ་གསུངས་བ་ལགས། མ་འཇིགས། དད་པ་གཅིག་ཀ་བྱེད། དེ་ནས་མོ་དྲག་གུ་ལགས། 51དེ་ནས་ཁོང་པ་ཡའི་རོ་སིའི་ནང་ལ་ཕེབས་ཏེ་པེ་ཏྲོ་དང་། ཡོ་ཧ་ནན་དང་། ཡ་ཀོབ་དང་། བུ་མོའི་ཕ་མ་ལ་མ་ན་གཞན་མ་སུ་ལ་ནང་དུ་འཛུལ་རུ་མ་བཅུག་པ་ལགས།
52མི་གི་རི་ངུ་བརྡ་བརྒྱབ་སྟེ་མོའི་ཕྱིར་ལ་སྡུག་བསྲུངས་བའི་འོད་ད་ལགས། ཡིན་ནའང་ཁོང་པ་ཡིས་གསུངས་བ་ལགས། མ་ངུ། མོ་མ་ཤི་འོད་ད་ལགས། ཡིན་ནའང་མོ་ཉལ་རེ་བསྡད་འོད་ད་ལགས། 53འོ་དེ་བུ་མོ་ཤི་གིན་གོ་ཤེས་རེ་ཁོང་ཀྱ་ཁོང་པ་ལ་དགོད་ཤོར་པ་ལགས།
54ཡིན་ནའང་ཁོང་པ་ཡིས་མོའི་ལག་པ་ནས་ཟིམ་ཏེ་གསུངས་བ་ལགས། བུ་མོ། ལོངས། 55དེ་ནས་མོ་གསོན་པོ་བྱུང་རེ་མོ་ཐེངས་གཅིག་ལ་ལངས་བ་ལགས། དེ་ནས་ཁོང་པ་ཡིས་མོ་ལ་ཟ་ཡས་རེས་སྟེར་སྨྲས་རེ་གསུངས་བ་ལགས། 56མོའི་ཕ་མ་ཀྱ་ཧང་སངས་བ་ལགས། ཡིན་ནའང་གི་བྱུང་གིན་གོ་སུ་ལ་མ་བཤད་སྨྲས་རེ་ཁོང་པ་ཡིས་དེ་ཀྱ་ལ་བཀའ་གནང་བ་ལགས།།
Currently Selected:
ལུ་ཀ། 8: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society