YouVersion Logo
Search Icon

ལུ་ཀ། 7

7
བརྒྱ་དཔོན་གྱི་དད་པ།
(མད་ཐཱ། ༨:༥-༡༣)
1ཡེ་ཤུ་ཡིས་བཀའ་གི་རི་མི་ཀྱ་ལ་གསུངས་ཚར་ཏེ་ཁོང་པ་ཀཱ་ཕར་ན་ཧུམ་དུ་ཕེབས་པ་ལགས། 2འོ་དུ་རུ་བརྒྱ་དཔོན་གཅིག་ལ་གཡོག་པོ་དྲིན་ཅན་གཅིག་འོད་ད་ལགས། དེ་ནས་ཁོ་ནད་པ་བྱུང་རེ་ཤི་གུ་བྱེད་འདིག་འོད་ད་ལགས། 3ཡེ་ཤུའི་སྐོར་ལ་བརྒྱ་དཔོན་གྱིས་ཧ་གོ་སྟེ་ཁོ་རི་གཡོག་པོ་ལ་བཅོས་ག་བྱེད་ཡས་ལ་ཡ་ཧུ་དཱ་པ་རྒན་པ་ཀྱ་ལ་ཡེ་ཤུ་ལ་ཞུ་རུ་བརྫངས་བ་ལགས། 4དེ་ནས་ཁོང་ཀྱ་ཡེ་ཤུ་རྩ་རུ་འོངས་རེ་ཁོང་པ་ལ་ཞུ་བོ་ཕུལ་བ་ལགས། བརྒྱ་དཔོན་འདི་ལ་ཁྱེད་རང་གི་རོགས་རམ་འཐོབ་ན་སྒྲིག་ཡས་འོད་ད་ལགས། 5གི་བྱས་རེ་སྨྲ་ན་ཁོ་འི་ཀི་མི་རིགས་ལ་བརྩེ་བ་བྱེད་ད་ལགས། དེ་ནས་ཁོས་འི་ཀི་ཚོགས་ཁང་གོའང་བརྩིགས་པ་ལགས། 6དེ་ནས་ཡེ་ཤུ་ཁོང་ཀྱ་མུ་ལ་ཕེབས་པ་ལགས།
ཁོང་པ་བརྒྱ་དཔོན་གྱི་ཁང་པ་བོ་ལོག་ཏུ་འོད་དེ་གང་ལ་བརྒྱ་དཔོན་གྱིས་ཁོ་རི་རོགས་བ་ཀྱ་ལ་དེ་སྨྲ་ཡས་ལ་བརྫངས་བ་ལགས། གཙོ་བོ། དཀའ་ལས་མ་མཛད་རོགས་གནང་། གི་བྱས་རེ་སྨྲ་ན་ང་ཁྱེད་རང་ལ་ངའི་ནང་དུ་ཕེབས་བསུ་ཞུ་རིན་ཁ་ཡས་མེད། 7འོ་བྱས་རེ་ང་ཁྱེད་རང་རྩ་རུ་བཅར་རིན་ཁ་ཡས་མེད། ཡིན་ནའང་ཁྱེད་རང་གིས་བཀའ་གོ་གནང་རོགས་མཛད། དེ་ནས་ངའི་གཡོག་པོ་དྲག་གི་ལགས། 8གི་བྱས་རེ་སྨྲ་ན་ངའང་མི་གཞན་མའི་དབང་གི་འོག་ཏུ་འོད། དེ་ནས་ངའི་འོག་ལ་དམག་མི་ཀྱ་འོད། ངས་གཅིག་ལ་སོང་སྨྲ་ན་ཁོ་འགྲོ་བ་ལགས། དེ་ནས་གཞན་མ་གཅིག་ལ་ཤོག་སྨྲ་ན་ཁོ་འོང་ང་ལགས། དེ་ནས་ངས་གཡོག་པོ་ལ་དེ་བྱེད་སྨྲ་ན་ཁོས་འོ་དེ་བྱེད་ད་ལགས།
9དེ་གི་རི་གསན་ཏེ་ཡེ་ཤུ་ཧང་སངས་བ་ལགས། དེ་ནས་ཁོང་པ་ཡི་གཤམ་ལ་འབྲངས་ཀྱིན་མི་ཚོགས་ཕྱོགས་ལ་ཞལ་བསྒྱུར་ཏེ་གསུངས་བ་ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། ངས་ཡིས་ར་ཨེལ་ནང་དུའང་དེ་རེ་དད་པ་འོད་ཀྱིན་མི་མ་མཐོང་། 10དེ་ནས་ཁོས་བརྫངས་ཛ་རོགས་བ་ཀྱ་ཁང་པ་ལ་ལོག་སྟེ་འོངས་བའི་གང་ལ་གཡོག་པོ་གོ་དྲག་ཚར་གྱིན་ཐུག་པ་ལགས།
ཡུགས་ས་མའི་བི་ཛ་ཡེ་ཤུ་ཡིས་གསོན་པོ་མཛད་པ།
11འོ་དེ་གཤམ་ནས་ཡེ་ཤུ་ནཱ་ཨིན་སྨྲ་གིན་ཡུལ་ལ་ཕེབས་པ་ལགས། དེ་ནས་ཁོང་པ་ཡི་ཉེ་གནས་ཀྱ་དང་མི་ཚོགས་ཆེ་གཅིག་ཁོང་པ་མུ་ལ་སོང་བ་ལགས། 12ཁོང་པ་འོ་དེ་ཡུལ་གྱི་སྒོའི་བོ་ལོག་ཏུ་ཕེབས་བའི་གང་ལ། ཡུགས་ས་མ་གཅིག་གི་བི་ཛ་གཅིག་ཀ་རའི་ཕུང་པོ་གོ་ཁྱེར་ཏེ་འགྲོའི་འོད་ད་ལགས། འོ་དེ་ཡུལ་གྱི་མི་ཚོགས་ཆེ་གཅིག་མོའི་མུ་ལ་འོད་ད་ལགས། 13དེ་ནས་གཙོ་བོ་ཡེ་ཤུ་ཡིས་མོ་ལ་གཟིགས་ཏེ་ཁོང་པའི་སེམས་སྙིང་རྗེ་ཡིས་ཁངས་རེ་མོ་ལ་གསུངས་བ་ལགས། མ་ངུ།
14དེ་ནས་ཁོང་པ་བོ་ལོག་ཏུ་ཕེབས་ཏེ་ཕུང་པོ་འོད་ཀྱིན་འཁྱོགས་ཤིང་ལ་འཇུ་བ་མཛད་པ་ལགས། དེ་ནས་ཕུང་པོ་ཁྱེར་མཁན་ཀྱ་སྒུག་པ་ལགས། དེ་ནས་ཁོང་པ་ཡིས་གསུངས་བ་ལགས། ཁྱོག་ཐོང་ཁྱོད། ང་ཁྱོད་ལ་ལོངས་སྨྲ་ཡིན། 15དེ་ནས་གཤིན་པོ་གོ་ལངས་རེ་ལབ་བཏང་བ་ལགས། དེ་ནས་ཡེ་ཤུ་ཡིས་ཁོ་ལ་ཁོ་རི་ཨ་མ་ལ་རྩིས་བརྒྱབ་མཛད་པ་ལགས།
16དེ་ནས་མི་གི་རི་དམི་ཅིག་གི་འཇིགས་ཏེ་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་རེ་སྨྲས་བ་ལགས། འོ་རི་གུང་དུ་མངོན་ཤེས་མཁན་ཁག་ཆེ་གཅིག་ཐོན་འདུག། དེ་ནས་དཀོན་མཆོག་གིས་ཁོ་རི་མི་རིགས་ལ་ཐུགས་རྗེ་གཟིགས་འདུག། 17ཁོང་པ་ཡི་སྐོར་ལ་འདི་ལོ་རྒྱུས་དེ་ཡུ་དེ་ཡཱ་དང་གཡས་གཡོན་གི་རི་ལ་ཁྱབ་པ་ལགས།
ཡེ་ཤུ་དང་ཁྲུས་གསོལ་མཁན་ཡོ་ཧ་ནན།
(མད་ཐཱ། ༡༡:༢-༡༩)
18ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་ཉེ་གནས་ཀྱ་ཡིས་ཡེ་ཤུ་ཡིས་མཛད་ཛ་ཕྱག་ལས་གི་རི་ཁོ་ལ་བཤད་པ་ལགས། དེ་ནས་ཡོ་ཧ་ནན་གྱིས་ཁོ་རི་ཉེ་གནས་ཀྱ་ནས་གཉིས་ལ་བོས་རེ། 19གཙོ་བོ་རྩ་རུ་དེ་རེ་སྨྲས་རེ་བརྫངས་བ་ལགས། ཕེབས་གུ་ལགས་སྨྲ་གིན་གོ་ཁྱེད་རང་རང་ཡིན་ནས། ཡང་མེད་ན་འེ་གཞན་མ་གཅིག་ལ་སྒུག་གུའི།
20འོ་དེ་མི་ཀྱ་ཡེ་ཤུ་རྩ་རུ་བཅར་ཏེ་ཞུས་བ་ལགས། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་འེ་ལ་དེ་རེ་སྨྲས་རེ་ཁྱེད་རང་རྩ་རུ་བཏང་སོང་། ཕེབས་གུ་ལགས་སྨྲ་གིན་གོ་ཁྱེད་རང་རང་ཡིན་ནས། ཡང་མེད་ན་འེ་གཞན་མ་གཅིག་ལ་སྒུག་གུ།
21དེ་ནས་འོ་དེ་གང་ལ་རང་ཡེ་ཤུ་ཡིས་ན་ཚ་ཀྱ་དང་། ཟུག་ཀྱ་དང་། གནོད་པ་ཀྱ་འོད་ཀྱིན་མི་མང་ང་ལ་བཅོས་ག་མཛད་པ་ལགས། དེ་ནས་ཞ་ར་མང་ང་ལ་མཐོང་གིན་མཛད་པ་ལགས། 22དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། སོང་ལ་ཁྱེད་ཀྱ་ཡིས་མཐོང་གིན་དང་གོ་གིན་གོ་ཡོ་ཧ་ནན་ལ་ཤོད། ཞ་ར་ཀྱ་ཡིས་མཐོང་བའི། ཞ་ཀྱོག་བ་ཀྱ་གོམ་པ་བཙུགས་བའི། མཛེ་ནད་ཀྱ་དག་བའི། གུ་ཀྱག་ཀྱ་གོ་རི། གཤིན་པོ་ཀྱ་གསོན་པོ་ལངས་བའི། དེ་ནས་གཏམ་བཟང་གོ་དབུལ་སྤྲེ་ཀྱ་ལ་བཤད་འདུག། 23ང་ལ་བལྟས་རེ་དད་པ་ནས་མེད་ལོག་མཁན་ཀྱ་བྱིན་རླབས་ཆེ་ཡིན།
24ཡོ་ཧ་ནན་གྱིས་བརྫངས་ཛ་ཉེ་གནས་ཀྱ་ལོག་ཚར་ཏེ། ཁོང་པ་ཡིས་མི་ཚོགས་ལ་ཡོ་ཧ་ནན་གྱི་སྐོར་ལ་གསུངས་བ་ལགས། རི་སྟོང་དུ་ཁྱེད་ཀྱ་གི་ལྟ་རུ་སོང་བ། རླུང་པོ་ཡིས་འགུལ་གྱིན་རྩྭ་ལ་ལྟ་རུ་སོང་བ། 25འོ་དེ་མིན་ན་ཁྱེད་ཀྱ་རི་སྟོང་དུ་གི་ལྟ་རུ་སོང་བ། གོས་འཇམ་པོ་གོན་གྱིན་མི་ལ་ལྟ་རུ་སོང་བ། གོས་སྤུས་མ་གོན་གྱིན་དང་སྐྱི་ད་བྱས་རེ་བསྡད་མཁན་ཀྱ་རྒྱལ་བོའི་ཕོ་བྲང་དུ་འོད་ད་ལགས། 26ད་ཧ་ན་ཁྱེད་ཀྱ་གི་ལྟ་རུ་སོང་བ། མངོན་ཤེས་མཁན་གཅིག་ལ་ལྟ་རུ། ལགས། ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ཡིས་མངོན་ཤེས་མཁན་ནས་ལྷག་གཅིག་ལ་ལྟ་རུ་སོང་བ་ལགས། 27ཁོ་འོ་དེ་རང་ལགས། སུའི་ཕྱིར་ལ་དེ་རེ་བྲིས་འོད་ད་ལགས།
ལྟོས་དང་། ཁྱོད་ནས་ཨེན་ལ་ཁྱོའི་ཕེབས་ལམ་བྲ་སྒྲིག་བྱེད་ཡས་ལ།
ང་ངའི་བང་ཆེན་ཁྱོའི་གདོང་དུ་བརྫངས་ང་ཡིན།
28ང་ཁྱེད་ཀྱ་ལ་སྨྲ་ཡིན། སྐྱེས་དམན་ཀྱ་ནས་སྐྱེས་ཀྱ་ཡོ་ཧ་ནན་ལ་ཁག་ཆེ་སུའང་མེད་ད་ལགས། ཡིན་ནའང་དཀོན་མཆོག་གི་རྒྱལ་སྲིད་ལ་ཆུང་ཤོས་གོ་ཁོ་ནས་འང་ཆེ་ལགས། 29དེ་ནས་མི་གི་རི་དང་ཁྲལ་སྡུད་མཁན་ཀྱ་ཡིས་དེ་གོ་སྟེ་ཡོ་ཧ་ནན་གྱི་ལག་ཀ་ནས་ཁྲུས་གསོལ་ལེན་ཏེ་དཀོན་མཆོག་གི་དྲང་བདེན་ལ་ཁས་ལེན་པ་ལགས། 30ཡིན་ནའང་ཕཱ་རུ་ཤི་པ་ཀྱ་དང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་ཁོ་ནས་ཁྲུས་གསོལ་མ་ལེན་པ། དཀོན་མཆོག་གི་ཐུགས་དགོངས་རང་གི་ཕྱིར་ལ་ཁས་མ་ལེན་པ་ལགས།
31ཡེ་ཤུ་ཡིས་གསུངས་བ་ལགས། དུས་རབས་འདིའི་མི་ཀྱ་ལ་ང་གིན་གྱི་མུ་ལ་སྡུར་ཡས། དེ་ཀྱ་སུ་ཅོག་རེ་ལེ། 32དེ་ཀྱ་ཁྲོམ་ལ་གཅིག་གཅིག་ལ་དེ་རེ་སྨྲས་རེ་སྐད་བརྒྱབ་ཀྱིན་ཕྲུ་བ་ཀྱ་ཅོག་རེ་འདུག།
འེ་ཀྱ་ཡིས་ཁྱོའི་ཕྱིར་ལ་གླིང་བུ་བཏང་བའི། དེ་ནས་ཁྱོས་གར་རྩེ་གི་མིན་འདུག།
འེ་ཀྱ་ཡིས་སྡུག་གླུ་བཏང་བའི། དེ་ནས་ཁྱོད་ངུ་གི་མིན་འདུག།
33ཁྲུས་གསོལ་མཁན་ཡོ་ཧ་ནན་གྱང་ག་མེད་ཟ། ཆང་མ་འཐུང་བ་ཕེབས་པ་ལགས། དེ་ནས་ཁྱེད་ཀྱ་ཡིས་ཁོ་ལ་འདྲེ་འཛུལ་འདུག་སྨྲས་བ་ལགས། 34མིའི་བུ་ཟ་འཐུང་བྱས་རེ་འོངས་བ་ལགས། དེ་ནས་ཁྱེད་ཀྱ་ཡིས་ཁོ་ལ། ལྟོས་དང་། ཕོ་ཙང་ང་། ཆང་དུ་བ། ཁྲལ་སྡུད་མཁན་ཀྱ་དང་སྡིག་ཅན་ཀྱ་ཡི་རོགས་བ་སྨྲས་རེ་སྨྲས་བ་ལགས། 35ཡིན་ནའང་ཤེས་རབ་ཡང་དག་པ་ཡིན་གྱིན་གོ་འདི་ཕྲུ་བ་ཀྱ་ཡིས་ཁུང་བསྐྱལ་ལ་ལགས།
སྐྱེད་དམན་སྡིག་ཅན་གཅིག་ལ་དགོངས་ཡངས།
36ཕཱ་རུ་ཤི་པ་ཀྱ་ནས་གཅིག་གིས་ཡེ་ཤུ་ལ་མགྲོན་ལ་བོས་བ་ལགས། དེ་ནས་ཁོང་པ་འོ་དེ་ཕཱ་རུ་ཤི་པའི་ནང་དུ་ཕེབས་ཏེ་ཞལ་ལག་བཞེས་ཡས་ལ་བཞུགས་པ་ལགས། 37འོ་དེ་རྒྱལ་སའི་སྐྱེད་དམན་སྡིག་ཅན་གཅིག་གིས་ཡེ་ཤུ་འོ་དེ་ཕཱ་རུ་ཤི་པའི་ནང་དུ་བཞུགས་གྲལ་ལ་བཞུགས་འདུག་སྨྲས་རེ་གོ་སྟེ། རྡོ་ཀ་མ་རུའི་བུམ་པ་གང་སྤོས་ཆུ་ཁྱེར་ཏེ་འོ་དུ་རུ་འོངས་བ་ལགས། 38དེ་ནས་ཡེ་ཤུའི་རྒྱབ་ཕྱོགས་ལ་ཁོང་པ་ཡི་ཞབས་དུ་ལངས་རེ་ངུས་རེ་བསྡད་པ་ལགས། དེ་ནས་མོའི་མིག་ཆུ་ཡིས་ཁོང་པ་ཡི་ཞབས་རློན་པ་བཟོས་རེ་མོ་རི་སྐྲ་ཡིས་འོ་དེ་མིག་ཆུ་ཕི་བ་ལགས། དེ་ནས་ཁོང་པ་ཡི་ཞབས་ལ་འོ་བྱས་རེ་སྤོས་ཆུ་གོ་བྲུ་བ་ལགས།
39ཁོང་པ་ལ་མགྲོན་ལ་བོས་ཀྱིན་ཕཱ་རུ་ཤི་པ་ཡིས་འདི་མཐོང་རེ་ཁོ་རི་སེམས་ནང་དུ་དེ་རེ་བསམས་པ་ལགས། འདི་མི་དེ་མངོན་ཤེས་མཁན་གཅིག་ཡིན་ན། ཁོ་རང་ལ་འཇུ་མཁན་སྐྱེད་དམན་གོ་སུ་དང་ག་རེ་གཅིག་ལེ་སྨྲས་རེ་ཧ་གོ་ཡས་འོད་ད་ལགས། གི་བྱས་རེ་སྨྲ་ན་མོ་སྡིག་ཅན་གཅིག་ལགས།
40དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། སི་མོན། ང་ཁྱོད་ལ་ལབ་གཅིག་སྨྲ་ཡས་འོད།
དེ་ནས་ཁོས། རྒན་ལགས། གསུངས་རོགས་གནང་། སྨྲས་རེ་ཞུས་བ་ལགས།
41བུ་ལོན་བཏང་མཁན་བདག་པོ་གཅིག་ལ་བུ་ལོན་འབྲད་ཀྱིན་མི་གཉིས་འོད་ད་ལགས། གཅིག་གིས་དངུལ་གྱི་ཊམ་ཀ་ལྔ་བརྒྱ་དང་གཞན་མ་ཡིས་ལྔ་བཅུ་བུ་ལོན་བསྐྱིས་བ་ལགས། 42ཡིན་ནའང་ཁོང་གཉིས་བོ་ཡིས་བུ་ལོན་ཇང་མ་ཐུབ་གང་ལ། བདག་པོ་ཡིས་ཁོང་གཉིས་ཀ་ར་ཡི་བུ་ལོན་གོ་བསལ་པ་ལགས། ད་འདི་གཉིས་བོ་ནས་སུས་ཁོ་ལ་བརྩེ་བ་མང་ང་བྱེད་ཀྱི་ལེ།
43དེ་ནས་སི་མོན་གྱིས་སྨྲས་བ་ལགས། ངའི་བསམ་བློ་ལ་བུ་ལོན་མང་ང་བསལ་གྱིན་གྱིས།
དེ་ནས་ཁོང་པ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོས་དྲང་པོ་སྨྲས་སོང་།
44དེ་ནས་འོ་དེ་སྐྱེད་དམན་ཕྱོགས་ལ་གཟིགས་ཏེ་ཁོང་པ་ཡིས་སི་མོན་ལ་གསུངས་བ་ལགས། འདི་སྐྱེད་དམན་ལ་མཐོང་བའི། ང་ཁྱོའི་ནང་དུ་འཛུལ་རེ་ཁྱོས་ང་ལ་རྐང་པ་འཁྲུད་ཀྱིན་ཆུ་སྟེར་གྱི་མིན་འདུག། ཡིན་ནའང་མོས་ངའི་རྐང་པ་མོ་རི་མིག་ཆུ་ཡིས་ཁྲུས་རེ་མོ་རི་སྐྲ་ཡིས་འཕི་སོང་། 45ཁྱོས་ང་ལ་འོ་བྱས་ཀྱི་མིན་འདུག། ཡིན་ནའང་ང་འོངས་ནས་ཧ་ལ་མོས་ངའི་རྐང་པ་ལ་འོ་བྱས་ཡས་འབོར་གྱི་མིན་འདུག། 46ཁྱོས་ངའི་མགོ་བ་ལ་སྣུམ་བྲུ་གི་མིན་འདུག། ཡིན་ནའང་མོས་ངའི་རྐང་པ་ལ་སྤོས་ཆུ་བླུགས་སོང་། 47འོ་བྱས་རེ་ང་ཁྱོད་ལ་སྨྲ་ཡིན། མོའི་སྡིག་པ་མང་ང་གོ་ལ་བསལ་ཚར་ར་ལགས། གི་བྱས་རེ་སྨྲ་ན་མོས་མང་ང་བརྩེ་བ་བྱས་བ་ལགས། ཡིན་ནའང་དགོངས་ཡངས་ཉུང་ང་ཐོབ་མཁན་གྱིས་བརྩེ་བ་ཉུང་ང་བྱེད་ད་ལགས།
48དེ་ནས་ཁོང་པ་ཡིས་མོ་ལ་གསུངས་བ་ལགས། ཁྱོའི་སྡིག་པ་ཀྱ་བསལ་སོང་།
49བཞུགས་གྲལ་ལ་བསྡད་མཁན་ཀྱ་ཡིས་ཁོ་རང་ཀྱ་ནང་དུ་སྨྲས་བ་ལགས། སྡིག་པ་བསལ་གྱིན་འདི་སུ་ལེ།
50དེ་ནས་ཁོང་པ་ཡིས་འོ་དེ་སྐྱེད་དམན་ལ་གསུངས་བ་ལགས། ཁྱོད་རི་དད་པ་ཡིས་ཁྱོད་ལ་སྐྱོབ་པ་ལགས། ད་ཞི་བདེ་ལ་སོང་།།

Currently Selected:

ལུ་ཀ། 7: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in