YouVersion Logo
Search Icon

ལུ་ཀ། 2

2
ཡེ་ཤུ་འཁྲུང་བ།
(མད་ཐཱ། ༡:༡༨-༢༥)
1འོ་དེ་གང་ལ་རྒྱལ་བོ་ཀེ་སར་ཨུ་རྒ་སི་ཏོ་ཡིས་རོམ་རྒྱལ་ཁབ་གི་རིའི་མིང་མང་ཀྱ་ལ་མིང་ཐོ་བརྒྱབ་ཡས་ལ་བཀའ་སྟེར་པ་ལགས། 2དེ་ནི་སི་རི་ཡཱ་ཡུལ་གྱི་དཔོན་པོ་ཀུ་རེ་ནུ་འོད་དེ་གང་ལ་མི་འབོར་བཅུག་གིན་འགོ་མ་གོ་ལགས། 3དེ་ནས་མི་གི་རི་མིང་ཐོ་བརྒྱབ་ཡས་ལ་མི་རེ་མི་རེ་རྒྱལ་ས་ལ་སོང་བ་ལགས།
4འོ་བྱས་རེ་ཡོ་སེབ་ག་ལིལ་གྱི་ན་ཙ་རེད་ཡུལ་ནས་ཡུ་དེ་ཡཱའི་བེད་ལེ་ཧེམ་སྨྲ་གིན་དཱ་བིད་རྒྱལ་བོའི་རྒྱལ་ས་ལ་སོང་བ་ལགས། གི་བྱས་རེ་སྨྲ་ན་ཁོ་དཱ་བིད་ཀྱི་ནང་དང་བརྒྱུད་པ་ནས་ལགས། 5མིང་ཐོ་བརྒྱབ་ཡས་ལ་ཁོ་ཁོ་རི་མནའ་མ་ལ་བསླངས་ཚར་ས་མིར་ཡམ་ལ་ཁྲིད་དེ་སོང་བ་ལགས། འོ་དེ་གང་ལ་མོའི་ཕོ་བ་ལ་ཕྲུ་འོད་ད་ལགས། 6ཁོང་ཀྱ་འོ་དུ་རུ་འོད་དེ་གང་ལ་རང་མིར་ཡམ་གྱི་ཕྲུ་སྐྱེས་གིན་དུས་ཚོད་བྱུང་བ་ལགས། 7དེ་ནས་མོའི་བི་ཛ་དང་པོ་གོ་སྐྱེས་བ་ལགས། བི་ཛ་གོ་ལ་རས་གཅིག་བསྒྲིལ་རེ་སོས་གོག་ནང་དུ་བཞག་པ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་གཉེར་ཚང་གཡར་གྱིན་མ་འབྱོར་པ་ལགས།
རྫི་བོ་ཀྱ་དང་ནམ་མཁའི་བང་ཆེན་ཀྱ།
8འོ་དེ་ཡུལ་གྱི་མཐའ་སྐོར་ལ་མཚན་མོ་ཐང་གར་རུ་རང་གི་ལུག་ཁྱུ་ཀྱ་བསྲུངས་རེ་བསྡད་ཀྱིན་རྫི་བོ་ཀྱ་འོད་ད་ལགས། 9དེ་ནས་གཙོ་བོའི་བང་ཆེན་གཅིག་འོ་དུ་རུ་ཁོང་ཀྱ་རྩ་རུ་མཇལ་བ་ལགས། དེ་ནས་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ཁོང་ཀྱ་ཡི་ཕྱོགས་བཞི་ལ་ཁྱབ་སྟེ་ཁོང་ཀྱ་དམི་ཅིག་གི་འཇིགས་པ་ལགས། 10དེ་ནས་ནམ་མཁའི་བང་ཆེན་གྱིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་མ་འཇིགས། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་མི་གི་རིའི་ཆེད་དུ་ཉམ་མོ་དགའ་རུ་བཅུག་གིན་གཏམ་བཟང་གཅིག་འཁྱེར་ཏེ་འོང་བ་ཡིན། 11དི་རིང་དཱ་བིད་རྒྱལ་བོའི་རྒྱལ་ས་ལ་ཁྱེད་རང་ཀྱ་ཡི་ཆེད་དུ་སྐྱབས་མགོན་གཅིག་འཁྲུངས་འདུག། ཁོང་པ་ནི་གཙོ་བོ་མཱ་ཤི་ཀ་གོ་ལགས། 12ཁྱེད་ཀྱ་ལ་ཁོང་གི་རྟགས་གོ་དེ་ལགས། ཁྱེད་ཀྱ་ཡིས་ཕྲུ་གཅིག་ལ་རས་ཀྱིས་བསྒྲིལ་རེ་སོས་གོག་ནང་དུ་ཉལ་རེ་བཞག་ཞ་མཇལ་གུ་ལགས། 13དེ་ནས་ཧ་ཏག་པ་ལ་འོ་དེ་ནམ་མཁའི་བང་ཆེན་གོ་རྩ་རུ་གཞན་མ་དམི་ཅིག་གི་མང་ང་ནམ་མཁའི་བང་ཆེན་ཀྱ་ཕེབས་པ་ལགས། དེ་ནས་དཀོན་མཆོག་ལ་བསྟོད་སྒྲ་བཏང་རེ་བསྟོད་གླུ་དེ་ཕུལ་བ་ལགས།
14མཐོ་ཤོས་ལ་བཞུགས་མཁན་དཀོན་མཆོག་ལ་བསྟོད་སྒྲ།
དེ་ནས་འཛམ་བུ་གླིང་དུ་ཁོང་པ་ཐུགས་མཉེས་བོ་མཛད་ཀྱིན་མི་ཀྱ་ལ་ཞི་བདེ་འོང་བར་ཤོག།
15ནམ་མཁའི་བང་ཆེན་ཀྱ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཏེ་རྫི་བོ་ཀྱ་ཡིས་ཁོ་རང་ཀྱ་གུང་དུ་སྨྲས་བ་ལགས། འོ་རང་ལ་གཙོ་བོ་ཡིས་གསུངས་ཀྱིན་ལབ་དེ་ལྟ་རུ་དང་། འོ་དུ་རུ་བྱུང་བྱ་གོ་ལྟ་རུ་འོ་རང་བེད་ལེ་ཧེམ་དུ་འགྲོ། 16དེ་ནས་ཁོང་ཀྱ་ཚ་དྲག་བྱས་རེ་སོང་བ་ལགས། དེ་ནས་མིར་ཡམ་དང་ཡོ་སེབ་དང་སོས་གོག་ནང་དུ་ཉལ་རེ་བཞག་ཞ་ཕྲུ་བི་ཛ་གོ་ལ་མཇལ་བ་ལགས། 17དེ་ནས་རྫི་བོ་ཀྱ་ཡིས་ཕྲུ་བི་ཛ་ཡི་སྐོར་ལ་ནམ་མཁའི་བང་ཆེན་གྱིས་གསུངས་ཀྱིན་ལབ་ཀྱ་གི་རི་ཁོང་ཀྱ་ལ་བཤད་པ་ལགས། 18རྫི་བོ་ཀྱ་ཡིས་སྨྲས་སྨྲ་ལབ་གོ་མཁན་གི་རི་ཧང་སངས་བ་ལགས། 19ཡིན་ནའང་མིར་ཡམ་གྱིས་འོ་དེ་ལབ་གི་རི་བསམ་བློ་གཏིང་ནས་བཏང་རེ་སེམས་ནང་དུ་བཞག་པ་ལགས། 20དེ་ནས་ནམ་མཁའི་བང་ཆེན་གྱིས་གསུངས་ཀྱིན་ཅོག་རེ་རྫི་བོ་ཀྱ་ཡིས་གོར། དེ་ནས་མཐོང་བྱས་རེ་ཁོང་ཀྱ་དཀོན་མཆོག་ལ་གཟི་བརྗིད་དང་བསྟོད་སྒྲ་འབུལ་ལི་འབུལ་ལི་ལོག་པ་ལགས།
ཡེ་ཤུ་ཡེ་རུ་ཤ་ལེམ་དུ།
21ཕྲུ་སྐྱེ་གིན་གྱི་ཞག་མོ་བརྒྱད་གོ་ལ་ལྤགས་བོ་བཅད་ཀྱིན་སྲོལ་གོ་འགྲུབ་སྟེ། ཕྲུའི་མཚན་ལ་ཡེ་ཤུ་སྨྲས་རེ་བཏགས་པ་ལགས། འདི་མཚན་གོ་ནམ་མཁའི་བང་ཆེན་གྱིས་ཨེན་དུ་རུ་མིར་ཡམ་གྱི་ཕོ་བ་ལ་ཕྲུ་ཆགས་བའི་གང་ལ་གནང་བ་ལགས།
22མོ་ཤེའི་ཆོས་ཁྲིམས་ལ་འོད་ཀྱིན་ཅོག་རེ་ཁོང་ཀྱ་གཙང་མ་འབྱུང་ཡས་དུས་ཚོད་བྱུང་བ་ལགས། འོ་བྱས་རེ་ཡེ་ཤུའི་ཕ་མ་ཀྱ་ཡིས་ཁོང་པ་ལ་དཀོན་མཆོག་རྩ་རུ་འབུལ་ཡས་ལ་ཡེ་རུ་ཤ་ལེམ་དུ་ཁྱེར་ཏེ་སོང་བ་ལགས། 23དེའི་སྐོར་ལ་དཀོན་མཆོག་གི་ཆོས་ཁྲིམས་ལ་དེ་རེ་བྲིས་འོད་ད་ལགས། དང་པོ་སྐྱེས་ཀྱིན་ཕྲུ་བི་ཛ་གོ་གཙོ་བོའི་ཕྱིར་ལ་དམ་པ་བརྩི་གི་ལགས། 24དེ་ནས་གཙོ་བོའི་ཆོས་ཁྲིམས་ལ་བྲིས་བྲ་ཅོག་རེ་ཐི་བ་ཆ་གཅིག་ཡང་མེད་ན་པུང་མོ་ཅི་མེ་གཉིས་གཙོ་བོ་དཀོན་མཆོག་ལ་འབུལ་དགོས་ལ་ལགས། འོ་བྱས་རེ་ཁོང་ཀྱ་འོ་དེ་འབུལ་རུ་སོང་བ་ལགས།
སི་མེ་ཡོན་གྱིས་ཡེ་ཤུ་ལ་མཇལ་བ།
25ད་སི་མེ་ཡོན་སྨྲ་གིན་མི་དྲང་པོ་དང་དཀོན་མཆོག་ལ་རྩི་གིན་གཅིག་ཡེ་རུ་ཤ་ལེམ་དུ་འོད་ད་ལགས། ཁོ་ནི་ཡིས་ར་ཨེལ་པ་ཀྱ་ལ་སེམས་གསོ་གནང་མཁན་གོ་ཕེབས་ཡས་དུས་ལ་གུག་སྟེ་བསྡད་འོད་ད་ལགས། དེ་ནས་དམ་པའི་ཐུགས་ཉིད་ཁོའི་མུ་ལ་འོད་ད་ལགས། 26གཙོ་བོའི་མཱ་ཤི་ཀ་ལ་མ་མཇལ་གྱིན་ཐུག་པའི་ཁྱོད་ཤི་གུ་མ་ལགས་སྨྲས་རེ། དམ་པའི་ཐུགས་ཉིད་ཀྱིས་ཁོ་ལ་ཨེན་དུ་རུ་མངོན་མཛད་འོད་ད་ལགས། 27ད་དམ་པའི་ཐུགས་ཉིད་ནས་སེམས་ཤུགས་འབྱོར་ཏེ་སི་མེ་ཡོན་མཆོད་ཁང་ནང་དུ་སོང་བ་ལགས། དེ་ནས་ཆོས་ཁྲིམས་ལ་རྟེན་ཏེ་བྱེད་དགོས་ཡས་སྲོལ་གོ་བྱེད་ཡས་ལ། མིར་ཡམ་དང་ཡོ་སེབ་ཀྱིས་ཡེ་ཤུ་ལ་ཁྱེར་ཏེ་འོ་དུ་རུ་འོང་འོད་ད་ལགས། 28དེ་ནས་སི་མེ་ཡོན་གྱིས་ཕྲུ་གོ་ལ་པང་དུ་ལེན་ཏེ་དཀོན་མཆོག་ལ་དེ་རེ་བསྟོད་པ་ཕུལ་བ་ལགས།
29ད་གཙོ་བོ་ཁྱེད་རང་གིས་བཀའ་གནང་ན་ཅོག་རེ།
ཁྱེད་རང་གི་གཡོག་པོ་ལ་ཞི་བདེའི་ཐོག་ནས་འགྲོ་རུ་བཅུག་རོགས་གནང་།
30-31གི་བྱས་རེ་སྨྲ་ན་མི་རིགས་གི་རིའི་གདོང་དུ་བཀོད་མཛད་ཛ།
ཁྱེད་རང་གི་ཐར་པ་གོ་ལ་ངའི་མིག་གིས་མཐོང་སོང་།
32ཁོང་ནི་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཕྱིར་ལ་ཁྱེད་རང་གི་ཐུགས་དགོངས་མངོན་ཡས་དང་།
ཁྱེད་རང་གི་མི་རིགས་ཡིས་ར་ཨེལ་པ་ཀྱ་ཡི་ཆེད་དུ་གཟི་བརྗིད་འབྱུང་ཡས་འོད་གོ་ལགས།
33དེ་ནས་ཕྲུའི་ཕ་མ་ཀྱ་ཁོང་གི་སྐོར་ལ་གསུངས་ཀྱིན་ལབ་དེ་གོ་སྟེ་ཧང་སངས་བ་ལགས། 34དེ་ནས་སི་མེ་ཡོན་གྱིས་ཁོང་གཉིས་བོ་ལ་བྱིན་རླབས་གནང་རེ་བི་ཛའི་ཨ་མ་མིར་ཡམ་ལ་སྨྲས་བ་ལགས། འདི་བི་ཛ་དེ་ཡིས་ར་ཨེལ་དུ་མི་མང་ང་ལ་རྫོགས་དུ་བཅུག་ཡས་དང་། མི་མང་ང་ལ་སྐྱོབས་ཡས་ལ་དཀོན་མཆོག་གིས་བདམས་མ་མཛད་པ་ལགས། དེ་ནས་ངོ་ལོག་བྱེད་ཀྱིན་གྱི་རྟགས་ཀྱི་ཕྱིར་ལ་བདམས་མ་མཛད་པ་ལགས། 35འོ་བྱས་རེ་མི་མང་ཆེའི་སེམས་ཀྱི་བསམ་བློ་ཀྱ་མངོན་སུམ་དུ་མཐོང་གི་ལགས། དེ་ནས་ཁྱོའི་སེམས་རལ་གྲི་ཡིས་འཛུགས་ཀྱིན་ཅོག་རེ་སྡུག་གི་ལགས།
ཧན་ནཱ་ཡིས་ཡེ་ཤུ་ལ་མཇལ་བ།
36ད་ཨ་ཤེར་བརྒྱུད་པའི་ཕཱ་ནུ་ཨེལ་གྱི་བུ་མོ་ཧན་ནཱ་སྨྲ་གིན་མངོན་ཤེས་མཁན་ཨི་བི་རྒས་མོ་གཅིག་འོ་དུ་རུ་འོད་ད་ལགས། མོ་མནའ་མ་སོང་རེ་ལོ་བདུན་ཐུག་པའི་མོ་རི་ཁྱོ་ག་མུ་ལ་བསྡད་པ་ལགས། 37དེ་ནས་མོ་ལོ་བརྒྱད་ཅུ་གྱ་བཞི་སླེབས་ཀྱིན་ཐུག་པའི་ཡུགས་ས་མ་བྱུང་བ་ལགས། མོ་མཆོད་ཁང་བོར་ཏེ་མནའ་མ་ལ་མ་སོང་བ་ལགས། ཡིན་ནའང་སྨྱུང་གནས་ལ་བཞུགས་ཏེ་གསོལ་བ་བརྒྱབ་སྟེ་ཉིན་གང་མཚན་གང་དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ་རེ་བསྡད་ད་ལགས། 38དེ་ནས་འོ་དེ་གང་ལ་ཧན་ནཱ་མིར་ཡམ་དང་ཡོ་སེབ་ཀྱི་བོ་ལོག་ཏུ་འོངས་རེ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཕུལ་བ་ལགས། དེ་ནས་ཡེ་རུ་ཤ་ལེམ་གྱི་ཐར་པ་གནང་མཁན་གོ་ལ་སྒུག་སྟེ་བསྡད་ད་གི་རི་ལ་མོས་ཕྲུའི་སྐོར་ལ་བཤད་པ་ལགས།
39དེ་ནས་གཙོ་བོའི་ཆོས་ཁྲིམས་ལ་རྟེན་ཏེ་བྱེད་དགོས་ཀྱིན་སྲོལ་གི་རི་བསྒྲུབས་ཚར་ཏེ། མིར་ཡམ་དང་ཡོ་སེབ་ཡེ་ཤུ་ལ་ཁྱེར་ཏེ་ག་ལིལ་གྱི་ཁོ་རི་ཡུལ་ན་ཙ་རེད་ལ་ལོག་སྟེ་སོང་བ་ལགས། 40དེ་ནས་ཕྲུ་གོ་འཚར་ཏེ་ཤུགས་ཆེ་བྱུང་བ་ལགས། ཁོང་པ་ནི་ཤེས་རབ་ཀྱིས་ཁངས་བ་ལགས། དེ་ནས་དཀོན་མཆོག་གི་ཐུགས་རྗེ་ཁོང་པ་ཡི་ཐོག་ལ་འོད་ད་ལགས།
ཕྲུ་ཡེ་ཤུ་མཆོད་ཁང་དུ།
41ལོ་གྲངས་བའི་ཡེ་ཤུའི་ཕ་མ་ཀྱ་ཡེ་རུ་ཤ་ལེམ་དུ་ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་#༢:༤༡ དཀོན་མཆོག་གིས་ཡིས་ར་ཨེལ་པ་ཀྱ་ལ་ཨེ་ཇེབ་ཏུ་བྲན་གཡོག་ནས་ཐར་པ་གནང་གིན་དུས་ཆེན་ལགས།གི་དུས་ཆེན་ལ་འགྲོ་བ་ལགས། 42དེ་ནས་ཡེ་ཤུ་དགུང་ལོ་བཅུ་གཉིས་སླེབ་བའི་གང་ལ་འོ་དེ་སྲོལ་ལ་རྟེན་ཏེ་ཁོང་པ་ཀྱ་དུས་ཆེན་གོ་ལ་སོང་བ་ལགས། 43འོ་དེ་དུས་ཆེན་གོ་རྫོགས་ཏེ་ཡེ་ཤུའི་ཕ་མ་ཀྱ་ཁོ་རི་ཁྱིམ་ལ་ལོག་སྟེ་འགྲོའི་གང་ལ་ཡེ་ཤུ་ཡེ་རུ་ཤ་ལེམ་དུ་རང་བསྡད་པ་ལགས། ཡིན་ནའང་ཁོང་པ་ཡི་ཕ་མ་ཀྱ་ཡིས་འོ་དེ་མ་ཚོར་པ་ལགས། 44ཁོང་པ་གཞན་མ་རོགས་བ་ཀྱ་ཡི་མུ་ལ་རང་འོད་གྲོ་བསམས་ཏེ་ཁོང་ཀྱ་ཉིན་མ་གཅིག་གི་འགྲུལ་གོ་བརྒྱབ་པ་ལགས། དེ་ནས་ཁོང་པ་ཡི་ཕ་མ་ཡིས་ཁོང་པ་ལ་སྤུན་ཟླ་དང་རོགས་བ་ཀྱ་ཡི་ཁོག་ལ་བཙལ་བ་ལགས། 45ཡིན་ནའང་ཁོང་པ་ལ་ག་རུའང་མ་རྙེད་པ་ཁོང་ཀྱ་ཡེ་ཤུ་ལ་བཙལ་རུ་ཡེ་རུ་ཤ་ལེམ་ལ་ལོག་པ་ལགས། 46ཞག་མོ་གསུམ་གཤམ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་མཆོད་ཁང་ནང་དུ་ཡ་ཧུ་དཱ་པ་མཆོད་དཔོན་ཀྱ་མུ་ལ་བཞུགས་ཏེ། ཁོང་ཀྱ་ཡི་ལབ་མཉན་ཏེ་ཁོང་ཀྱ་ལ་དྲི་བ་འདྲི་རེ་བཞུགས་ཀྱིན་གོ་ཐུག་པ་ལགས། 47ཉན་མཁན་གི་རི་ཁོང་པ་ཡི་ཤེས་རབ་དང་ཁོང་པ་ཡི་ལན་ཀྱ་ལ་ཧང་སངས་བ་ལགས། 48ཁོང་པ་ལ་འོ་དུ་རུ་མཐོང་རེ་ཁོང་པ་ཡི་ཕ་མ་ཀྱ་ཧ་ལས་བ་ལགས། དེ་ནས་ཁོང་པ་ཡི་ཡུམ་མིར་ཡམ་གྱིས་སྨྲས་བ་ལགས། བི་ཛའོ། ཁྱོད་འེ་ལ་དེ་རེ་གི་བྱེད་ད་ལེ། ལྟོས་དང་། ཁྱོའི་ཨ་རྒས་དང་ང་དམི་ཅིག་གི་དངངས་སྐྲག་སྐྱེས་རེ་ཁྱོད་ལ་བཙལ་རེ་བསྡད་པའི།
49ཡེ་ཤུ་ཡིས་ཕ་མ་ལ་གསུངས་བ་ལགས། ཁྱེད་ཀྱ་ང་ལ་གི་བྱས་རེ་བཙལ་ལ་ལེ། ང་ང་རི་ཡབ་ཀྱི་ཕོ་བྲང་དུ་བསྡད་དགོས་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མེད་ད་ལེ། 50ཡིན་ནའང་ཁོང་པ་ཡི་ལབ་ཀྱི་དོན་དག་གོ་ཁོང་པ་ཡི་ཕ་མ་ཡིས་ཧ་མ་གོ་པ་ལགས། 51དེ་ནས་ཡེ་ཤུ་ཕ་མ་ཀྱ་མུ་ལ་ན་ཙ་རེད་ལ་ལོག་སྟེ་ཕེབས་པ་ལགས། དེ་ནས་ཕ་མ་ཀྱ་ཡི་ཁ་ལ་མཉན་ཏེ་བཞུགས་པ་ལགས། ཡིན་ནའང་ཁོང་པ་ཡི་ཡུམ་གྱིས་དེ་ལབ་གི་རི་མོ་རི་སེམས་ནང་དུ་བསྡུས་རེ་བཞག་པ་ལགས། 52ཡེ་ཤུ་དཀོན་མཆོག་གི་ཐུགས་རྗེ་དང་མི་ཀྱ་ཡི་རྩི་མཐོང་ཐོབ་སྟེ་ཤེས་རབ་དང་སྐུ་གཟུགས་ལ་འཚར་ཏེ་སོང་བ་ལགས།།

Currently Selected:

ལུ་ཀ། 2: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in