ལུ་ཀ། 1
1
ངོ་སྤྲོད།
1འི་ཀི་གུང་དུ་བྱུང་བྱ་ལོ་རྒྱུས་ཀྱ་ཡི་སྐོར་ལ་མི་དམི་ཅིག་གི་མང་ང་ཡིས་བྲིས་འདུག། 2དེ་ལས་ཀ་གི་རི་འགོ་མ་ནས་མཐོང་ཐ་མི་ཀྱ་དང་བཀའ་ཡི་ཞབས་ཏོག་པ་ཡིན་གྱིན་མི་ཀྱ་ནས་འི་ཀིས་ཧ་གོ་གིན་ཅོག་རེ་འོ་དེ་ཀྱ་ཡིས་བྲིས་འདུག། 3ངས་འང་འོ་དེ་གི་རི་ཐོག་མ་ནས་ཞིབ་ལྟ་བྱས་བྱ་བྱས་རེ། ཁོང་པ་ཐེ་ཨོ་ཕི་ལུ་ལགས་ཀྱི་ཆེད་དུ་འོ་དེའི་སྐོར་ལ་འོ་དེ་དུས་ཚོད་ལ། གཅིག་གི་གཤམ་པ་ནས་གཅིག་བྱུང་བྱ་ཅོག་རེ་འབྲི་ཡས་གྲོས་བྱས་བའི། 4དེ་ནི་ཁྱེད་རང་ལ་གི་བསླབས་བླ་གོ་བདེན་པ་ལགས་སྨྲས་རེ་གཏན་གཏན་ཧ་གོ་ཡས་ཀྱི་ཆེད་དུ་ངས་བྲིས་བ་ལགས།
ཁྲུས་གསོལ་མཁན་ཡོ་ཧ་ནན་སྐྱེ་ཡས་ཀྱི་སྐོར་ལ་མངོན་ཤེས།
5ཧེ་རོ་དཱེ་ཡུ་དེ་ཡཱའི་རྒྱལ་བོ་འོད་དེ་གང་ལ། ཨ་བི་ཡཱ་སྨྲ་གིན་མཆོད་དཔོན་ཀྱ་ཡི་ཤོག་ཁག་ནས་ཟེ་ཀ་རི་ཡཱས་སྨྲ་གིན་མཆོད་དཔོན་གཅིག་འོད་ད་ལགས། ཁོའི་སྐྱེས་དམན་ཨ་རོན་བརྒྱུད་པ་ནས་ལགས། མོའི་མིང་ཨེ་ལི་ས་བེད་ལགས། 6ཁོང་གཉིས་ཀ་ར་དཀོན་མཆོག་གི་དྲུང་དུ་དྲང་པོ་འོད་ད་ལགས། དེ་ནས་དཀོན་མཆོག་གི་བཀའ་དང་ཁྲིམས་གི་རི་ནོར་བ་འཕྱུག་བ་མི་བྱེད་ད་བརྩིས་ལ་ལགས། 7ཡིན་ནའང་ཁོང་གཉིས་བོ་ལ་ཕྲུ་བ་མེད་ད་ལགས། གི་བྱས་རེ་སྨྲ་ན་ཨེ་ལི་ས་བེད་རབས་ཆད་ལགས། དེ་ནས་ཁོང་གཉིས་ཀ་ར་ཁ་རྒས་ཚར་འོད་ད་ལགས།
8ཞག་མོ་གཅིག་ཟེ་ཀ་རི་ཡཱས་ཁོ་རི་ཤོག་ཁག་གི་རེ་མོ་བབས་ཏེ། དཀོན་མཆོག་གི་དྲུང་དུ་མཆོད་དཔོན་གྱི་ལས་ཀ་བྱེད་འདིག་འོད་ད་ལགས། 9དེ་ནས་མཆོད་དཔོན་ཀྱ་ཡི་སྲོལ་ལ་རྟེན་ཏེ་མི་མང་ཆེ་ཡིས་ཟེ་ཀ་རི་ཡཱས་ལ་རྒྱན་བརྒྱབ་སྟེ། དཀོན་མཆོག་གི་མཆོད་ཁང་གི་མཆོད་ཁྲི་རུ་སྤོས་སྤར་ཡས་ལ་བདམས་པ་ལགས། 10སྤོས་སྤར་རི་གང་ལ་མི་མང་ཀྱ་མཆོད་ཁང་ཕི་ལ་གསོལ་བ་བརྒྱབ་བའི་འོད་ད་ལགས། 11དེ་ནས་སྤོས་སྤར་ས་མཆོད་ཁྲིའི་གཡས་ཕྱོགས་ལ་ནམ་མཁའི་བང་ཆེན་གཅིག་བཞེངས་རེ་བཞུགས་ཀྱིན་ཟེ་ཀ་རི་ཡཱས་ལ་མཇལ་བ་ལགས། 12དེ་ནས་ཟེ་ཀ་རི་ཡཱས་ནམ་མཁའི་བང་ཆེན་ལ་མཐོང་རེ་ཚོ་འཐོར་ཏེ་འཇིགས་པ་ལགས། 13ཡིན་ནའང་ནམ་མཁའི་བང་ཆེན་གྱིས་ཁོ་ལ་གསུངས་བ་ལགས། ཟེ་ཀ་རི་ཡཱས། མ་འཇིགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཁྱོས་གསོལ་བ་ཞུ་གིན་གོ་གསན་འདུག། ད་ཁྱོའི་སྐྱེས་དམན་ཨེ་ལི་ས་བེད་ཀྱིས་ཁྱོའི་ཕྱིར་ལ་བི་ཛ་གཅིག་སྐྱེ་གུ་ལགས། དེ་ནས་ཁྱོས་འོ་དེའི་མིང་ཡོ་ཧ་ནན་བཏོག། 14ཁྱོད་ལ་དགའ་སྤྲོ་དང་ཉམ་མོ་དགའ་འབྱུང་གི་ལགས། དེ་ནས་ཁོ་སྐྱེས་རེ་མི་དམི་ཅིག་གི་མང་ང་ཉམ་མོ་དགའ་གི་ལགས། 15གི་བྱས་རེ་སྨྲ་ན་ཁོ་གཙོ་བོ་དཀོན་མཆོག་གི་སྐུ་མདུན་དུ་ཁག་ཆེ་འོང་གི་ལགས། དེ་ནས་ཁོས་གུན་ཆང་ཡང་ན་གཞན་མ་ཆང་ཀྱ་འཐུང་ཡས་མེད་ད་ལགས། དེ་ནས་ཁོ་རི་ཨ་མའི་ཕོ་བ་རུ་འོད་ད་རང་། ཁོ་དམ་པའི་ཐུགས་ཉིད་ཀྱིས་ཁང་གི་ལགས། 16དེ་ནས་ཁོས་ཡིས་ར་ཨེལ་པ་མང་པོ་ལ་ཁོང་ཀྱ་ཡི་གཙོ་བོ་དཀོན་མཆོག་རྩ་རུ་ལོག་སྟེ་འཁྲིད་དེ་འོང་གི་ལགས། 17དེ་ནས་ཨ་རྒས་ཀྱ་ཡི་སེམས་ཁོ་རི་ཕྲུ་བ་ཀྱ་ཕྱོགས་ལ་ལོག་ཡས་དང་། ཁ་ལ་མེད་ཉན་མཁན་ཀྱ་ཡི་སེམས་དྲང་པོའི་ཤེས་རབ་ལ་བསྒྱུར་ཡས། དེ་ནས་གཙོ་བོའི་ཆེད་དུ་མི་མང་ཀྱ་གྲ་སྒྲིག་བྱེད་ཡས་ཀྱི་ཆེད་དུ། ཁོ་མངོན་ཤེས་མཁན་ཨེ་ལི་ཡཱ་ལ་འོད་ཀྱིན་ཐུགས་ཉིད་དང་དབང་གི་སྒོ་ནས་གཙོ་བོའི་ཨེན་ལ་ཕེབས་ཀྱི་ལགས།
18དེ་ནས་ཟེ་ཀ་རི་ཡཱས་ཀྱིས་ནམ་མཁའི་བང་ཆེན་ལ་ཞུས་བ་ལགས། དེ་འབྱུང་གི་ལགས་སྨྲས་རེ་ངས་གང་གི་བྱས་རེ་ཧ་གོ་ཡས། ང་ནི་རྒས་པོ་བྱུང་ཚར་ར་ལགས། དེ་ནས་ངའི་སྐྱེས་དམན་གྱི་ལོ་གོའང་སོང་ཚར་ར་ལགས།
19ནམ་མཁའི་བང་ཆེན་གྱིས་ཁོ་ལ་གསུངས་བ་ལགས། ང་དཀོན་མཆོག་གི་དྲུང་དུ་ལངས་རེ་བསྡད་ཀྱིན་གབ་རི་ཨེལ་ཡིན། ཁྱོད་ལ་ལབ་བཏང་ཡས་དང་འདི་གཏམ་བཟང་དེ་བཤད་ཡས་ལ་ང་ལ་བརྫངས་བ་ལགས། 20ངས་སྨྲ་གིན་ལབ་དེ་མ་འགྲུབ་ཀྱིན་ཐུག་པའི། ཁྱོད་ལབ་བཏང་མི་ཐུབ་ཀྱིན་འབྱུང་གི་ལགས། དེ་ནས་ལབ་བཏང་ཐུབ་ཀྱི་མ་ལགས། གི་བྱས་རེ་སྨྲ་ན་ངས་སྨྲས་ན་ལབ་དེ་དུས་ཚོད་ཏིག་ཏིག་ལ་འགྲུབ་ཀྱི་ལགས། ཡིན་ནའང་ཁྱོས་འདི་ལབ་ལ་ཡིད་ཆེས་མ་བྱས་སོང་།
21ད་མི་ཀྱ་ཟེ་ཀ་རི་ཡཱས་ལ་ཕི་ད་རུ་གུག་སྟེ་བསྡད་འོད་ད་ལགས། དེ་ནས་མཆོད་ཁང་ནང་དུ་དམི་ཅིག་གི་གོ་ར་བྱེད་ཀྱིན་གོ་ལ་ཧང་སངས་བ་ལགས། 22དེ་ནས་ཁོ་ཕི་ལ་ཐོན་ཏེ་གང་ལ་མི་ཀྱ་མུ་ལ་ལབ་བཏང་མ་ཐུབ་པ་ལགས། དེ་ནས་ཁོས་མི་ཀྱ་ལ་ལག་ཀ་ཡིས་མཛུབ་ཏེ་བྱས་བ་ལགས། ཡིན་ནའང་ལབ་བཏང་མི་ཐུབ་ཀྱིན་གོ་ཁོང་ཀྱ་ཡིས་མཐོང་རེ། ད་ཁོས་མཆོད་ཁང་ནང་དུ་མཐོང་སྣང་གཅིག་མཐོང་འདུག་སྨྲས་རེ་ཧ་གོ་པ་ལགས།
23ཟེ་ཀ་རི་ཡཱས་ཡི་ཞབས་ཏོག་གི་དུས་རིམ་རྫོགས་ཏེ་ཁོ་ཁོ་རི་ནང་ལ་སོང་བ་ལགས། 24དེ་ནས་འོ་དེ་གཤམ་ནས་ཁོའི་སྐྱེས་དམན་ཨེ་ལི་ས་བེད་ཀྱི་ཕོ་བ་ལ་ཕྲུ་བྱུང་བ་ལགས། དེ་ནས་ཟླ་བ་ལྔ་ཐུག་པའི་མོ་ནང་དུ་ཡིབས་ཏེ་བསྡད་པ་ལགས། 25དེ་ནས་མོས་སྨྲས་བ་ལགས། དཀོན་མཆོག་གིས་ང་ལ་ཐུགས་རྗེ་གཟིགས་ཏེ་མི་ཀྱ་ཡི་གདོང་དུ་ངའི་ངོ་ཚ་གོ་མེད་ཀྱིན་མཛད་སོང་།
ཡེ་ཤུ་འཁྲུང་ཡས་སྐོར་ལ་མངོན་ཤེས།
26-27ཨེ་ལི་ས་བེད་ཀྱི་ཕོ་བ་ལ་ཕྲུ་འོད་ཀྱིན་གྱི་ཟླ་བ་དྲུག་པ་གོ་ལ། དཀོན་མཆོག་གིས་གབ་རི་ཨེལ་སྨྲ་མཁན་ནམ་མཁའི་བང་ཆེན་ལ། ག་ལིལ་རྒྱལ་རབས་ཀྱི་ན་ཙ་རེད་སྨྲ་གིན་རྒྱལ་ས་རུ་མིར་ཡམ་སྨྲ་མཁན་བུ་མོ་ན་ཆུང་མ་རྩ་རུ་བརྫངས་བ་ལགས། མོ་དཱ་བིད་བརྒྱུད་པ་ཡི་ཡོ་སེབ་སྨྲ་མཁན་མི་གཅིག་མུ་ལ་མནའ་མ་ལ་བསླངས་རེ་བཞག་འོད་ད་ལགས།
28དེ་ནས་ནམ་མཁའི་བང་ཆེན་མོའི་རྩ་རུ་ཕེབས་ཏེ་གསུངས་བ་ལགས། ཐུགས་རྗེ་ཐོབ་ཐ་ཁྱོད་ལ་ཞི་བདེ་འོང་བར་ཤོག། དཀོན་མཆོག་ཁྱོའི་མུ་ལ་བཞུགས་འདུག། 29ཡིན་ནའང་ལབ་དེ་ལ་འཇིགས་ཏེ་ནམ་མཁའི་བང་ཆེན་གྱི་འཚམས་འདྲིའི་དོན་དག་གི་ཡིན་གྲོ་སྨྲས་རེ་མོ་མགོ་འཐོམས་པ་ལགས།
30དེ་ནས་ནམ་མཁའི་བང་ཆེན་གྱིས་མོ་ལ་གསུངས་བ་ལགས། མིར་ཡམ། མ་འཇིགས། གི་བྱས་རེ་སྨྲ་ན་དཀོན་མཆོག་ནས་ཁྱོད་ལ་ཐུགས་རྗེ་ཐོབ་འདུག། 31ད་ཉན། ཁྱོའི་ཕོ་བ་ལ་ཕྲུ་བྱུང་རེ་ཁྱོད་ལ་སྲས་གཅིག་འཁྲུང་གི་ལགས། དེ་ནས་ཁྱོས་འོ་དེ་སྲས་ཡི་མཚན་ཡེ་ཤུ་བཏགས་ཀྱི་ལགས། 32ཁོང་པ་དམི་ཅིག་གི་ཁག་ཆེ་འོང་གི་ལགས། དེ་ནས་བླ་ན་མེད་པའི་གཙོ་བོ་དཀོན་མཆོག་གི་སྲས་སྨྲས་རེ་ཞུ་གི་ལགས། དེ་ནས་གཙོ་བོ་དཀོན་མཆོག་གིས་ཁོང་པ་ལ་ཁོང་པ་ཡི་ཡབ་དཱ་བིད་ཀྱི་བཞུགས་ཁྲི་གནང་གི་ལགས། 33ཁོང་པ་ཡ་ཀོབ་ཀྱི་བརྒྱུད་པ་ཁར་ལ་དུས་རྒྱུན་དུ་དབང་བསྒྱུར་བྱེད་ཀྱི་ལགས། དེ་ནས་ཁོང་པ་ཡི་རྒྱལ་སྲིད་ཀྱི་མཐའ་ནམ་མའང་འབྱུང་གི་མ་ལགས།
34དེ་ནས་མིར་ཡམ་གྱིས་ནམ་མཁའི་བང་ཆེན་ལ་ཞུས་བ་ལགས། འདི་གང་གི་བྱས་རེ་འབྱུང་གི་ལགས་སེ། གི་བྱས་རེ་སྨྲ་ན་ང་བུ་མོ་ན་ཆུང་གཙང་མ་གཅིག་ཡིན།
35ནམ་མཁའི་བང་ཆེན་གྱིས་ལན་བསློགས་པ་ལགས། དམ་པའི་ཐུགས་ཉིད་ཁྱོའི་ཁར་ལ་བབ་ཀྱི་ལགས། དེ་ནས་བླ་ན་མེད་པའི་དཀོན་མཆོག་གི་དབང་གིས་ཁྱོད་ལ་གྲིབ་ཇག་གིས་བཀབ་ཀྱིན་ཅོག་རེ་བཀབ་ཀྱི་ལགས། འོ་བྱས་རེ་སྲས་འཁྲུང་ཡས་གོ་དམ་པ་དང་དཀོན་མཆོག་གི་སྲས་སྨྲས་རེ་འབོད་ཀྱི་ལགས། 36ད་ཉན། ཁྱོའི་སྤུན་ཟླ་ཨེ་ལི་ས་བེད་ཁ་རྒས་རེ་ཕྲུ་མེད་སྐྱེ་གིན་རབས་ཆད་བྱས་རེའང་། ད་ལྟ་མོའི་ཕོ་བ་ལ་ཕྲུ་བྱུང་རེ་ཟླ་བ་དྲུག་བྱུང་ཚར་ར་ལགས། 37གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་མཛད་མི་ཐུབ་ཀྱིན་གིའང་མེད་ད་ལགས།
38དེ་ནས་མིར་ཡམ་གྱིས་ཞུས་བ་ལགས། ང་དཀོན་མཆོག་གི་གཡོག་མོ་ཡིན། ཁྱེད་རང་གིས་གསུངས་ཀྱིན་ཅོག་རེ་ང་ལ་འོང་བར་ཤོག།
དེ་ནས་ནམ་མཁའི་བང་ཆེན་གོ་འོ་དེ་ནས་ལོག་སྟེ་ཕེབས་པ་ལགས།
མིར་ཡམ་དང་ཨེ་ལི་ས་བེད་ཀྱི་ཐུག་འཕྲད།
39དེ་ནས་ཞག་མོ་ག་ཞིང་གཤམ་ནས་མིར་ཡམ་ཚ་དྲག་བྱས་རེ་ཡུ་དེ་ཡཱའི་རི་ཕྱོགས་ཀྱི་ཡུལ་གཅིག་ལ་སོང་བ་ལགས། 40འོ་དུ་རུ་མོ་ཟེ་ཀ་རི་ཡཱས་ཀྱི་ནང་དུ་འཛུལ་རེ་ཨེ་ལི་ས་བེད་ལ་འཚམས་འདྲི་ཞུས་བ་ལགས། 41དེ་ནས་མིར་ཡམ་གྱི་སྐད་གོ་སྟེ་ཨེ་ལི་ས་བེད་ཀྱི་ཕོ་བ་ནང་གི་ཕྲུ་གོ་འགུལ་འགུལ་བྱས་བ་ལགས། དེ་ནས་ཨེ་ལི་ས་བེད་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ། 42སྐད་ཆེ་ལ་སྨྲས་བ་ལགས།
སྐྱེས་དམན་གི་རི་ནས་ཁྱོད་བྱིན་རླབས་ཆེ། དེ་ནས་ཁྱོའི་ཕོ་བ་ནང་གི་ཕྲུ་གོའང་བྱིན་རླབས་ཆེ། 43ཡིན་ནའང་ངའི་གཙོ་བོའི་ཡུམ་ངའི་རྩ་རུ་ཕེབས་ཀྱིན། དེ་རེ་བཀའ་དྲིན་ང་ལ་གང་གི་བྱས་རེ་བྱུང་བ་ལེ། 44ལྟོས་དང་། ཁྱོས་འཚམས་འདྲིའི་སྐད་ངའི་ཨམ་མཆོག་གིས་གོ་ལུང་མེད་ད་ལ། ངའི་ཕོ་བ་ནང་གི་ཕྲུ་ཉམ་མོ་དགྱེས་རེ་འགུལ་སོང་། 45གཙོ་བོའི་མོ་ལ་གསུངས་ཀྱིན་གོ་འགྲུབ་ཀྱི་ལགས་སྨྲས་རེ་ཡིད་ཆེས་བྱེད་ཀྱིན་མོ་གིན་གྱི་བྱིན་རླབས་ཆེ།
མིར་ཡམ་གྱིས་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་བ།
46དེ་ནས་མིར་ཡམ་གྱིས་སྨྲས་བ་ལགས།
ངའི་སྙིང་ནས་གཙོ་བོ་ལ་བསྟོད་སྒྲ།
47དཀོན་མཆོག་ངའི་སྐྱབས་མགོན་ལ་ངའི་སེམས་དགའ་བ།
48གི་བྱས་རེ་སྨྲ་ན་ཁོང་པ་ཡིས་རང་གི་གཡོག་མོ་ཉམ་ཆུང་ལ་གཟིགས་བ་མཛད་འདུག།
ད་དེ་ནས་ཧ་ལ་མི་རབས་གི་རི་ཡིས་ང་ལ་བྱིན་རླབས་ཆེ་སྨྲས་རེ་འབོད་ཀྱི་ལགས།
49གི་བྱས་རེ་སྨྲ་ན་ཁོང་པ་ཀུན་དབང་གིས།
ངའི་ཕྱིར་ལ་ཕྱག་ལས་ཆེ་མཛད་འདུག།
ཁོང་པ་ཡི་མཚན་ནི་དམ་པ་ལགས།
50ཁོང་པ་ལ་བརྩིས་མཁན་ཀྱ་ལ་ཁོང་པ་ཡིས་ཐུགས་རྗེ། མི་རབས་ནས་མི་རབས་ཐུག་པའི་ཁྱབ་བ་མཛད་ཀྱི་ལགས།
51ཁོང་པ་ཡི་ཕྱག་གིས་ཧང་སང་གིན་ཕྱག་ལས་ཀྱ་མཛད་འོད་ད་ལགས།
དེ་ནས་རང་གི་སེམས་ནང་གི་བསམ་བློ་ཀྱ་ལ་སྤོབས་བ་སྐྱེས་རེ་བསྡད་མཁན་ཀྱ་ལ། ཁོང་པ་ཡིས་ཕྲད་འཐོར་རེ་མཛད་འོད་ད་ལགས།
52ཁོང་པ་ཡི་དབང་བྱེད་མཁན་ཀྱ་ལ་ཁོང་ཀྱ་ཡི་ཁྲི་ནས་མ་ལ་པབ་བ་མཛད་འོད་ད་ལགས།
དེ་ནས་ཉམ་ཆུང་ཀྱ་ལ་སྟོད་ལ་བཏག་མཛད་འོད་ད་ལགས།
53ཁོང་པ་ཡིས་ལྟོགས་ཏེ་བསྡད་ད་ཀྱ་ལ་བཟང་ང་ཡིས་ཁངས་ང་མཛད་འོད་ད་ལགས།
དེ་ནས་ཕྱུག་པོ་ཀྱ་ལ་ཁོང་པ་ཡིས་སྟོང་པ་བཏོན་མཛད་འོད་ད་ལགས།
54-55ཁོང་པ་ཡིས་འོ་རི་དང་པའི་ཕ་མ་ཀྱ་ལ་དམ་བཅའ་མཛད་ཛ་ཅོག་རེ།
ཨབ་ར་ཧམ་དང་ཁོའི་བརྒྱུད་པ་ཀྱ་ལ་མཐའ་མེད་པའི་ཐུགས་རྗེ་གཟིགས་ཡས་གོ་དྲན་གསོ་མཛད་དེ།
རང་གི་གཡོག་པོ་ཡིས་ར་ཨེལ་ལ་རོགས་རམ་མཛད་འོད་ད་ལགས།
56དེ་ནས་མིར་ཡམ་ཨེ་ལི་ས་བེད་མུ་ལ་ཟླ་བ་གསུམ་ཐུག་པའི་བསྡད་པ་ལགས། དེ་ནས་མོ་རི་ནང་ལ་ལོག་པ་ལགས།
ཁྲུས་གསོལ་མཁན་ཡོ་ཧ་ནན་སྐྱེས་བ།
57ད་ཨེ་ལི་ས་བེད་ཀྱི་ཕྲུ་སྐྱེ་གིན་དུས་ཚོད་བྱུང་རེ་མོ་ལ་ཕྲུ་བི་ཛ་གཅིག་སྐྱེས་བ་ལགས། 58དེ་ནས་དཀོན་མཆོག་གིས་མོ་ལ་ཐུགས་རྗེ་ཆེ་མཛད་འདུག་སྨྲས་རེ་ཧ་གོ་སྟེ། མོའི་ཁྱིམ་མཚེས་ཀྱ་དང་སྤུན་ཟླ་ཀྱ་མོའི་མུ་ལ་ཉམ་མོ་དགྱེས་བ་ལགས། 59ཕྲུ་སྐྱེ་གིན་གྱི་ཞག་མོ་བརྒྱད་གོ་ལ་ལྤགས་བོ་བཅད་ཀྱིན་སྲོལ་#༡:༥༩ ཡ་ཧུ་དཱ་པ་ཀྱ་དཀོན་མཆོག་གི་མི་ལགས་སྨྲ་གིན་རྟགས་བརྒྱབ་ཡས་ལ། འདི་སྲོལ་དེ་བི་ཛ་གི་རི་ལ་བྱེད་དགོས་ལ་ལགས།བྱས་རེ། ཁོའི་མིང་གོ་ཁོ་རི་ཨ་རྒས་ཀྱི་མིང་ཅོག་རེ་ཟེ་ཀ་རི་ཡཱས་བཏགས་ཡས་བྱས་བ་ལགས། 60ཡིན་ནའང་ཁོའི་ཨ་མ་ཡིས་སྨྲས་བ་ལགས། མ་ལགས། ཁོའི་མིང་ཡོ་ཧ་ནན་སྨྲ་གུ་ལགས།
61ཁོང་ཀྱ་ཡིས་ཨེ་ལི་ས་བེད་ལ་སྨྲས་བ་ལགས། ཁྱོའི་སྤུན་ཟླ་ཀྱ་ནས་དེ་རེ་མིང་འོད་ཀྱིན་སུའང་མེད་ད་ལགས། 62དེ་ནས་ཁོང་ཀྱ་ཡིས་བི་ཛའི་ཨ་རྒས་ལ་ཁོའི་མིང་གི་བཞག་ཉིད་འདོད་དེ་སྨྲས་རེ་ལག་ཀ་ཡིས་མཛུབ་ཏེ་བྱས་རེ་དྲིས་བ་ལགས། 63ཁོས་ཡིག་འབྲི་ས་གཅིག་བསླངས་རེ་ཁོའི་མིང་ཡོ་ཧ་ནན་ལགས་སྨྲས་རེ་བྲིས་པ་ལགས། དེ་ནས་ཁོང་གི་རི་ཧང་སངས་བ་ལགས། 64དེ་ནས་ཨུ་ཀུ་ར་གཅིག་ལ་ཁོའི་ཁ་བས་རེ་ལྩེ་མོ་གྲོལ་རེ་ཁོ་ལབ་བཏང་ཐུབ་ཀྱིན་བྱུང་བ་ལགས། དེ་ནས་ཁོས་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་བ་ལགས། 65ཁོའི་ཁྱིམ་མཚེས་གི་རི་ལ་འཇིགས་སྐྲག་བྱུང་བ་ལགས། དེ་ནས་དེ་ལབ་གོ་ཡུ་དེ་ཡཱ་རིའི་ཡུལ་གི་རི་ལ་གྲམ་པ་ལགས། 66ལབ་ཉན་མཁན་གི་རི་ཡིས་རང་རང་གི་སེམས་ལ་སྨྲས་བ་ལགས། འདི་བི་ཛ་དེ་གཤམ་ལ་ག་རེ་གཅིག་འབྱུང་ཡས་ཡིན་གྲོའི། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་དབང་ཁོའི་ཁར་ལ་འོད་ད་ལགས།
ཟེ་ཀ་རི་ཡཱས་ཀྱི་མངོན་ཤེས།
67ཕྲུ་ཨ་རྒས་ཟེ་ཀ་རི་ཡཱས་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་མངོན་ཤེས་བཤད་པ་ལགས།
68ཡིས་ར་ཨེལ་གྱི་གཙོ་བོ་དཀོན་མཆོག་ལ་བསྟོད་སྒྲ་འོང་བར་ཤོག།
གི་བྱས་རེ་སྨྲ་ན་ཁོང་པ་རང་གི་མི་ཀྱ་རྩ་རུ་ཕེབས་འདུག། དེ་ནས་ཁོང་ཀྱ་ལ་ཐར་པ་གནང་འདུག།
69ཁོང་པ་ཡིས་རང་གི་གཡོག་པོ་དཱ་བིད་ཀྱི་བརྒྱུད་པ་ནས།
འོ་རི་ཕྱིར་ལ་ཐར་པའི་རྭ་ཀྱོག་གཅིག་བསླངས་ང་མཛད་འདུག།
70དེ་ནི་ཁོང་པ་ཡིས་ཨེན་མ་ནས་རང་རང་གི་དམ་པའི་མངོན་ཤེས་མཁན་ཀྱ་ཡི་ཐོག་ནས་གསུངས་བ་ལགས།
71འོ་རང་ལ་འོ་རི་དགྲ་ཀྱ་དང་།
འོ་རང་ལ་སྡང་ང་བྱེད་མཁན་ཀྱ་ཡི་ལག་ཀ་ནས་སྐྱོབ་ཡས་ལ་འོ་དེ་མཛད་པ་ལགས།
72ཁོ་པ་ཡིས་འོ་རི་དང་པའི་མེ་མེ་ཀྱ་ལ་སྙིང་རྗེ་མཛད་ཡས།
དང་རང་གི་དམ་པའི་དམ་བཅའ་གོ་དྲན་གསོ་མཛད་ཡས་ལ།
73འོ་དེ་འོ་རི་ཡབ་ཨབ་ར་ཧམ་མུ་ལ་ཁོང་པ་ཡིས་དབུ་མནའ་བཞེས་བ་ལགས།
74-75འོ་དེ་གོ་འོ་རང་ལ་འོ་རི་དགྲ་ཀྱ་ཡི་ལག་ཀ་ནས་སྐྱོབ་ཡས།
དང་འོ་རི་མི་ཚེ་གང་ཚང་དམ་པ་དང་དྲང་པོ་བྱུང་རེ།
ཁོང་པ་ཡི་རྐུ་མདུན་དུ་འོ་རང་འཇིགས་སྐྲག་མི་བྱེད་ད་ཁོང་པ་ལ་ཞབས་ཕྱི་ཞུ་ཡས་ལགས།
76-77དེ་ནས་ངའི་བུ་ཁྱོད་བླ་ན་མེད་པའི་དཀོན་མཆོག་གི་མངོན་ཤེས་མཁན་སྨྲས་རེ་འབོད་ཀྱི་ལགས།
གི་བྱས་རེ་སྨྲ་ན་ཁྱོད་གཙོ་བོའི་ཕེབས་ལམ་གྲ་སྒྲིག་བྱེད་ཡས།
དང་ཁོང་པ་ཡི་མི་ཀྱ་ལ་ཁོང་ཀྱ་ཡི་སྡིག་པ་སེལ་རེ་འོ་དེ་ཐོག་ནས་ཐར་པའི་ཤེས་རབ་གནང་ཡས་ལ།
ཁྱོད་གཙོ་བོ་ཕེབས་ཡས་ཨེན་ལ་འགྲོ་གི་ལགས།
78འོ་རི་དཀོན་མཆོག་གི་བྱམས་སྙིང་རྗེ་ཡིས་བྱས་རེ།
ཁོང་པ་ཡི་ཐར་བའི་འོད་ནམ་མཁའི་ཞིང་ཁམས་ནས་བཏང་ང་མཛད་ཀྱི་ལགས།
79དེ་ནས་མིན་ནག་པ་དང་ཤི་བའི་གྲིབ་ཇག་ལ་བསྡད་མཁན་ཀྱ་ལ་ཐར་བའི་འོད་འཐོབ་ཀྱི་ལགས།
དེ་ནས་འོ་རང་ལ་ཞི་བདེའི་ལམ་ལ་འཁྲིད་ཀྱི་ལགས།
80དེ་ནས་ཕྲུ་ཡོ་ཧ་ནན་ལུས་ལ་འཚར་ཏེ་སེམས་ལ་ཤུགས་ཆེ་བྱུང་བ་ལགས། དེ་ནས་ཡིས་ར་ཨེལ་པ་ཀྱ་ཡི་ཁོག་ཏུ་མངོན་སུམ་དུ་མ་མངོན་གྱིན་ཐུག་པའི། ཁོ་རི་སྟོང་ཕྱོགས་ལ་རང་བསྡད་པ་ལགས།།
Currently Selected:
ལུ་ཀ། 1: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society